མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པར་འཚམས་འདྲི་མཛད།

བོད་ཀྱི་དུས་བབ།
༢༠༢༥/༠༩/༡༣
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བལ་ཡུལ་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྤྱི་ཁྱབ་ཁྲིམས་ཞིབ་པ་ཟུར་པ་སུ་ཤཱི་ལ་ཀཱར་ཀི་ལགས་བལ་ཡུལ་གྱི་བར་བརྒལ་སྲིད་བློན་དུ་འོས་འདེམས་བྱུང་བར་འཚམས་འདྲི་མཛད།

༸གོང་ས་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པར་འཚམས་འདྲི་མཛད། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༩།༡༣

ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་བལ་ཡུལ་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྤྱི་ཁྱབ་ཁྲིམས་ཞིབ་པ་ཟུར་པ་སུ་ཤཱི་ལ་ཀཱར་ཀི་(Sushila Karki) ལགས་བལ་ཡུལ་གྱི་བར་བརྒལ་སྲིད་བློན་དུ་འོས་འདེམས་བྱུང་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༡༣ ཉིན་ ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཁོང་མོའི་མཚན་ཐོག་ཏུ་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་ཏེ། ཁོང་མོ་བལ་ཡུལ་གྱི་སྲིད་བློན་དུ་བསྐོ་གཞག་བྱུང་བར་འཚམས་འདྲི་མཛད་པ་དང་སྦྲགས། ཁོང་མོས་བལ་ཡུལ་མི་མང་གི་རེ་འདུན་དོན་འགྲུབ་ཡོང་བའི་སྨོན་འདུན་ཞུས་འདུག

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཚམས་འདྲིའི་གསུང་འཕྲིན་ནང་། ཁྱེད་ཀྱིས་མཁྱེན་གསལ་ལྟར་ལོ་རྒྱུས་ཐོག་བལ་བོད་གཉིས་ཀྱི་མི་མང་རྣམས་ལ་འབྲེལ་ལམ་དམ་ཟབ་ཡོད། ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་བོད་པ་རྣམས་བཙན་བྱོལ་དུ་གྱར་དགོས་བྱས་རྗེས། བལ་ཡུལ་གཞུང་དང་མི་མང་གིས་བོད་མི་སྐྱབས་བཅོལ་བའི་སྡོད་གནས་ཆེད་མཐུན་སྦྱོར་གནང་བར་ངོས་ཀྱིས་བཀའ་དྲིན་ཤིན་ཏུ་ཆེ་ཞུ་རྒྱུ་ཡིན།  བལ་ཡུལ་ནང་གནས་སྡོད་བོད་མི་ཉུང་ཉུང་ཞིག་ལས་མེད་ཀྱང་། ངོས་ཀྱིས་བལ་ཡུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཐད་ཕན་གྲོགས་ཡོང་གི་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད། ལོ་མང་པོའི་རིང་བལ་ཡུལ་ནང་འཚོ་གནས་ཀྱི་ཐོག་ཏུ་ཡར་རྒྱས་དང་གོང་འཕེལ་ཆེན་པོ་བྱུང་ཡོད་ལ། འཚོ་བའི་ཐོག་ཏུ་དཀའ་ངལ་ཡོད་པའི་དབུལ་ཕོངས་དང་དགོས་མཁོ་ཅན་རྣམས་ཡར་རྒྱས་འགྲོ་ཐུབ་ཚེ་དོན་དང་མཐུན་པའི་གྲུབ་འབྲས་ཤིག་རེད།

གསུང་འཕྲིན་གྱི་མཇུག་ཏུ་༸མགོན་པོ་གང་ཉིད་མཆོག་ནས། བལ་ཡུལ་སྲིད་བློན་གསར་བས་གཉན་འཕྲང་གི་དུས་སྐབས་འདིར་བལ་ཡུལ་མི་མང་གི་རེ་བ་དང་མངོན་འདུན་མཐའ་དག་ལེགས་འགྲུབ་ཡོང་བའི་ཐུགས་རེ་གནང་འདུག

ཤཱི་ལ་ཀཱར་ཀི་ལགས་ནི་ཕྱི་ལོ་ ༡༩༥༢ ལོའི་ཟླ་ ༦ ཚེས་ ༧ ཉིན་བལ་ཡུལ་ཤཱིན་ཀཱར་པུར་ (Shankarpu) ཏུ་སྐྱེས་ཤིང་། ཕྱི་ལོ་ ༡༩༧༢ ལོར་ཌི་རི་བྷུ་ཝན་གཙུག་ལག་སློབ་གཉེར་ཁང་(Tribhuvan University) ནས་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་གཉེར་བྱས། ཕྱི་ལོ་ ༡༩༧༥ ལོར་རྒྱ་གར་བྷ་ན་ར་སི་ཧིན་དྷུ་གཙུག་ལག་སློབ་གཉེར་ཁང་ནས་ཆབ་སྲིད་ཚན་རིག་ཐོག་གཙུག་ལག་རབ་འབྱམས་པའི་བསླབ་པ་མཐར་སོན། ཕྱི་ལོ་ ༡༩༧༨ ལོར་ཌི་རི་བྷུ་ཝན་གཙུག་ལག་སློབ་གཉེར་ཁང་ནས་ཁྲིམས་ལུགས་རིག་པའི་སློབ་གཉེར་བྱས། ཕྱི་ལོ་ ༡༩༩༠ ལོའི་མི་མང་ལས་འགུལ་ཁྲོད་མཉམ་ཞུགས་བྱས་རྐྱེན་བཙོན་ཁང་དུ་བཅུག་པ་དང་། རྗེས་སུ་ཁོང་མོས་ཀཱ་རཱ་ཞེས་པའི་བརྩམས་སྒྲུང་ཞིག་བྲིས། ཕྱི་ལོ་ ༢༠༠༩ ནས་བཟུང་བལ་ཡུལ་གྱི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་དུ་བསྐོ་གཞག་གནང་། ཕྱི་ལོ་ ༢༠༡༦ ནས་ ༢༠༡༧ བར་བལ་ཡུལ་གྱི་ཆེས་མཐོའི་ཁྲིམས་ཁང་གི་སྤྱི་ཁྱབ་ཁྲིམས་དཔོན་དུ་བསྐོ་བཞག་གནང་། ཉེ་སྔོན་བལ་ཡུལ་ནང་གཞོན་སྐྱེས་རྣམས་ཀྱིས་བལ་ཡུལ་ནང་གི་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་བྱས་རྐྱེན། སྲིད་བློན་ཤར་མ་ཨོ་ལིས་དགོངས་པ་ཞུས་ཡོད་པ་དང་། ཁ་སང་ཤཱི་ལ་ཀཱར་ཀི་ལགས་བལ་ཡུལ་གྱི་བར་བརྒལ་སྲིད་བློན་དུ་བསྐོ་བཞག་གནང་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༤ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese