མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

བོད་ཀྱི་དུས་བབ།
༢༠༢༥/༡༠/༡༡
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། ཡེ་ཤེས་ཟླ་བ། ༡༠༨ ཞི་བདེའི་ལྟེ་གནས་ཁང་གི་ཉམས་ཞིབ་པ།

རྩོམ་ཁུངས། བོད་ཀྱི་དུས་བབ།

ང་རང་སྟེས་དབང་གིས་གསར་འགོད་པའི་ལས་ལ་ཞུགས་རྒྱུའི་བསྐལ་བ་བྱུང་རྗེས། དུས་རྒྱུན་དུ་རྒྱལ་སྤྱིའི་གསར་འགྱུར་དང་སྒོས་སུ་བོད་ཕྱི་ནང་གི་གནས་ཚུལ་ལ་ལྟ་ཀློག་གང་འཚམས་བྱས་དང་བྱེད་མུས་ཁར། འདི་ལོའི་ཕྱི་ཟླ་ ༡༠ པའི་ཚེས་ ༦ ནས་ ༨ བར་ཉིན་གསུམ་རིང་། ས་རྰ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ས་རྰ་བོད་ཀྱི་གཞོན་ནུའི་གོ་སྒྲིག་འོག ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་ཞེས་པའི་བརྗོད་གཞིའི་ཐོག་བོད་རིག་པའི་ཚོགས་འདུ་ཞིག་གཙོ་སྐྱོང་གནང་བར། རང་ཉིད་ཚོགས་བཅར་བའི་ངོ་བོའི་ཐོག་བཅར་རྒྱུ་བྱུང་། དེའི་སྐབས་གདན་ཞུས་མཁས་དབང་དང་ཉམས་ཞིབ་པ་ཚོས། ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་དབུ་འཛུགས་གནང་མཁན་སྐུ་ཞབས་བྷ་བུ་མཐར་ཕྱིན་གྱི་མཛད་རྗེས་དང་གསར་ཁང་དེ་ཉིད་ཀྱི་སྐོར་ཉམས་ཞིབ་ཀྱིས་གཏམ་བཤད་གནང་སྐབས། རང་ཉིད་ལ་སྔར་མེད་ཀྱི་ཚོར་བ་དྲག་པོ་ཞིག་དང་བློ་སྐྱེད་གང་མང་ཞིག་བྱུང་བ་རྣམས། སྐུ་ཞབས་བྷ་བུ་མཐར་ཕྱིན་གྱིས་དབུ་འཛུགས་གནང་བའི་ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན་གྱི་ཚུལ་དུ། ཚིག་སྦྱོར་དང་རྩོམ་འགྲོས་མི་ལེགས་ཀྱང་དམ་པ་ཁོང་ལ་ཐུགས་རྗེ་ལེགས་འབུལ་ཆེད་དུ་བྲིས་པ་ལགས་ན། མཁྱེན་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱིས་བཟོད་སྲན་ཡོང་བར་རེ།

ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་སྤྱི་ཁོག་མདོར་ཙམ་གླེང་བ།

སྐུ་ཞབས་བྷ་བུ་མཐར་ཕྱིན་ལགས་ནི་ཕྱི་ལོ་ ༡༨༩༠ ཟླ་བ་ ༤ ཚེས་ ༤ ཉིན་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཁོངས་གཏོགས་ཁུ་ནུར་འཁྲུངས་ཤིང་། ཕྱི་ལོ་ ༡༩༡༧ ལོར་ཀ་སྦུག་ཏུ་གནས་སྤོར་དང་། ཕྱི་ལོ་ ༡༩༢༥ ཟླ་བ་ ༡༠ ནང་ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་གི་གསར་ཤོག་དེ་ཉིད་དབུ་འཛུགས་གནང་ཡོད་པ་ཉམས་ཞིབ་པ་ཚོས་ཡོངས་གྲགས་སུ་ངོས་འཛིན་ཞིང་། ཕྱི་ལོ་ ༡༩༦༣ ལོར་མཚམས་འཇོག་གནང་སྟེ་ལོ་ ༣༨ ནང་གསར་ཤོག་འདོན་ཐེངས་ ༢༨ ལྷག་གནང་འདུག ཕྱི་ལོ་ ༡༩༢༥ ཟླ་བ ༡༠ ནས་ཕྱི་ལོ་ ༢༠༢༥ ཟླ་བ་ ༡༠ བར་ལོ་བརྒྱ་ཏག་ཏག་འཁོར་གྱི་ཡོད་འདུག དམ་པ་ཁོང་གིས་ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་འདོན་སྤེལ་གནང་བའི་དུས་ཡུན་དེའི་ཁྲོད། བོད་དུ་༧རྒྱལ་མཆོག་སྐུ་ཕྲེང་ ༡༣ པ་དང་རྒྱ་གར་ནང་༧རྒྱལ་མཆོག་སྐུ་ཕྲེང་ ༡༤ པ་རྣམ་གཉིས་ལ་མཇལ་བཅར་ཞུས་པ་མ་ཟད། བོད་དུ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་གཙོས་སྐབས་དེའི་སྤྱི་ཚོགས་ཀྱི་གནས་སྟངས་མང་པོའི་སྐོར་གསར་ཤོག་བརྒྱུད་གོ་རྟོགས་སྤེལ་ཡོད་པ་རེད་འདུག་ལ། ལྷག་པར་དུ་བོད་ཀྱི་ཆབ་དཔལ་རིག་གསུམ་གྱི་གནས་སྟངས་ཕྱི་ལ་ངོ་སྤྲོད་དང་། སྐབས་དེའི་ཆབ་སྲིད་ཀྱི་གལ་ཆེའི་གནས་སྟངས་སོགས་གསར་ཤོག་ཏུ་བཀོད་དེ་ལོ་རྒྱུས་ཀྱི་དཔང་ཡིག་ཏུ་གྱུར་ཐུབ་པ་བྱུང་འདུག རང་ཉིད་གོང་ཞུས་ཚོགས་འདུའི་ཐོག་ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་བརྒྱུད་གལ་ཆེའི་གནད་དོན་མང་དག་ཅིག་ཡོད་པ་ལས། དེང་གི་དུས་སུ་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་གཉིས་དྲན་ཤེས་དང་ཟིན་ཐོར་གཞིགས་ཏེ་བཀོད་རྒྱུ་ཡིན།

ལོ་རྒྱུས་རང་བཞིན་ལྡན་པའི་གསར་འགྱུར་ཁག་ཅིག

སྤྱིར་ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་ནང་། ཉེ་རབས་བོད་ཀྱི་ལོ་རྒྱུས་མང་དག་ཅིག་བཀོད་ཡོད་ཀྱང་། རང་ཉིད་ནས་དུས་ཀྱི་དགོས་མཁོར་དམིགས་ཏེ་༧རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་མཛད་ཕྱོགས་ཀྱི་གནས་ཚུལ་བཀོད་པ་རྣམས་འདིར་ཞུ་འདོད་བྱུང་། དེ་ཡང་ཚོགས་འདུའི་ཐོག་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་འཇམ་དབྱངས་དོན་གྲུབ་ལགས་ཀྱིས། ཕྱི་ལོ་ ༡༩༣༥ ནས་ ༡༩༤༥ བར་ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་ནང་༧རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པའི་སྐོར་གནས་ཚུལ་བཀོད་པ་ཁག་ལ་ཞིབ་འཇུག་གིས་གཏམ་བཤད་གནང་བའི་ཁྲོད། དུས་ཡུན་དེའི་ནང་༧རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་དང་འབྲེལ་བའི་གནས་ཚུལ་ཁག་བཞི་བཀོད་ཡོད་པ་ལས། སྐབས་མཚམས་སུ་བརྗོད་འདོད་པ་ནི་རྒྱལ་ཚབ་ར་སྒྲེང་རིན་པོ་ཆེས། ལྷ་མོའི་བླ་མཚོར་མཚོ་མཇལ་དུ་གཟིགས་པ་རྣམས། བྷ་བུ་མཐར་ཕྱིན་ལགས་སུ་སྤྲིངས་ཡིག་གི་ཚུལ་དུ་སྤྲིངས་ཏེ་ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་སྟེང་ཕྱི་ལོ་ ༡༩༣༦ ཟླ་བ་ ༧ ཚེས་ ༩ ཉིན་སྤེལ་ཡོད་པ་རེད་འདུག རྣམ་པ་ཚོས་གཤམ་གྱི་གསར་ཤོག་གི་ངོ་བཤུས་སྟེང་ནས། རྒྱལ་ཚབ་ར་སྒྲེང་རིན་པོ་ཆེས་མཚོ་མཇལ་དུ་གང་གཟིགས་པ་རྣམས་བཀླག་ཐུབ།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།

གཞན་ཡང་དུས་ཡུན་དེའི་ནང་༧རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་དང་འབྲེལ་བའི་གསར་འགྱུར་གཞན་གསུམ་བཀོད་པ་ནི། ཡང་སྲིད་ངོས་འཛིན་མཛད་པའི་གནས་ཚུལ། ཡང་སྲིད་ངོས་འཛིན་མཛད་རྗེས་ལྷ་སར་གདན་ཞུས་མཛད་པའི་གནས་ཚུལ་དང་། ཕྱི་ལོ་ ༡༩༤༠ ཙམ་ནང་༧གོང་ས་མཆོག་རྒྱ་གར་དུ་ཆིབས་བསྒྱུར་བསྐྱང་རྒྱུའི་གནས་ཚུལ་ཡོད་སྐོར་སོགས་བཀོད་པ་རེད་འདུག གནས་ཚུལ་དེ་བཞི་ལས་གོང་དུ་རྒྱལ་ཚབ་ར་སྒྲེང་རིན་པོ་ཆེས་མཚོ་མཇལ་གྱི་གནས་ཚུལ་དེ་ནི། དེང་གི་སྙིགས་མའི་དུས་སུ་ཆོས་ལ་དད་མེད་རྒྱ་ནག་དམར་ཤོག་གིས། མ་འོངས་པར་༧སྐུའི་ཡང་སྲིད་ཐད་སྐུ་དབང་ཡོད་མདོག་བྱེད་བཞིན་པ་དེར། ལོ་རྒྱུས་ཀྱི་བདེན་དཔང་ལྡན་པའི་ཐོག་བོད་བརྒྱུད་ནང་བསྟན་གྱི་སྲོལ་བཟང་བཞིན། དགག་ལེན་དང་གོ་རྟོགས་དབེན་པ་རྣམས་ལ་དཔྱད་གཞིའི་ཚུལ་དུ་ཕན་རླབས་ཆེ་བར་སྣང་། ལྷག་པར་དུ་སྐབས་དེའི་ཡང་སྲིད་རྩད་གཅོད་ཁོངས་མི་བཞི་ཡོད་པ་ལས། ཀུན་རྩེ་བསོད་ནམས་དབང་འདུས་ཀྱིས་ལྗགས་རྩོམ་གནང་བའི་༼རང་མྱོང་མ་བཅོས་ལྷུག་པར་བཀོད་པའི་གཏམ་རྣ་བའི་བདུད་རྩི།༽ཞེས་པ་ལས་གཞན་མཐོང་ཐོས་སུ་མ་གྱུར། སོང་ཙང་། གོང་དུ་ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་སྟེང་རྒྱལ་ཚབ་ར་སྒྲེང་རིན་པོ་ཆེས་མཚོ་མཇལ་སྐོར་གང་གསུངས་པ་རྣམས་ནི་ལོ་རྒྱུས་ཀྱི་བདེན་དཔང་གལ་ཆེན་ཞིག་ཡིན་པར་གདོན་མི་ཟ།

རྒྱ་ནག་གི་ཆབ་སྲིད་སྲིད་བྱུས་སྐོར་སྔ་རྗེས་བཀོད་པ།

དེང་གི་དུས་སུ་རྒྱ་ནག་གི་རྒྱ་སྐྱེད་རིང་ལུགས་སྐོར་རྒྱལ་སྤྱིའི་སྟེང་དང་ལྷག་པར་དུ་རྒྱ་གར་ནང་ཐུགས་སྣང་ཆེན་པོ་གནང་བཞིན་ཡོད་ལ། ཡོངས་གྲགས་སུ་མའོ་ཡིས་བོད་དེ་མཛུབ་མཐིལ་དང་། དེའི་མཛུབ་མོ་ལྔ་ནི། ལ་དྭགས། བལ་ཡུལ། འབྲས་ལྗོངས། འབྲུག་དང་ཨ་རུ་ན་ཅལ་རེད་ཅེས། ཉམས་ཞིབ་པ་མང་པོས་ཡིད་གཟབ་ཀྱི་ཚུལ་དུ་རྒྱ་གར་དང་གོང་འཁོད་རྒྱལ་ཁབ་དག་ལ་ཉེན་བརྡ་གཏོང་བཞིན་ཡོད། ཉམས་ཞིབ་པ་ཁག་ཅིག་གིས་བརྗོད་ན། མའོ་ཡིས་བོད་དེ་མཛུབ་མཐིལ་རེད་ཅེས་པའི་གནས་ལུགས་དེ་ཡིག་ཐོག་སོགས་སུ་གསལ་ཁ་མེད་སྐོར་དང་། དེ་མའོ་ཡིས་བཤད་ཡོད་མེད་སོགས་ཀྱི་སྐོར་བགྲོ་གླེང་ཡོང་བཞིན་འདུག་ཀྱང་། ཚོགས་འདུའི་སྟེང་ཀིརྟིའི་ནང་བསྟན་ཆེས་མཐོའི་སློབ་གཉེར་ཁང་གི་སློབ་དཔོན་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་ལགས་ཀྱིས། ༼གསར་འགྱུར་མེ་ལོང་དང་དགེ་སློང་རིག་འཛིན་དབང་པོའི་སྐོར།༽ ཞེས་པའི་བརྗོད་གཞིའི་སྐོར་གཏམ་བཤད་གནང་སྐབས། ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་ནང་། དགེ་སློང་རིག་འཛིན་དབང་པོ་ལགས་ཀྱིས་ཟུར་ཟའི་རི་མོ་ཞིག་བཀོད་འདུག་པ་དེས། གོང་ཞུས་མའོ་ཡིས་རྒྱ་སྐྱེད་རིང་ལུགས་ཀྱི་བསམ་བློ་དེ་ཚབ་མཚོན་ཐུབ་པ་འདུག་སྙམ།

གོང་གི་ཟུར་ཟའི་རི་མོ་དེའི་ནང་མའོ་ལ་༼དམག་ཚེ་ལྟུངས།༽ ཞེས་བཏགས་འདུག་ལ། མའོ་ཡི་ཁའི་ནང་བོད་དེ་ཟོས་ཟིན་ཞིང་རིམ་གྱིས་ལ་དྭགས། བལ་ཡུལ། འབྲུག ཨ་སམ་སོགས་ཀྱི་ཕྱོགས་སུ་བཟའ་འདོད་ཡོད་པའི་རྣམ་པ་མངོན་འདུག

གཞན་ཡང་ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་ནང། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་དང་། རྒྱ་དཀར་ནག་གཉིས་དབར་གྱི་ཆབ་སྲིད་འགྱུར་གྲོས་སོགས་ཀྱི་སྐོར་ཟུར་ཟའི་རི་མོ་མང་དག་ཅིག་བཀོད་འདུག་ལ། ཉམས་ཞིབ་པ་ཁག་ཅིག་གིས་བརྗོད་ན། ཕྱིས་སུ་གསར་ཁང་དེ་ཉིད་ལ་དཔལ་འབྱོར་གྱི་སྐུ་ངལ་འཕྲད་སྐབས། རྒྱ་ནག་གིས་ཉོ་རྩིས་བྱས་ཀྱང་། སྐུ་ཞབས་བྷ་བུ་མཐར་ཕྱིན་ལགས་ཀྱིས་ལྷག་བསམ་ཆེན་པོས་བཙོང་མེད་པའི་གནས་ཚུལ་ཡང་འདུག

མཇུག་གཏམ།  

རང་ཉིད་ནས་འདིར་བྲིས་པའི་གནས་ཚུལ་རྣམས། བོད་ཀྱི་བཤད་སྲོལ་ལྟར་༼གཞན་ནས་བླངས་ཏེ་རང་གིར་ཡིན་བྱེད་པ། ། སེང་གེའི་ལྷག་མ་ཟ་བའི་ཝ་དང་མཚུངས། །༽ ཟེར་བ་བཞིན། རང་ངོས་ནས་ཉམས་ཞིབ་མཐིལ་ཕྱིན་པ་དང་ཡིག་རྙིང་འཚོལ་སྒྲུབ་སོགས་གང་ཡང་བྱས་མེད་པས། ཚོགས་འདུའི་ཐོག་མཁས་དབང་རྣམ་པ་དང་། ཉམས་ཞིབ་པ་ཚོས་སྐུ་ལས་བསྐྱོན་པའི་ཉེར་ལེན་ལ་བརྟེན། རང་ཉིད་ནས་གང་ཐོས་པ་དང་བློ་སྐྱེད་གསར་པ་གང་བྱུང་བ་རྣམས། ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན་གྱི་ཚུལ་དུ་བྲིས་པ་ལགས། སླར་ཡང་ཚིག་སྦྱོར་དང་རྩོམ་འགྲོས་སོགས་མི་ལེགས་པས། ལྷན་རྒྱས་ནས་སྙིང་རྗེ་ཆེན་པོས་བཟོད་སྲན་མཛོད་ཅིག

འབྲེལ་ཡོད་གསར་འགྱུར།

ཞུ་ཡིག་ངོ་བཤུས། པར་དྲ་ལམ་ནས་བླངས།
Mobile App

 རྒྱ་ནག་གི་སློབ་ཆེན་ ༡༤ ཡི་ཞུ་ཡིག་དེ་བདེན་པ་རེད་དམ།

ཆུ་ཚོད་ ༢༡ སྔོན་ལ།
This photo was captured by our volunteer photographer, Lee Lay Na, on 20 September 2025 at the Long Life Offering Ceremony, co-organised by the Tibetan Buddhist Centre and six Buddhist organisations from Southeast Asia and South Korea.
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་ཨ་རིའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ།

ཆུ་ཚོད་ ༢༣ སྔོན་ལ།
ཀི་ལི་ཡན་མེམ་བྷ་པེ་དང་རྒྱ་ནག་གི་མགོ་ཁྲིད་མའོ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས། 

༢༠༢༦/༡༠/༢༨
TTT
Mobile App

རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། 

༢༠༢༦/༡༠/༢༨
China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

༢༠༢༦/༡༠/༢༧
Mobile App

ཕུན་ཚོགས་ཕོ་བྲང་ནས་འཕྲོས་པའི་ཉི་འོད།

༢༠༢༦/༡༠/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese