མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉིན་གསུམ་རིང་གི་སེམས་དང་སྲོག་གི་བགྲོ་གླེང་ཐེངས་ ༣༩ བ་དབུ་འཛུགས་གནང་།

བོད་ཀྱི་དུས་བབ།
༢༠༢༥/༡༠/༡༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་ཚེས་ ༡༤ ནས་ ༡༦ བར་ཉིན་གྲངས་གསུམ་གྱི་རིང་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་དུ་སེམས་དང་མིས་བཟོས་རིག་ནུས་ (AI)། བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་སེམས་དང་སྲོག་གི་བགྲོ་གླེང་ཐེངས་ ༣༩ བ་འཚོག་གིན་འདུག

སེམས་དང་སྲོག་གི་བགྲོ་གླེང་ཐེངས་ ༣༩ འཚོག་བཞིན་པ།  བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༡༠།༡༤

༸སྐུའི་གསུང་སྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས། སྤྱིར་བཏང་སེམས་དང་སྲོག་གི་ཚོགས་འདུ་འདི་དག་སྔོན་མ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་པ་ལའང་འཕྲུལ་ཆས་ཀྱི་ཐོག་ནས་འགྲོ་བ་མི་སྤྱིའི་བདེ་དོན་ལ་ཤུགས་སྣོན་ཆེན་པོ་ཐེབས་མཁན་གྱི་རིགས་ལ་ནང་པའི་ལྟ་གྲུབ་དང་བསམ་བློ་སྦྱོང་སྟངས་སོགས་ཀྱི་ཐོག་ནས་འབྲེལ་བ་བཟོ་ཐུབ་པ་ཡིན་ན། འགྲོ་བ་མི་སྤྱིའི་ཞབས་འདེགས་ལ་འགྲོ་རྒྱུའི་རྐྱེན་ལ་འགྲོ་ཡི་རེད་ཅེས་རྩ་བའི་དགོངས་བཞེས་ཡོད་པ་རེད། དེང་སང་བཅོས་མའི་ཤེས་པའམ་མིས་བཟོས་རིག་ནུས་ (Artificial Intelligence) དེ་ད་ལྟའི་ཆར་ཆ་ཤས་མང་པོ་ཞིག་གི་ནང་ཚུད་ནས་མ་འོངས་པར་མིས་བྱེད་ཐུབ་རྒྱུའི་རྣམ་དཔྱོད་ཀྱི་བྱེད་ལས་ཚང་མ་འདིའི་ཐོག་ནས་བཏོན་ཐུབ་ཀྱི་རེད་ཟེར་བའི་བསམ་ཚུལ་ཡོད་མཁན་མང་པོ་ཡོད་པ་རེད། དེ་འདྲའི་ཐོག་ནས་མང་པོ་ཞིག་མགོ་འཁོར་བ་དང་མགོ་འཁྲུག་ནས་བསྡད་ཡོད་པས། ད་ལན་སེམས་དང་སྲོག་གི་ཚོགས་འདུའི་ཐོག་ནས་དཔེར་ན། ནང་པའི་ངོས་ནས་ཆ་བཞག་པ་ན། ནང་པའི་ནང་ལོགས་ལ་ཤེས་པའི་རྣམ་གཞག་དང་། ཤེས་པའི་ངོ་བོ་དང་རང་བཞིན་དེ་དག་གི་ཐོག་ལ་ཤེས་པ་ (Consciousness) གཏིང་ཟབ་པོ་ཡོད་པ་རེད། ཁོང་ཚོ་མང་པོ་ཞིག་གིས་རིག་ཚོར་(consciousness) དེ་འཕྲུལ་རིག་ (machine) གི་ཐོག་ནས་བཟོ་ཐུབ་ཀྱི་རེད་ལབ་ཀྱི་ཡོད་ཀྱང་། རྩ་བའི་ཁོང་ཚོས་རིག་ཚོར (consciousness) གྱི་ངོ་བོ་བཞག་སྟངས་དེ་ནུབ་ཕྱོགས་ཀྱི་ལྟ་གྲུབ་གཞིར་བཞག་བྱས་ནས་འཇོག་པ་མ་གཏོགས། ནང་པ་ནང་བཞིན་གཏིང་ཟབ་པོ་མེད། ད་ལན་ང་ཚོས་ཚོགས་འདུ་དམིགས་བསལ་འཚོག་དགོས་དོན་ནི། ནང་པའི་ལྟ་གྲུབ་དང་། སེམས་ཁམས་རིག་པ། རྣམ་ཤེས་ཀྱི་ངོ་བོ་བཞག་སྟངས། ལྷག་པར་དུ་ནང་པའི་ཐོག་ནས་མིའི་བྱ་སྤྱོད་གང་དང་གང་ཡིན་རུང་མཐར་ཐུག་སྤྱི་ཚོགས་ལ་ཕན་ཐོགས་པར་སྙིང་རྗེའི་ཀུན་སློང་དགོས་ཀྱི་ཡོད་པ་རེད། དེ་ཚོའི་ཐོག་ལ་ད་ལན་གོ་སྐབས་བཟུང་ནས་མིས་བཟོས་རིག་ནུས་ (Artificial Intelligence) ཀྱི་ཐོག་ལ་ཉམས་ཞིབ་བྱེད་མཁན་གྱི་མཁས་པ་མང་པོ་ཡོད་ལ། ཁོར་ཡུག་དང་སྤྱི་ཚོགས་ཀྱི་ཐོག་ལ་ཤུགས་སྣོན་ཐེབས་རྒྱུའི་ཐོག་ནས་ལྟ་མཁན། མིས་བཟོས་རིག་ནུས་ (AI) ཀྱི་ལས་གཞིའི་ཐོག་ཕྱག་ལས་གནང་མཁན། དངོས་གཞི་ (programme design) བྱེད་སྐབས་མིའི་བཟང་སྤྱོད་བཅུག་ཐུབ་ཀྱི་ཡོད་མེད་ཐོག་ལ་བསམ་བློ་གཏོང་སྟངས་མང་པོ་ཞིག་ཡོང་གི་ཡོད་པས། ད་ལན་གྱི་བགྲོ་གླེང་དེ་གནད་འགག་ཆེན་པོ་ཆགས་ཀྱི་ཡོད། ཅེས་གསུངས་བྱུང་།

མ་འོངས་པར་ཚོགས་འདུ་མུ་མཐུད་འཚོག་རྒྱུ་དང་འབྲེལ་ནས་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས། ༸གོང་ས་མཆོག་ནས་སེམས་དང་སྲོག་གི་རྩ་བའི་དམིགས་ཡུལ་ནི་འགྲོ་བ་མི་སྤྱིའི་བདེ་དོན་ཐོག་ལ་ནང་པའི་ལྟ་གྲུབ་དང་ཚན་རིག་ཟུང་འབྲེལ་གྱི་ཐོག་ནས་མཉམ་ཞུགས་བྱས་ཏེ་དཔྱད་པ་བྱ་རྒྱུའི་ཐབས་ལམ་ཞིག་ཡིན་པས་། ༸སྐུ་མདུན་ཞལ་མ་བཞུགས་པ་དང་ང་ཚོ་མ་བསྡད་པའི་རྗེས་སུའང་གནས་དགོས་ཀྱི་རེད་ཅེས་བཀའ་གནང་ཡོད་པ་རེད། དེར་བརྟེན་བཀའ་གནང་བ་ལྟར་སེམས་དང་སྲོག་གི་ཚོགས་པའི་ངོས་ནས་མ་འོངས་པར་རྒྱུན་གནས་ཡོང་སླད་༸གོང་ས་མཆོག་གི་མཚན་ཐོག་ལ་ཐེབས་རྩ་བཙུགས་ཡོད་པ་རེད། ང་ཚོའི་རེ་བ་གཅིག་ནི་ད་ལན་མཉམ་ཞུགས་བྱེད་མཁན་ནང་ཆོས་དོན་རེ་རེའི་ནས་རབ་ཏུ་བྱུང་བའི་དགེ་བཤེས་དང་དགེ་བཤེས་མ་ཡོད་པ་རེད། མ་འོངས་པར་ཁོང་ཚོས་ཨེ་མོ་རི་ཚན་རིག་ལས་རིམ་ (Emory Science Initiative) གྱི་ཐོག་ནས་ཚན་རིག་གི་ཐོག་ལ་སྦྱངས་པ་དང་། གཞུང་ཆེན་མོའི་ཕྱག་དཔེ་ཡང་གཟིགས་པ་སོགས་རིམ་པས་ང་ཚོ་ནང་པའི་བོད་ཀྱི་མཁས་པ་ཚོ་དང་གདན་ས་བཤད་གྲྭ་ཁག་གི་མཁས་པ་རྣམས་མཉམ་ཞུགས་བྱས་པ་ཡིན་ན། ༸གོང་ས་མཆོག་གི་ཐུགས་རེའང་དེ་ལྟར་རེད། ༸སྐུ་མདུན་གྱིས། ངོས་ནས་མགོ་ཚུགས་པ་དང་། མཐའ་མ་མཇུག་སྐྱོང་བའི་སྐབས་མི་རབས་ནས་མི་རབས་བར་འགྲོ་དགོས་ཀྱི་ཡོད་པ་གསུངས་ཀྱི་ཡོད། ད་ལན་༸སྐྱབས་རྗེ་ཁང་སེར་རིན་པོ་ཆེ་ཕེབས་ཀྱི་ཡོད་པ་རེད། མ་འོངས་པར་དབྱིན་ཇི་མཁྱེན་མཁན་གྱི་དགེ་བཤེས་དང་དགེ་བཤེས་མ་མུ་མཐུད་ནས་གནས་ཐུབ་རྒྱུའི་ཐུགས་རེ་ཡོད་པ་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་ཟླ་གཅིག་དང་ཉིན་གྲངས་ ༨ རིང་ལ་དྭགས་སུ་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

ཆུ་ཚོད་ ༡༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་བསྩལ་བའི་གསུང་ཆོས་དང་བཀའ་སློབ།

༢༠༢༦/༠༢/༡༩
Mobile App

ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་ལོ་གསར་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཁག

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

༢༠༢༦/༠༢/༡༧
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese