༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ ནས་ངོས་ཀྱིས་དངོས་ཡོད་གནས་ཚུལ་ རན་པར་དཀར་ཕྱོགས་སྐྱོང་བའི་བོད་ གངས་ཅན་གྱི་ལྷ་སྲུང་ཚོར་ལྷག་བསམ་ རྣམ་དག་གིས་འཕྲིན་ལས་གཉེར་གཏད་བྱས་པར་ཧུར་ཐག་བྱས་སོང་ཞེས་ བཀའ་སློབ་སྩལ།

དེ་རིང་ཕྱི་ཚེས་ ༡༧ ཉིན་ལ་དྭགས་གླེ་ཞི་བའི་ཚལ་དུས་ དབང་གསུང་ཆོས་ར་བར། ལ་དྭགས་ནང་ཚོགས་དང་དགོན་ཚོགས་ཐུ ན་མོང་ནས་༧གོང་ས་རྒྱལ་བ་རིན་པོ་ ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུ ལ་ཞུས་ཡོད་པ་དང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ ཆེ་མཆོག་ནས། ཆོས་གྲོགས་རྣམ་པ་ལྷན་རྒྱས་ཞུ་རྒྱུར ། དེ་རིང་འདིར་ས་གནས་ཀྱི་མི་མང་སྤྱི ་དང་། བྱེ་བྲག་ཕྱོགས་མཐའ་ཁག་ནས་འདུས་ པའི་སེར་སྐྱ་མི་མང་དད་པ་དང་དམ་ ཚིག་གཡོ་བ་མེད་པའི་བརྟན་བཞུགས་ གནང་བ་ཞིག་རེད་ལ། ངོས་རང་ལ་བོད་གངས་ཅན་ལྗོངས་ ཀྱི་གདུལ་བྱ་སྐྱེ་འགྲོ་ཡོངས་དང་ ། དེ་བཞིན་ཧི་མ་ཡ་ལའི་རི་རྒྱུད་དུ ་ཡོད་པའི་གངས་ཅན་ལྗོངས་ཀྱི་ཆོས་ བརྒྱུད་ལམ་ལུགས་གཅིག་པ་ཡིན་པ་ཡོ ངས་ཀྱིས་དེ་རིང་འདིར་ཆེད་དུ་འདུ ས་ཏེ་ཐུན་མོང་བརྟན་བཞུགས་གནང་བ་ རེད། ངོས་རང་ལ་ཆ་བཞག་ན། མདོ་སྨད་ནས་སྐྱེ ས་ཏེ་དབུས་གཙང་དུ་བསླེབས་པ་དང་། དེ་ནས་གངས་ལྗོངས་ཀྱི་ལྷ་མི་ཀུན་ གྱིས་གཅིག་ཏུ་ངོས་རང་ལ་ཡིད་ཆེས་ དང་དད་པ་བྱས་ཡོད། ལོ་འདི་དག་རིང་ལ་ངོས་ཀྱིས་བོད་ ཀྱི་ལྷ་མི་ཡོངས་རྫོགས་ལ་རེ་འདོ ད་བསྒྲུབ་པའི་ལས་འགན་འཁུར་བ་རེ ད། ད་ལྟ་བར་དུ་ཕྱིའི་རྐྱེན་ངན་ག་ འདྲ་བྱུང་ཡང་རྐྱེན་ངན་ངོས་འཛིན་ པའི་ཐོག་ནས་ངོས་ཀྱི་མི་ཚེ་འདི་ ལྟར་བསྐྱལ་བ་རེད། གང་ལྟར་གངས་ལྗོངས་ཀྱི་གནས་ཆུང་ ཆོས་རྒྱལ་མཚོན་པའི་དམ་ཚིག་ཅན་གྱི ་སྲུང་མ་ཚོ་ལྷ་དངོས་སུ་ཞུགས་ཏེ། བོད་གངས་ཅན་གྱི་དོན་དག་བསྒྲུབ་ པར་ལྷ་མི་ཟུང་འབྲེལ་བྱུང་ཡོད། ལོ་མང་པོའི་རིང་ངོས་རང་གཙོ་ བོ་ནི་ལྷ་ས་དང་། རྩེ་ཕོ་བྲང་། ནོར་བུ་གླིང་ག་བཅས་སུ་བསྡད་ནས་ བོད་གངས་ཅན་གྱི་དོན་དག་བསྒྲུ བ་པར་ངོས་ཀྱིས་འཁུར་གཙོ་བོ་བླ ངས་ཏེ་ཕྱིན་པ་རེད། ད་ལྟ་བར་དུ་ངོས་ཀྱིས་བོད་བསྟན་ སྲིད་ཀྱི་དོན་དུ་ལྷག་བསམ་རྣམ་ དག་བྱས་པ་ཡིན། འཇིག་རྟེན་པའི་ལྷ་དང་། འཇིག་རྟེ ན་པའི་དྲེགས་པ་ཚོ་བསྐུལ་མ་བྱས་ཡོ ད། ངོས་ཀྱིས་དངོས་ཡོད་གནས་ཚུལ་རན་ པར་དཀར་ཕྱོགས་སྐྱོང་བའི་བོད་ གངས་ཅན་གྱི་ལྷ་རྣམས་ལ་ལྷག་བསམ་ རྣམ་དག་གིས་འཕྲིན་ལས་གཉེར་འདེ གས་བྱས་པར་ཧུར་ཐག་བྱས་སོང་། ཞེས་གསུངས་སོང་།

ཡང་༧མགོན་པོ་གང་ཉིད་མཆོག་ནས། ངོས་རང་ལ་ཆ་བཞག་ནའང་ཆུང་དུས་ཡོ ངས་འཛིན་རྣམ་པའི་ཐུགས་རྗེ་བཀའ་ དྲིན་ལ་བརྟེན་ནས་བསྡུས་གྲྭ་དང་། དབུ་མ། ཚད་མའི་གཞུང་བཅས་སྦྱངས་བ་རེད། མཛོད་ལ་དེ་འདྲ་རང་དོ་སྣང་མ་བྱས། མཛོད་ནང་རི་རབ་གླིང་ཕྲན་དང་གླི ང་བཞི་སོགས་བཤད་ཡོད་པ་དེ་ངོས་ རང་ཐེ་ཚོམ་ཡོད་པ་རེད། མཛོད་ཀྱི་ཐོག་ལ་ངོས་ཀྱིས་ཧ་ཅང་ དོ་སྣང་ཆེན་པོ་བྱས་མེད། གང་ལྟར་དབུ་ཚད་ཀྱི་གཞུང་དེ་དག་ ཧ་ཅང་ཡག་པོ་རེད། ང་ཚོའི་ནང་བསྟན་རིག་པའི་ཐོག་ནས་ སེམས་ཁམས་རིག་པའི་སྐོར་ལ་གསུངས་ ཡོད་པ་དེ་དག དེང་སང་ཚན་རིག་པ་ཚོས་དེའི་ཐོག་ ནས་ལེགས་བྱ་མང་པོ་བླངས་ཏེ་ཧ་ཅང་ ཕན་ཐོགས་ཡོད་བསྡད་པ་ཞིག་རེད། བོད་ནང་ལོ་ཡུན་དེ་དག་དུ་བསྡད་པ་ རེད། རྐྱེན་ངན་མང་པོ་ཞིག་ཤར་སྟེ་ངོས་ རང་མའོ་ཙེ་ཏུང་ལ་ཐེངས་མང་པོ་ཐུ ག་པ་རེད། ངེད་གཉིས་འཆམ་པོ་ཡོད། ཡིན་ནའང་ལྟ་གྲུབ་མི་འདྲ་བ་ཆགས་ཡོད་པའི་ཐོག བོད་ལའང་རྐྱེན་ངན་ཞིག་བྱུང་སྟེ། མཐར་ཐུག་ངོས་རང་བོད་ནས་ཐོན་དགོ ས་པ་ཞིག་བྱུང་བ་རེད། གང་ལྟར་བློ་མི་བདེ་བའི་ངང་སྣ་ཐོད་ ལ་བརྒྱུད་ནས་རྒྱ་གར་ལ་འབྱོར་བ་ རེད། ལོ་འདི་དག་གི་རིང་བསྟན་པའི་ཞབས་ འདེགས་བསྒྲུབ་པ་དང་། ཧི་མ་ལ་ཡའི་མི་མང་ཙམ་མ་ཡིན་པར་ འཛམ་གླིང་གི་གང་སར་ནས་ཆོས་དད་ཡོ ད་མེད་དངསྐྱེ་བ་སྔ་ཕྱིའི་སྐད་ཆ་ མེད་པར་ཏཱ་ལའི་བླ་མ་ཞེས་པ་འཛམ་ གླིང་གི་བླ་ན་མེད་པའི་དབུ་ཁྲིད་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ནུབ་ཕྱོགས་རྒྱལ་ཁབ་ནང་མཚོན་ ནའང་ངོས་རང་ལ་དགའ་མོས་ཧ་ཅང་མང་ པོ་རེད། གང་ལྟར་ངོས་རང་ལ་མོས་པ་བྱེད་བསྡ ད་མཁན་རྣམས་ལ་དངོས་ཤུགས་བརྒྱུད་གསུམ་ ནས་ཕན་ཐོགས་ཡོང་བའི་སྨོན་ལམ་ཞུ་ རྒྱུ། ཞེས་བཀའ་སློབ་བསྩལ་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། པདྨ་མཚོ།