མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐའེ་ཝན་གྱི་དད་ལྡན་མང་ཚོགས་ལ་ཆོས་འབྲེལ་མཛད།

བོད་ཀྱི་དུས་བབ།
༢༠༢༥/༡༠/༠༤
Share on FacebookShare on TwitterShare on EmailShare on Whatsapp

༸གོང་ས་མཆོག་ནས་ངོས་རང་ལོ་མཐོ་བོར་སླེབས་ཡོད་ཀྱང་གཟུགས་པོ་དང་བསམ་བློའི་ཆ་ནས་མུ་མཐུད་དུ་བསྟན་པའི་ཞབས་འདེགས་སྒྲུབ་བསམ་པའི་སེམས་ཤུགས་ཉམས་པ་མེད་པ་ཡོད་ཅེས་གསུངས་སོང་།

His Holiness the Dalai Lama addressing the congregation during his teaching at Main Tibetan Temple in Dharamsala, HP, India on October 4, 2025. Photo by Tenzin Choejor

དེ་རིང་ཕྱི་ཚེས་ ༤ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐའེ་ཝན་གྱི་དད་ལྡན་མང་ཚོགས་ལ་དགའ་ལྡན་ལྷ་རྒྱ་མ་དང་། སེམས་བསྐྱེད། བྱང་སྡོམ་བཅས་ཀྱི་ཆོས་འབྲེལ་མཛད་ཡོད་ཅིང་།  སྐབས་དེར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། དེ་རིང་ཆོས་འབྲེལ་བྱ་རྒྱུ་རེད། སྐྱ་སེར་ཕོ་མོ་མི་རིགས་དབྱེ་བ་མེད་པ་ཚང་མས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་རེད། འཛམ་བུ་གླིང་འདིའི་སྒང་ལ་ཆོས་བརྒྱུད་མི་འདྲ་བ་མང་པོ་ཡོད་རེད་དེ། ང་ཚོ་བོད་ལ་དཔལ་ནཱ་ལེནྜ་ནས་བརྒྱུད་པའི་ཆོས་བརྒྱུད་འདི་གཙོ་བོ་བྱེད་ཀྱི་ཡོད་པ་རེད། ནཱ་ལེནྜའི་མཁས་དབང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་ཐོགས་མེད་སྐུ་མཆེད་དེ་དག་དད་མོས་བྱ་ས་གཙོ་བོར་འཇོག་གི་ཡོད་པ་རེད། ངོས་རང་ལ་ཆ་བཞག་ནའང་། ཆུང་དུས་སྐབས་ནས་མགོན་པོ་ཀླུ་སྒྲུབ་ལ་སོགས་པ་དེ་དག་ལ་གསོལ་འདེབས་སུ་དྲན་པར་བྱས་ནས་སྨོན་ལམ་རྒྱག་པ་དང་། ཞོགས་པར་གཉིད་སད་པ་དང་ཀླུ་སྒྲུབ་ལ་བསྟོད་པ་དྲན་པའི་ཐོག་ནས་མོས་གུས་རྩེ་གཅིག་སྐྱེ་རྒྱུ་ཞིག་བྱེད་ཀྱི་ཡོད། དེ་རིང་ཁྱེད་ཚོ་ཚང་མས་དད་མོས་རྩེ་གཅིག་པའི་སྐྱ་སེར་ཕོ་མོ་དབྱེ་བ་མེད་པ་མང་པོ་ཞིག་འཛོམས་ཏེ། ཚང་མ་ལ་དད་པ་རྩེ་གཅིག་བྱས་ནས་བསྡད་ཡོད་པ་རེད། ངོས་རང་ཡང་འདིར་སྐུ་འབུམ་ནས་ཡར་ཡོང་ནས་༧རྒྱལ་དབང་གི་མིང་གི་ཐོག་ནས་དཔེ་ཆ་ལྟ་དགོས་བྱུང་། གླིང་རིན་པོ་ཆེ་མཆོག་དང་ཁྲི་བྱང་རིན་པོ་ཆེ་མཆོག་རྣམ་གཉིས་དང་། གཙོ་བོ་གླིང་རིན་པོ་ཆེ་མཆོག་གིས་དཔེ་ཁྲིད་གནང་བ་སོགས་བཀའ་དྲིན་ཆེན་པོ་ཞེ་དྲགས་ཡིན། ངོས་རང་གི་ངོས་ནས་དཔེ་ཆ་བལྟ་རྒྱུ་དེ་དག་ཧུར་ཐག་འབད་ཐག་བལྟས་ནས་རྩ་བ་བློ་ལ་འཛིན། འགྲེལ་པ་ངག་ཐོག་ནས་འགྲེལ་བཤད་བསྐྱོན་ཏེ། དཔེ་ཆ་གལ་ཆེ་བ་གཞུང་ཆེན་པོད་ཏི་ཁག་རེད། ཅེས་གསུངས་སོང་།

༸མགོན་པོ་གང་ཉིད་ཀྱིས། བོད་རྒྱ་ཆེ་མི་མང་ཙམ་དུ་མ་ཟད་རྒྱ་རིགས་མང་པོ་ཞིག་གིས་ངོས་ལ་དགའ་མོས་དང་དད་པ་བྱེད་མཁན་མང་པོ་ཞེ་དྲགས་འདུག ངོས་ནས་སྨོན་ལམ་རྩེ་གཅིག་རྒྱག་སྟེ་འཛམ་གླིང་འདིའི་སྒང་ལ་ཆོས་ལུགས་འདྲ་འདྲའི་ནང་ནས་ནང་པ་སངས་རྒྱས་པའི་ཆོས་དེ་རིག་པ་དང་ལྡན་པ། སེམས་ཁམས་རིག་པ་དང་འབྲེལ་ནས་ཡོད་པ། ག་རེ་འགྲེལ་བཤད་རྒྱག་རུང་ཚད་མའི་ལམ་ནས་ངེས་པ་འབྱུང་གི་ཡོད་པ་ཞིག་དམིགས་བསལ་ཆགས་ཀྱི་ཡོད། ༧རྒྱལ་དབང་སྐུ་འཕྲེང་རིམ་པ་ཞིག་ཡོད་པའི་ནང་ནས་ངོས་རང་སྐྱེས་ཡུལ་མདོ་སྨད་ནས་སྐྱེས་པ་དང་། ལྷ་ས་རུ་འཚར་ལོངས་བྱས། དགེ་ཚུལ་དམ་པ་གཉིས་ཀྱིས་ངོས་ལ་དཔེ་ཆ་ཁྲིད་པ་རེད། ད་ལྟ་བར་དུ་མགོ་བདེ་རྒྱ་ནག་གིས་བོད་དབང་བསྒྱུར་བྱས་ནས་དམར་པོའི་ལྟ་བ་ཁྱབ་སྤེལ་བྱེད་ཀྱི་ཡོད་པའི་བཟོ་ཞིག་རེད་དེ། མཇུག་ཏུ་རྒྱ་མི་ཁོ་རང་ཚོའི་ནང་ལོགས་སུ་ནང་པའི་ལྟ་བར་དོ་སྣང་བྱེད་མཁན་ཇེ་མང་དུ་ཕྱིན་འདུག ང་ཚོས་དངོས་གནས་དྲང་གནས་དོན་དམ་གྱི་དམ་ཚིག་གཙང་མ་ཞིག་བཞག་སྟེ། ཚང་མས་སངས་རྒྱས་ཀྱི་ཆོས་ཉམས་ལེན་བྱེེད་ཀྱི་ཡོད། འཛམ་གླིང་འདིའི་སྒང་ལ་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ནང་ལོགས་ནས་ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་ཡོང་གི་འདུག མདོར་ན་ཚན་རིག་པའི་ནང་ནས་སེམས་ཁམས་རིག་པ་དེ་དག་ལ་གཙོ་བོ་དོ་སྣང་བྱས་ནས་ངོས་རང་ལ་ཐུག་པར་ཡོང་མཁན་མང་པོ་བྱུང་། ཚན་རིག་པས་སེམས་ཁམས་རིག་པའི་ཐོག་ལ་གོ་བསྡུར་བྱ་རྒྱུ་དང་སྐད་ཆ་བཤད་རྒྱུ་བྱུང་། ཞེས་གསུངས་སོང་།

Members of the audience inside the Main Tibetan Temple watching as His Holiness the Dalai Lama arrives for his teaching at the request of Taiwanese Buddhists in Dharamsala, HP, India on October 4, 2025. Photo by Ven Zamling Norbu

༸མགོན་པོ་གང་ཉིད་མཆོག་ནས། ང་ཚོ་ཚང་མ་སྟོན་པ་ཤཱཀྱ་ཐུབ་པའི་རྗེས་འབྲངས་རེད། ཁོང་གིས་ཆོས་ལུགས་རྒྱ་ཆེན་གསུངས་པ་དེ་དག་ང་ཚོ་བོད་རིགས་གཙོ་བོར་གྱུར་བའི་ལུང་པ་འདིའི་ནང་གི་མི་མང་དང་། སངས་རྒྱས་པའི་ཆོས་ལ་བདག་པོ་རྒྱག་སྟེ་བསྡད་པ་རེད། ངོས་རང་ལ་ཆ་བཞག་ནའང་། སངས་རྒྱས་ཀྱི་ཆོས་དེ་སོ་སོའི་གཅེས་ནོར་གལ་ཆེ་ཤོས་ཤིག་ཏུ་བརྩི་ཡི་ཡོད། ཆུང་དུས་སྐབས་ནས་དགོངས་འགྲེལ། དབུ་ཚད། དབུ་མ། ཚད་མ། མཛོད་སོགས་གཞུང་དེ་དག་རྒྱ་གར་སྐད་དུའང་བདག་པོ་རྒྱག་པ་རེད། ངོས་རང་སྒེར་ལ་ཆ་བཞག་ནའང་གཞུང་དེ་དག་རྩ་བ་བློ་འཛིན་བྱས། ང་ཚོར་མིག་ལྟོས་ཡག་པ་ཞིག་ནི་ཚད་མའི་འགྲོ་སྟངས་བྱས་ནས་ཆུང་ཆུང་སྐབས་ནས་རྟགས་གསལ་གཏང་རྒྱུ་བསླབ་པ་རེད། རྟགས་གསལ་གཏང་རྒྱུ་དེ་རྩ་ཆེན་པོ་ཞེ་དྲགས་རེད་འདུག ཅེས་དང་། བོད་ནས་སྡོད་མ་ཐུབ་པར་རྒྱ་གར་དུ་སླེབས་པ་དང་། རྒྱ་གར་དུ་སླེབས་ཏེ་ངོས་ནས་ནང་པའི་ཆོས་འདི་འཛམ་གླིང་སྤྱི་ལ་དོ་སྣང་གསར་པ་སླེབས་པའི་ཞབས་འདེགས་སྒྲུབ་པ་ཡིན། གང་ལྟར་ངོས་ནས་གང་ཡོང་ཅི་ཡོང་གིས་བསྟན་པའི་ཞབས་འདེགས་བསྒྲུབས་པ་ཡིན། མི་རིགས་དང་སྐྱ་སེར་ཕོ་མོ་དབྱེ་བ་མེད་པར་སངས་རྒྱས་པའི་ཆོས་ལ་དོ་སྣང་བྱེད་ཀྱི་ཡོད། ངོས་རང་འདིར་༸རྒྱལ་བ་རིན་པོ་ཆེའི་མིང་འཁྱེར་ཏེ་ཆོས་གོས་རྣམ་སྦྱར་གྱོན་མཁན་དགེ་སློང་འདུལ་བ་འཛིན་པ་ཞིག་གིས་ཆོས་བཤད་པ་ལ་ཚང་མས་དོ་སྣང་དང་དགའ་མོས་ཆེན་པོ་བྱེད་བཞིན་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

༸གོང་ས་མཆོག་གིས། གང་ལྟར་སངས་རྒྱས་པའི་ཆོས་ཀྱི་དམིགས་བསལ་ཁྱད་ཆོས་གཅིག་ནི་སེམས་ཁམས་རིག་པའི་སྐོར་ཧ་ཅང་ཞིབ་ཚགས་པོ་འདུག གཉིས་ནས་སྔགས་དང་འབྲེལ་ནས་ཡོང་སྐབས་སེམས་ཕྲ་རགས་ཀྱི་དབྱེ་བ་བཤད་ནས་སེམས་ཁམས་རིག་པའི་སྐོར་ལ་ཞིབ་ཚགས་པོ་དང་གཏིང་རིང་པོ་ཧ་ཅང་ཡག་པོ་འདུག དེ་རིང་འདིར་རྒྱ་རིགས་དང་། བོད་པ། ལ་དྭགས་པ་སོགས་ཡུལ་ཁམས་འདྲ་མིན་གྱི་མི་མང་པོས་༸རྒྱལ་བ་རིན་པོ་ཆེ་ཞེས་དགའ་མོས་ཐོག་སེམས་ཤུགས་གཅིག་གྱུར་ཆགས་ཡོད། ངོས་ལ་ཆ་བཞག་ན་སྤྱིར་སེམས་ཅན་ཐམས་ཅད་དང་། ཡང་སྒོས་བོད་གངས་ཅན་གྱི་ཁྱབ་ཁོངས་ཀྱི་དད་པ་ཅན་རྣམས་ཐད་ཀར་ཕན་ཐོགས་བྱེད་པའིི་ཡུལ་ཆགས་ཡོད། ཁྱེད་ཚོ་ཚང་མ་དེ་རིང་འདིར་དད་པས་འདུས་ཤིང་། ངོས་རང་ཚེ་རིང་པོར་སྡོད་ཆེད་བརྟན་བཞུགས་སྨོན་ལམ་གནང་བ་རེད། རྒྱ་ནག་གུང་ཁྲན་གྱིས་བོད་དབང་བསྒྱུར་བྱས་ཡོད་ཀྱང་། རྒྱ་རིགས་ཀྱི་ནང་དུ་ནང་ཆོས་ལ་དགའ་མོས་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་འདུག དེར་བརྟེན་ན་ལེནྜ་ནས་བརྒྱུད་པའི་སངས་རྒྱས་ཀྱི་བསྟན་པ་རིགས་པས་དཔྱད་རྒྱུ་ཡོད་པ་དང་། བློ་ཕྲ་རགས་ཀྱི་དབྱེ་བ་ཕྱེས་ཏེ་བློ་སྦྱོང་གི་སྒོམ་བརྒྱག་རྒྱུ་ཡོད་པ་འདི་ལ་དེང་རྒྱ་རིགས་ཚོའི་ནང་དུ་དོ་སྣང་བྱེད་མཁན་མང་པོ་ཡོང་གི་འདུག ངོས་ཀྱིས་ད་ལྟའི་བར་དུ་ཧུར་ཐག་བྱས་པ་ཡིན། ངོས་རང་ལོ་མཐོ་བོར་སླེབས་ཡོད་ཀྱང་། གཟུགས་པོ་དང་བསམ་བློའི་ཆ་ནས་མུ་མཐུད་དུ་བསྟན་པའི་ཞབས་འདེགས་སྒྲུབ་བསམ་པའི་སེམས་ཤུགས་ཉམས་པ་མེད་པ་ཡོད། ཅེས་གསུངས་སོང་།

ཡང་མགོན་པོ་གང་ཉིད་ཀྱིས། ངོས་ནས་ད་ལྟ་བར་དུ་གང་ཡོང་ཅི་ཡོང་ཧུར་ཐག་བྱས་པ་ཡིན། ད་དུང་ཡང་ངོས་རང་གི་མི་ཚེ་ལོ་བརྒྱ་ལྷག་སྡོད་ཀྱི་རེད། དེར་བརྟེན་སངས་རྒྱས་ཀྱི་ཆོས་མུ་མཐུད་དུ་བཤད་སྒྲུབ་ཉམས་ལེན་ཟུང་འབྲེལ་ཡག་པོ་ཞིག་ཡོང་བར་སྨོན་ལམ་དང་རེ་བ་རྒྱག་གི་ཡོད། ཅེས་དང་། ཚང་མས་སེམས་ཤུགས་བསྐྱེད་ནས་སངས་རྒྱས་ཀྱི་ཆོས་ལ་སོ་སོས་དོ་སྣང་བྱོས། སོ་སོའི་དགའ་གཉེན་བློ་གྲོགས་ངོ་ཤེས་པ་ཚོ་ལའང་སངས་རྒྱས་ཀྱི་ཆོས་ཀྱི་འགྲོ་སྟངས་ཏོག་ཙམ་འགྲེལ་བཤད་རྒྱག་པ་སོགས་བྱེད་ན། སོ་སོའི་སེམས་སྐྱིད་པ་དང་། རོགས་པ་ཚོའི་སེམས་སྐྱིད་པ་སོགས་ཕན་ཐོགས་ཆེན་པོ་འདུག ཅེས་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༣ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese