མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཨ་ཉག་སེང་སྒྲའི་བཙོན་འཇུག་དུས་ཡུན་འཕར་འགྱངས་བྱས།

བོད་ཀྱི་དུས་བབ།
༢༠༢༥/༠༨/༢༩
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་དང་ལྐོག་ཟ་རུལ་སུངས་ཐེར་འདོན་པ་ཨ་ཉག་སེང་སྒྲ་ལགས་ཀྱི་བཙོན་འཇུག་དུས་ཡུན་ལོ་  ༧ ཚང་གི་ཡོད་ཀྱང་བཙོན་ཁང་ནང་ཁྲིམས་འགལ་བྱས་ཡོད་ལུགས་ཀྱི་ནག་ཉེས་བཙུགས་ཏེ་དུས་ཡུན་ཕར་འགྱངས་བྱས་འདུག

བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཨ་ཉག་སེང་སྒྲའི་བཙོན་འཇུག་དུས་ཡུན་འཕར་འགྱངས་བྱས། དྲ་ལམ་གྱི་པར།

བོད་གནས་ལྟ་ཞིབ་ཁང་གིས་དེ་འབྲེལ་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༩ པའི་ནང་ཨ་ཉག་སེང་སྒྲ་ལགས་ཀྱི་བཙོན་འཇུག་གི་དུས་ཡུན་ལོ་ ༩ ཚང་གི་ཡོད་ཀྱང་། བཙོན་ཁང་ནང་ཁྲིམས་འགལ་བྱས་ལུགས་ཀྱི་ནག་ཉེས་བཙུགས་ཏེ་ཕྱི་ལོ་ ༢༠༢༦ ཕྱི་ཟླ་ ༢ པ་བར་ཀློད་གྲོལ་གཏོང་རྒྱུ་མིན་ལུགས་བརྗོད་ཡོད་འདུག

ཟླ་འདིའི་ཟླ་དཀྱིལ་ཙམ་ལ་ཨ་ཉག་སེང་སྒྲ་ལགས་ཀྱི་ནང་མི་ཚོར་སྐར་མ་ཁ་ཤས་རིང་ཐུག་འཕྲད་བྱེད་དུ་བཅུག་ཡོད་པ་དང་། སྐབས་དེར་ཁོང་གི་སྐུ་གཟུགས་ཧ་ཅང་ཞན་པོ་ཆགས་ཡོད་པ་དངོས་སུ་མཐོང་ཡོད་སྟབས། ཁྱིམ་མི་ཚོས་ཁོང་གི་འཕྲོད་བསྟེན་གནས་སྟངས་ཐོག་སེམས་འཚབ་ཆེན་པོ་གནང་བཞིན་ཡོད་འདུག

བཙོན་འཇུག་དུས་ཡུན་ཕར་འགྱངས་བྱེད་དགོས་དོན་གསལ་པོ་བརྗོད་མེད་ཀྱང་། ཨ་ཉག་སེང་སྒྲ་ལགས་ལ་ནག་ཉེས་བཙུགས་པ་རྣམས་ཁས་ལེན་བྱས་མེད་པ་མ་ཟད། བཙོན་ཁང་དུ་ཉེས་མེད་ཉེས་འཛུགས་བྱས་པར་ངོ་རྒོལ་ཐེངས་མང་བྱས་ཡོད་པ་སོགས་ཀྱིས་དུས་ཡུན་ཕར་འགྱངས་བྱས་ཡོད་སྲིད་པའི་ཚོད་དཔག་བྱེད་ཀྱི་འདུག

བོད་མགོ་ལོག་ཁུལ་དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོ་ནས་ཡིན་པའི་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་དང་ལྐོག་ཟ་རུལ་སུངས་ཐེར་འདོན་པ་ཨ་ཉག་སེང་སྒྲ་ལགས་ཀྱིས། ས་གནས་སྲིད་གཞུང་གི་དཔོན་རིགས་ཚོས་དབང་ཆ་ལོག་སྤྱོད་དང་ལྐོག་ཟ་རུལ་སུངས། ཁྲིམས་འགལ་གྱིས་རང་བྱུང་གཏེར་ཁ་སྔོག་འདོན་དང་རྩ་ཆེའི་རི་སྐྱེས་སེམས་ཅན་རྔོན་པ་སོགས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་ས་གནས་འབྲོག་པ་མང་ཚོགས་ཀྱིས་ཁོང་ལ་རྒྱབ་སྐྱོར་དང་དགའ་མགུ་ཡི་རངས་ཤུགས་ཆེན་བྱས་རྗེས།  ཕྱི་ལོ་ ༢༠༡༤ ལོར་རྒྱ་ནག་གཞུང་གིས་ཨ་ཉག་སེང་སྒྲས་ཁྲིམས་འགལ་བྱས་ཡོད་ཚུལ་བརྗོད་དེ་འཛིན་བཟུང་གིས་ལོ་གཅིག་དང་ཟླ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ། ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༨ ཉིན་ཟི་ལིང་ཏུང་ཁྲན་ (东川) བཙོན་ཁང་ནས་ཀློད་གྲོལ་བཏང་།

ཕྱི་ལོ་ ༢༠༡༨ ལོར་སྤྱི་ཚོགས་དཀྲུག་རྐྱེན་བཟོས་པའི་ཉེས་མིང་འོག་ཁོང་བསྐྱར་དུ་འཛིན་བཟུང་བྱས་ཡོད་པ་དང་། ཁོང་གི་བཟའ་ཟླ་གཡང་སྐྱིད་དང་ཁྲིམས་རྩོད་པ་ལིན་ཆི་ལི་སོགས་ཀྱིས་ཁྲིམས་གཏུག་རིམ་པ་བྱས་ཡོད་ནའང་། ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༡༢ ཚེས་ ༦ ཉིན་ཁོང་ལ་སྤྱི་ཚོགས་དཀྲུག་རྐྱེན་བསླངས་བ་དང་སྤྱི་ཚོགས་སྒྲིག་གཞིར་གཏོར་བཤིག་བཏང་བའི་འདུ་འཛོམས་བྱས་པ་སོགས་ཀྱི་ཉེས་མིང་འོག་ལོ་ ༧ བཙོན་འཇུག་ཁྲིམས་ཆད་བཅད་ཡོད་པ་དང་། ཁོང་དང་ཁོང་གི་ཁྲིམས་རྩོད་པས་ཐེངས་གསུམ་ལ་མཐོ་རིམ་ཁྲིམས་ཁང་དུ་ཞུ་གཏུག་བྱས་ཡོད་ཀྱང་གྲུབ་འབྲས་ཐོན་མེད་པ་རེད། ཕྱི་ལོ་ ༢༠༢༠ ལོར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆེད་མཁས་པ་དགུ་ཡིས་ཨ་ཉག་སེང་སྒྲ་ལགས་ཀྱི་ཉེས་འཛུགས་གུ་ཡངས་གཏོང་དགོས་པའི་རེ་སྐུལ་བྱས་ཡོད་ནའང་རྒྱ་ནག་གཞུང་གིས་ཉན་འཇོག་བྱས་མེད་པ་རེད།

འབྲེལ་ཡོད་གསར་འགྱུར།

བསོད་ནམས་དོན་གྲུབ་ལགས་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

བསོད་ནམས་དོན་གྲུབ་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

ཆུ་ཚོད་ ༤ སྔོན་ལ།
Mobile App

སྲིད་འཛིན་ཊོམ་ཕུ་མཆོག་གང་མགྱོགས་རྒྱ་ནག་ནང་ཕེབས་རྒྱུ་ཡིན་པས་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་རེད།

ཆུ་ཚོད་ ༤ སྔོན་ལ།
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ། དྲ་ལམ་གྱི་པར།
Mobile App

ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ།

ཆུ་ཚོད་ ༥ སྔོན་ལ།
From left 1. BTSM women members, 2. Shri Rupesh Kumar, National Central Executive Member of Rashtriya Swayamsevak Sangh (RSS), 3. Shri Lt. Gen. R.K. Sharma (Retd.), 4. Shri Indresh Kumar, Patron of BTSM, 5. Thupten lungrig, Former Cabinet Minister, 6. Shri Pankaj Goyal, National Organisational Secretary, BTSM, 7. Shri Sanjeev Manmotra, BTSM Jammu.
Mobile App

ལུས་སེམས་གཉིས་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་མུ་མཐུད་བྱ་རྒྱུ་ཡིན།

༢༠༢༦/༠༥/༠༦
དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་ཡིན་པའི་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས། རྒྱ་གར་གསར་ལམ་ཁག་གི་པར།
Mobile App

དགེ་འདུན་པ་ཞིག་དམར་གསོད་བཏང་བའི་དོགས་ཡོད་ཉེས་ཅན་ལྔ་འཛིན་བཟུང་བྱས་འདུག

༢༠༢༦/༠༥/༠༦
བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

༢༠༢༦/༠༥/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese