མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྡི་ལི་བསམ་ཡས་གླིང་གི་བོད་མི་ཚོས་ས་ཆ་རྣམས་ཁྲིམས་མཐུན་དེབ་སྐྱེལ་ཚགས་ཚུད་གནང་དགོས་སྐོར་ལམ་སྟོན་གནང་།

བོད་ཀྱི་དུས་བབ།
༢༠༢༥/༠༨/༡༤
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཁུལ་གྱི་མངའ་སྡེ་ལྔའི་ནང་ཡོད་པའི་བོད་མིའི་གཞིས་ཆགས་ཁག་གི་ནང་གཞུང་འབྲེལ་གཟིགས་སྐོར་ཐེངས་གཉིས་པ་གནང་བཞིན་པ་འགྲུབ་ལ་ཉེ་ཡི་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དྷ་ལ་ཧོ་སི་ཕུན་ཚོགས་གླིང་དུ་གཟིགས་སྐོར་གནང་། ༢༠༢༥།༨།༡༤ བོད་མིའི་སྒྲིག་འཛུགས་ཀྱི་པར།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཁག་ཏུ་འཚམས་གཟིགས་ཐེངས་གཉིས་པ་གནང་བཞིན་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༡༣ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་རྒྱ་གར་བྱང་ཕྱོགས་པན་ཇབ་མངའ་སྡེའི་གྲོང་ཁྱེར་ཨམ་རིཊ་སར་བརྒྱུད་ཌལ་ཧོར་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་བྱུང་ཡོད་ཅིང་།  སྲིད་སྐྱོང་མཆོག་གིས་ས་གནས་ཀྱི་བློ་གསལ་གླིང་དང་། སྒྲོལ་མ་ལྷ་ཁང་སོགས་སུ་མཆོད་མཇལ་ཞུས་ཡོད་པ་དང་། དེ་བཞིན་ས་གནས་བོད་མིའི་ཁྲོམ་ར་དང་། ཌལ་ཧོར་གཏན་འཇགས་སློབ་གྲྭ། ལས་ཁུངས་ཁག་བཅས་ཀྱི་ནང་གཟིགས་ཞིབ་གནང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་སྲིད་སྐྱོང་མཆོག་གིས་ལྡི་ལི་བུད་ཝི་ཧར་དང་བོད་སྒར་བསམ་ཡས་གླིང་གཉིས་སུ་འཚམས་གཟིགས་གནང་ཡོད་ཅིང་། སྐབས་དེར་སྲིད་སྐྱོང་མཆོག་གིས། བསམ་ཡས་གླིང་ནི་བོད་ཀྱི་བུད་མེད་ལྷན་ཚོགས་དང་། གཞོན་ནུ་ལྷན་ཚོགས། ས་གནས་མགོ་འཛིན་ལས་ཁུངས་སོགས་ཀྱིས་བོད་དོན་གྱི་ལས་འགུལ་སྤེལ་ས་གཙོ་བོ་ཞིག་ཆགས་ཡོད་དུས། ག་དུས་ཡིན་ཡང་རེ་བ་རྒྱག་ས་རྣམ་པ་ཚོ་ཆགས་ཡོད། འདིར་གཏན་སྡོད་བྱེད་མཁན་རྣམས་ཀྱིས་ལྷག་བསམ་རྣམ་དག་བྱེད་བཞིན་ཡོད་ཀྱང་། ཕྱི་ནས་ཡོང་བའི་མིས་ས་གནས་འདི་བརྒྱུད་ནས་ཁྲིམས་འགལ་གྱི་ལས་ཀ་རིགས་བྱས་ཚེ། འབྲེལ་ཡོད་འགན་འཁུར་བ་རྣམས་ལ་བརྡ་ལན་སྤྲོད་དགོས་རེད་མ་གཏོགས་མི་ཁ་ཤས་ཀྱི་ཆེད་དུ་སྤྱི་ཚོགས་ཡོངས་སུ་དཀའ་ངལ་འཕྲད་སྲིད་པ་དང་།  ང་ཚོའི་ངོས་ནས་གནས་ཚུལ་དེ་རིགས་བྱུང་ཚེ་ངེས་པར་དུ་འགན་འཁུར་དགོས།  ཞེས་དང་། ཕྱི་ལོ་ ༢༠༡༩ ནས་བཟུང་རྒྱ་གར་གཞུང་གིས་ས་ཆ་ཡོངས་རྫོགས་ཁྲིམས་མཐུན་གྱི་དེབ་སྐྱེལ་གནང་ཡོད་པར་བརྟེན། ལྡི་ལི་ཁུལ་གྱི་བོད་པའི་ཁྱིམ་ཚང་རྣམས་ཀྱིས་ཁྲིམས་མཐུན་དེབ་སྐྱེལ་བྱ་དགོས་པ་དང་། རྒྱ་གར་གཞུང་གིས་བཙན་བྱོལ་བོད་པར་ལྟ་རྟོག་བྱེད་བཞིན་ཡོད་པའི་ཁྲོད། ལྡི་ལི་བསམ་ཡས་གླིང་གཞིས་ཆགས་དམིགས་བསལ་ཐོག་འདིར་བཞག་པའི་གནས་སྟངས་ཤེས་པའི་ཐོག  ས་གནས་ཀྱི་ཁྲིམས་འཁུར་དགོས་པ་གནད་འགག་ཆེན་པོ་ཡིན་སྐོར་སོགས་གསུངས་འདུག

སྲིད་སྐྱོང་མཆོག་གིས་ལྡི་ལི་བསམ་ཡས་གླིང་བོད་ཁྱིམ་སློབ་གྲྭའི་གཟིགས་སྐོར་གནང་། ༢༠༢༥།༠༨།༡༣ བོད་མིའི་སྒྲིག་འཛུགས་ཀྱི་པར།

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ནེ་ནི་ཏཱལ་ཨ་ཤེ་དབྱངས་སྐྱིད་དྲན་རྟེན་ཕུན་ཚོགས་བདེ་ལྡན་ཚོགས་ཁང་དུ། སྲིད་སྐྱོང་མཆོག་གིས་ས་གནས་མི་མང་ལ་གསུང་བཤད་གནང་ཡོད་ཅིང་། སྐབས་དེར་སྲིད་སྐྱོང་མཆོག་གིས་ཆབ་སྲིད་ཀྱི་གནད་དོན་ལ་མཚོན་ན། ང་ཚོས་དབུ་མའི་ལམ་གྱི་སྐོར་བཤད་སྐབས་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་དགོས་ན་རྒྱ་ནག་དང་གྲོས་མོལ་མེད་པའི་ལམ་གཞན་ཞིག་མེད། དེ་ཡང་རྒྱ་ནག་གིས་ཡ་ལན་མ་སྤྲད་བར་དུ་བོད་རྒྱའི་དཀའ་རྙོག་སེལ་བར་ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་སྙོབ་དགོས་ཀྱི་ཡོད། རྒྱལ་ཁབ་སུ་འདྲ་ཞིག་དང་འབྲེལ་བ་བྱེད་སྐབས་འདིའི་ཁེ་ཕན་དང་སྦྱར་ཐུབ་ན་བོད་དོན་ཐོག་རྒྱབ་སྐྱོར་ཡོང་བའི་རེ་བ་ཡོད། སྐབས་དེར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཁོ་ན་མ་ཡིན་པར་རྒྱལ་ཁབ་གཉིས་ཀྱི་གནད་དོན་ཡིན་པ་ཤེས་དགོས་ཀྱི་ཡོད། ཅེས་གསུངས་འདུག

སྲིད་སྐྱོང་མཆོག་གིས་ཝ་ར་ཎ་སིའི་མཆོད་རྟེན་རིན་པོ་ཆེར་གནས་མཇལ་ཞུས། ༢༠༢༥།༠༨།༧ བོད་མིའི་སྒྲིག་འཛུགས་ཀྱི་པར།

ཟླ་འདིའི་ཕྱི་ཚེས་ ༧ ཉིན་སྲིད་སྐྱོང་མཆོག་གིས་ཝཱ་ཎ་བོད་དགོན་བཤད་སྒྲུབ་འདོད་རྒུ་འཁྱིལ་དང་། སཱར་ནཱཐ་ཆོས་འཁོར་བསྐོར་བའི་གནས། སཱ་ར་ནཱ་ཐ་ཆོས་འཁོར་བསྐོར་བའི་གནས་དྲི་གཙང་ཁང་། ཝཛྲ་ཝིདྱ་གཙུག་ལག་སློབ་གཉེར་ཁང་། ཨོ་རྒྱན་བསམ་ཡས་ཆོས་འཁོར་གླིང་དགོན། གཡུ་ལོ་བཀོད་སྒྲོལ་མ་ལྷ་ཁང་བཅས་སུ་གནས་གཟིགས་ཕེབས་ཡོད་ཅིང་། དེ་བཞིན་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཨ་ཏཱི་ཤ་ཚོགས་ཁང་དུ་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་ཡོད་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་པའི་སློབ་ཕྲུག་གི་གྲངས་འབོར་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་ཕྲུག་མང་དུ་འགྲོ་བཞིན་ཡོད། ཡིན་ནའང་ང་ཚོ་མི་རིགས་གཅིག་དང་། རིག་གཞུང་གཅིག སྒོས་སུ་ཆོས་དེ་གཅིག་པ་ཡིན། ཝཱ་ཎ་མཐོ་སློབ་ལྟ་བུ་ཡིན་ན་སྒྲིག་འཛུགས་ཀྱི་ཆ་ནས་རྩ་ཆེན་པོ་ཞིག་ཆགས་ཡོད་ཅིང་། སྒྲིག་འཛུགས་འདི་བརྒྱུད་ནས་སློབ་ཕྲུག་མང་པོ་ཞིག་ཐོན་ཡོད་ལ། བོད་པའི་སྤྱི་ཚོགས་ནང་དུ་འགན་འཁུར་མཁན་མང་པོ་ཞིག་བྱུང་ཡོད། ཅེས་དང་། དེ་བཞིན་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་། རྒྱ་གཞུང་གི་ཆབ་སྲིད་འགྱུར་བར་གདོང་ལེན་བྱེད་ཕྱོགས། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་བསྟུན་ནས་འགྱུར་བ་གཏོང་དགོས་རིགས་སོགས་ཀྱི་ཐོག་དྲི་བར་ལན་འདེབས་བཅས་གནང་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༣ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese