མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དང་ལྷན་དུ་འབྲེལ་ལམ་ཡོངས་མཚམས་འཇོག་བྱས་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༢༥/༠༨/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཕེ་ཌར་པཱ་ཝལ་ལགས་ནས་ལ་དྭགས་སུ་༸གོང་ས་མཆོག་ལ་མཇལ་བཅར་ཞུས་པ་དང་འབྲེལ། རྒྱ་ནག་གཞུང་གིས་སྲིད་འཛིན་ཕེ་ཌར་པཱ་ཝལ་ལགས་དང་ལྷན་དུ་འབྲེལ་ལམ་ཡོངས་མཚམས་འཇོག་བྱས་པའི་གསལ་བསྒྲགས་སྤེལ་འདུག

On 27 July 2025, His Holiness the 14th Dalai Lama met Czech President Petr Pavel at Shewatsel Phodrang in Leh, Ladakh. Photo Credit: Office of the Dalai Lama

ཁ་སང་རྒྱ་ནག་གཞུང་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཕེ་ཌར་པཱ་ཝལ་ལགས་དང་ལྷན་དུ་ཡོད་པའི་ཕྱོགས་གཉིས་བར་གྱི་འབྲེལ་ལམ་ཡོངས་རྫོགས་མཚམས་འཇོག་བྱས་པའི་གསལ་བསྒྲགས་སྤེལ་འདུག་ཅིང་། དེ་ནི་ཉེ་ལམ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཕེ་ཌར་པཱ་ཝལ་ལགས་ནས་ལ་དྭགས་སུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཆེད་དུ་མཇལ་བཅར་ཞུས་པར་རྒོལ་ལན་བསློགས་པ་ཡིན་ཚུལ་གྱི་རྒྱུ་མཚན་བགྲངས་འདུག

དེ་འབྲེལ་ཅེཀ་སྤྱི་མཐུན་རྒྱལ་ཁབ་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཕེ་ཌར་པཱ་ཝལ་ལགས་ནས་ལ་དྭགས་སུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་པ་དེས་རྒྱ་ནག་གི་མངའ་ཁོངས་བདག་དབང་དང་བརྟན་བརླིང་ལ་གནོད་སྐྱོན་བཏང་ཡོད། རྒྱ་ནག་གིས་སྲིད་འཛིན་ཕེ་ཌར་པཱ་ཝལ་ལགས་སུ་༸གོང་ས་མཆོག་ལ་མཇལ་བཅར་ཞུ་བར་དགག་བྱ་བཏོན་ཡོད་པ་མ་ཟད། ཅེཀ་སྤྱི་མཐུན་གཞུང་ལ་རྣམ་པ་ཤུགས་ཆེན་པོའི་ཐོག་ནས་ངོ་རྒོལ་བྱས་ཡོད། ཕེ་ཌར་པཱ་ཝལ་ལགས་ཀྱི་འཁྲུག་རྐྱེན་སློང་བའི་བྱ་སྤྱོད་ཀྱི་ཉེན་ཚབས་ལ་བརྟེན་ནས། རྒྱ་ནག་གིས་ཁོང་དང་ལྷན་དུ་འབྲེལ་ལམ་ཡོངས་མཚམས་གཅོད་པའི་ཐག་བཅད་བླངས་ཡོད། ཅེས་བརྗོད་འདུག་ལ། ད་ལྟའི་ཆར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱོགས་ནས་གནད་དོན་དེའི་ཐད་བརྡ་ལན་གང་ཡང་བརྒྱབ་མི་འདུག

ཡང་ཕྱི་ཟླ་ ༧  ཚེས་ ༢༨ ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ངོ་རྒོལ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། སྲིད་འཛིན་ཕེ་ཌར་པཱ་ཝལ་ལགས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་ཚེ་རིང་ལགས་སུ་ཐུག་འཕྲད་ཞུས་པར་མཐའ་ཅིག་ཏུ་ངོ་རྒོལ་ཡོད། ཅེས་དང་། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་བརྩི་སྲུང་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་གོང་འཕེལ་གཏོང་དགོས་པ་ལས། བོད་རང་བཙན་གྱི་ཁ་བྲལ་ཕྱོགས་ཁག་ལ་རྒྱབ་སྐྱོར་བྱ་རྒྱུ་མཚམས་འཇོག་དགོས་ཞེས་བརྗོད་ཡོད།

ཕྱི་ཟླ་ ༧ ཚེས་ ༢༧ ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཕེ་ཌར་པཱ་ཝལ་ལགས་ལ་དྭགས་སུ་ཆེད་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུ་བར་ཕེབས་འབྱོར་བྱུང་ཞིང་།  སྐབས་དེར་ལ་དྭགས་གླེའི་གནམ་ཐང་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བཀའ་བློན་རྣམ་པས་ཕེབས་བསུའི་སྣེ་ལེན་ཞུས་ཡོད། སྲིད་འཛིན་ཕེ་ཌར་པཱ་ཝལ་ལགས་དབུས་པའི་ཅེཀ་སྐུ་ཚབ་ཚོགས་ཆུང་གིས་ཁྲིག་སེ་དགོན་པར་གནས་མཇལ་གྲུབ་རྗེས་༧གོང་ས་རྒྱལ་བ་རིན་པོ་མཆོག་ལ་མཇལ་བཅར་ཞུས་ཡོད་པ་དང་།  སྐབས་དེར་སྲིད་འཛིན་པཱ་ཝལ་ལགས་ཀྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཅིཀ་སྤྱི་མཐུན་རྒྱལ་ཁབ་ནང་ཐེངས་ ༡༡ ཞབས་ཀྱིས་བཅགས་ཡོད་ལ། ང་ལ་མཚོན་ན། ཁོང་ད་རེས་ལན་གཅིག་མཇལ་རྒྱུ་བྱུང་བ་དེ་ཧ་ཅང་གིས་དགའ་ཚོར་དང་གཟི་བརྗིད་ལྡན་པ་ཞིག་ཡིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་རང་བཙན་དགོས་ཚུལ་གསུངས་ཀྱི་མེད། ༧མགོན་པོ་གང་ཉིད་ནས་གཉིས་ཕན་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་བའི་དགོངས་གཞི་གཙོ་བོ་དང། ཆོས་དད་རང་དབང་། སྨྲ་བརྗོད་རང་དབང་། བོད་མི་རྣམས་ལ་སྐད་ཡིག་བཀོལ་སྤྱོད་སོགས་ཀྱི་རང་དབང་དགོས་ཀྱི་ཡོད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་གསུངས་འདུག

དེའི་རྗེས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་མཆོག་གིས་ལ་དྭགས་སུ་བོད་མི་རྣམས་ལ་གསུང་བཤད་གནང་སྐབས། ང་ཚོ་ནི་ཡུ་རོབ་རྒྱལ་ཁབ་ཀྱི་སྙིང་དབུས་སུ་ཡོད་པའི་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནས་ཡོང་བ་ཡིན། ང་ཚོའི་རྒྱལ་ཁབ་ཀྱི་རིག་གཞུང་དང་ལོ་རྒྱུས། དེ་བཞིན་ད་ལྟའི་གནས་སྟངས་སོགས་གང་ཅིའི་ཐད་ནས་མི་འདྲ་རུང་། ཚང་མ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་མི་ཚེ་དོན་སྙིང་ལྡན་པ་ཞིག་དང་། ང་ཚོའི་བྱིས་པ་ཚོར་མ་འོངས་པ་བཟང་པོ་ཞིག་ཡོང་ཐབས་བྱེད་པའི་དམིགས་ཡུལ་གཅིག་མཚུངས་ཡིན། ང་ཚོས་ད་རེས་བོད་དོན་རྒྱབ་སྐྱོར་མཚོན་ཆེད་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་པ་ཡིན། ཁྱེད་ཀྱི་སྐད་ཡིག་དང་ཆོས་ལུགས། རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་དེ་ནི་ཁྱེད་ཚོའི་གཞི་རྩའི་ཐོབ་ཐང་ཡིན། ཞེས་དང་། ཁོང་གིས་བོད་མི་རྣམས་ཕྱིར་རང་ཡུལ་དུ་ལོག་ཐུབ་པའི་རེ་བ་ཡོད་སྐོར་བཅས་གསུངས་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

ཆུ་ཚོད་ ༢༠ སྔོན་ལ།
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese