མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱི་སྲིད་འཛིན་གཞོན་པ་གསར་པར་འཚམས་འདྲི་མཛད། 

བོད་ཀྱི་དུས་བབ།
༢༠༢༥/༠༩/༡༡
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གསར་དུ་འདེམས་ཐོན་བྱུང་བའི་རྒྱ་གར་སྲིད་འཛིན་གཞོན་པ་གསར་པ་སྐུ་ཞབས་རཱ་དྷ་རི་ཤི་ནན་མཆོག་ལ་འཚམས་འདྲི་མཛད། 

རྒྱ་གར་གྱི་སྲིད་བློན་གཞོན་པ་གསར་པར་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༥།༩།༡༡

དེ་རིང་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། སྐུ་ཞབས་རཱ་དྷ་རི་ཤི་ནན་(C. P. Radhakrishnan)མཆོག་གི་མཚན་ཐོག་ཏུ་གསུང་འཕྲིན་ཞིག་སྩལ་ཏེ། ཁོང་ཉིད་རྒྱ་གར་སྲིད་འཛིན་གཞོན་པར་བསྐོ་གཞག་བྱུང་བར་འཚམས་འདྲི་མཛད་པ་དང་སྦྲགས། ཁོང་གི་མི་མང་གི་དོན་དུ་ལས་དོན་ལམ་ལྷོང་དང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུས་འདུག 

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་འཕྲིན་ཁྲོད། ཕྱི་ལོ་ ༡༩༥༩ ལོར་ངོས་རང་བཙན་གྱིས་རྒྱ་གར་ལ་བཙན་བྱོལ་དུ་ཡོང་རྗེས། ངོས་དང་ངོས་ཀྱི་རྗེས་འབྲངས་བོད་མི་རྣམས་ཀྱིས་རྒྱ་གར་གྱི་མཐུན་རྐྱེན་སྦྱོར་སྤྲོད་བྱས་པར་མྱོང་རོལ་བྱེད་ཀྱི་ཡོད་པས། དེ་ནི་བཀའ་དྲིན་ཧ་ཅང་ཆེན་པོ་ཡིན། ངོས་རང་རྒྱ་གར་གཞུང་གི་ཆེས་རྒྱུན་རིང་ཤོས་ཀྱི་མགྲོན་པོ་ཞིག་ཡིན་སྟབས། རྒྱ་གར་རྒྱལ་ཡོངས་སུ་འགྲོ་སྐྱོད་སྐབས། སྤྱི་ཚོགས་འདྲ་མིན་གྱི་མི་སྣ་ཐུག་འཕྲད་བྱ་རྒྱུའི་གོ་སྐབས་བྱུང་། ཞེས་དང་། འདས་པའི་མི་ལོ་སྟོང་ཕྲག་ལྷག་ནས་རྒྱ་གར་ལ་བྱམས་དང་སྙིང་རྗེའི་རྣམ་གཞག་ཁྱད་པར་བ་ཞིག་ཡོད་ལ། དེང་སྐབས་འཛམ་གླིང་སྤྱི་ཡོངས་སུ་རྣམ་གཞག་དེ་དག་དར་ཁྱབ་ཇེ་ཆེར་འགྲོ་མུས་ཡིན་པའི་ཁར། དེར་མི་སྒེར་བར་དང་འཛམ་གླིང་ཁྱོན་ཡོངས་སུ་ཞི་བདེ་དར་སྤེལ་གཏོང་བའི་ནུས་མཐུ་ལྡན། ལྷག་པར་རྒྱ་གར་ནི་ཚོགས་སྡེ་སྣ་མང་ལྷན་སྡོད་བྱས་ཏེ་ཆོས་ལུགས་མཐུན་འབྲེལ་ལྡན་པའི་གཞིས་ཁྱིམ་ཞིག་ཡིན།  ཞེས་གསུངས་འདུག 

ཡང་༸མགོན་པོ་གང་ཉིད་ཀྱིས།  རྒྱ་གར་གྱི་གནའ་བོའི་ལྟ་གྲུབ་ཀྱི་ཆ་ཤས་སུ་གྱུར་བའི་བོད་བརྒྱུད་ནང་བསྟན་གྱི་སློབ་གཉེར་གྱིས། ངོས་ཀྱི་བསམ་བློ་གཏོང་ཕྱོགས་ལ་ཤུགས་རྐྱེན་ཐེབས་ཡོད་སྟབས། ངོས་རང་གིས་རྒྱུན་དུ་ངོས་རང་རྒྱ་གར་གྱི་བུ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ལ། བོད་ཀྱི་ནང་པའི་རིག་གནས་ནི་ནཱ་ལེནྡྲའི་གཙུག་ལག་སློབ་གྲྭ་ཆེན་མོའི་མཁས་གྲུབ་རྣམས་ཀྱིས་གསར་གཏོད་མཛད་པའི་རིགས་པ་དང་དཔྱད་ཞིབ་ཀྱི་སྲོལ་རྒྱུན་ལ་རྨང་བརྟན་པོར་བཙུགས་ཡོད། ཅེས་གསུངས་པ་དང་སྦྲགས། སྲིད་འཛིན་གཞོན་པ་ཁོང་གི་ལས་དོན་རྣམས་ལམ་ལྷོང་དང་མི་མང་གི་རེ་འབོད་བསྐོང་ཐུབ་པའི་སྨོན་ལམ་བཏབ་འདུག 

སྐུ་ཞབས་རཱ་དྷ་རི་ཤི་ནན་མཆོག་ནི་ཕྱི་ལོ་ ༡༩༥༧ ལོར་རྒྱ་གར་ལྷོ་རྒྱུད་ཀྱི་ཊ་མིན་ན་ཌུར་སྐྱེས། ཁོང་གིས་ཚོང་དོན་རིག་པའི་ཐོག་རིག་གནས་རབ་འབྱམས་པའི་ལག་ཁྱེར་བླངས། ཕྱི་ལོ་ ༡༩༧༤ ལོར་མངའ་སྡེ་གཞུང་གི་འགན་འཛིན་ལྷན་ཚོགས་སུ་བདམས། ཕྱི་ལོ་ ༡༩༨༠ ལོར་བྷི་ཇེ་བྷི་ཆབ་སྲིད་ཚོགས་པར་ཞུགས། ཕྱི་ལོ་ ༡༩༩༨ རྒྱ་གར་གྱི་གྲོས་ཚོགས་འོག་མའི་འཐུས་མིར་བདམས། རྒྱ་གར་གཞུང་གི་སྐུ་ཚབ་ཚོགས་ཆུང་གི་འཐུས་མི་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་འགར་ཞུགས། ཕྱི་ལོ་ ༢༠༠༤ ནས་ ༢༠༠༦ བར་མངའ་སྡེ་སྲིད་གཞུང་གི་བྷི་ཇེ་པེ་ཆབ་སྲིད་ཚོགས་པའི་ཚོགས་གཙོ་གནང་བ་སོགས། ཕྱི་ལོ་ ༢༠༢༣ ལོར་སྲིད་བློན་མུ་དྷི་མཆོག་གིས་ཇར་ཀན་མངའ་སྡེ་དང་། ཕྱི་ལོ་ ༢༠༢༤ ལོར་མ་ཧ་རི་ཤི་ཊ་མངའ་སྡེའི་གཞུང་འཛིན་པར་བསྐོས།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

ཆུ་ཚོད་ ༢༠ སྔོན་ལ།
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

༢༠༢༦/༠༨/༡༨
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese