མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་ཤོག་སྦག་གི་སྒྱུ་རྩལ་འགྲེམས་སྟོན་བྱེད་མཁན་ལ་ཉེས་ཆད་བཅད།

བོད་ཀྱི་དུས་བབ།
༢༠༢༥/༡༠/༡༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་རྩེ་རྫོང་ཁུལ་དུ་ཤོག་སྦག་གི་སྒྱུ་རྩལ་འགྲེམས་སྟོན་བྱས་པ་དང་འབྲེལ། རྒྱ་གཞུང་གིས་རྒྱ་རིགས་སྒྱུ་རྩལ་བ་ཚའེ་གོ་ཆང་དང་རྒྱ་ནག་གི་གྱོན་ཆས་བཟོ་ཚོང་ཁང་ (Arc’teryx) གཉིས་ཀྱི་གཙོས་འབྲེལ་ཡོད་ས་གནས་ཀྱི་དམར་ཤོག་དྲུང་ཆེ་དང་བདེ་འཇགས་ལས་ཁུངས་ཀྱི་མགོ་ཁྲིད། ད་དུང་ས་གནས་སྲིད་གཞུང་གི་མགོ་ཁྲིད་རྡོ་རྗེ་ཕུན་ཚོགས་སོགས་ལས་གནས་ནས་ཕྱིར་ཕུད་བཏང་ཡོད་འདུག

དྲ་ལམ་གྱི་པར།

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་བོད་གཞིས་ཀ་རྩེ་གྲོང་ཁྱེར་གཞུང་གིས། གཞིས་ཀ་རྩེ་རྒྱལ་རྩེ་རྫོང་ར་ལུང་གྲོང་སྡེའི་རི་ངོས་ཤིག་ཏུ་ཤོག་སྦག་ཕོན་ཆེན་སྤར་བའི་གནད་དོན་དེས། བོད་ཀྱི་རྩ་ཐང་དང་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་དང་སྟོངས་ཉེན་ཡོད་པའི་རི་སྐྱེས་སྲོག་ཆགས་ལ་འཇིགས་སྐུལ་དང་ཉེན་ཁ་བསྐྲུན་པ། ད་དུང་ཤོག་སྦག་སྤར་བའི་གནད་དོན་དེ་ནི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་དང་འགལ་ཡོད་པ་སོགས་ལ་བརྟེན་ནས། རྒྱ་རིགས་སྒྱུ་རྩལ་བ་ཚའེ་གོ་ཆང་ (Cai Guo-qiang) དང་རྒྱ་ནག་གི་གྱོན་ཆས་བཟོ་ཚོང་ཁང་ (Arc’teryx) གཉིས་ལ་ཉེས་ཆད་བཅད་པ་དང་། རྒྱལ་རྩེ་རྫོང་གི་འབྲེལ་ཡོད་མགོ་ཁྲིད་ཁག་ཅིག་ལས་གནས་ནས་ཕྱིར་ཕུད་བཏང་བ་དང་ལས་བྱེད་པ་དྲུག་ལ་མུ་མཐུད་ཞིབ་བཤེར་བྱེད་ཀྱི་ཡོད་འདུག

དེ་འབྲེལ་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན།  རྒྱ་རིགས་སྒྱུ་རྩལ་བ་ཚའེ་གོ་ཆང་ (Cai Guo-qiang) དང་རྒྱ་ནག་གི་གྱོན་ཆས་བཟོ་ཚོང་ཁང་ (Arc’teryx) གཉིས་ཀྱིས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་བཏང་བར་ཁྲིམས་ལུགས་ལྟར་གུན་ཚབ་འཇལ་དགོས་པ་མ་ཟད། གནོད་སྐྱོན་ཐེབས་པའི་ཁོར་ཡུག་བསྐྱར་གསོའི་ལས་འགན་དང་དུ་ལེན་དགོས་པའི་ཉེས་ཆད་བཅད་ཡོད་ཅིང་། རྒྱལ་རྩེ་རྫོང་གི་དམར་ཤོག་ཚོགས་པའི་ཚོགས་མི་དང་རྫོང་སྲིད་གཞུང་། ད་དུང་འབྲེལ་ཡོད་ལས་ཁུངས་ཁག་ཅིག་གིས། ཁྲིམས་ལུགས་ལག་བསྟར་གྱི་གོ་རིམ་འཐུས་ཚང་མེད་ཁར་ཕྲག་ཏུ་བབ་པའི་འོས་འགན་ཡང་ཁུར་ཐུབ་མེད་པའི་རྒྱུ་མཚན་འོག རྒྱལ་རྩེ་རྫོང་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲན་ཝོ་ (Chen Wu) དང་། རྒྱལ་རྩེ་རྫོང་སྲིད་གཞུང་གི་མགོ་ཁྲིད་རྡོ་རྗེ་ཕུན་ཚོགས། ས་གནས་བདེ་འཇགས་ལས་ཁུངས་ཀྱི་མགོ་ཁྲིད་ལི་ཅི་ཕིན་ (Li Jiping)། ས་གནས་ཀྱི་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་སྲུང་སྐྱོབ་སྡེ་ཚན་གྱི་ལས་བྱེད་པ་གཉིས་བཅས་ལས་གནས་ནས་ཕྱིར་ཕུད་བཏང་ཡོད་ཅིང་། ད་དུང་འབྲེལ་ཡོད་ལས་བྱེད་དྲུག་ལ་ཞིབ་བཤེར་བྱེད་མུས་ཡིན་འདུག

གཞིས་ཀ་རྩེ་གྲོང་ཁྱེར་སྲིད་གཞུང་གིས། ཆེད་ལས་མི་སྣས་གྲུབ་པའི་རྟོག་ཞིབ་ཚན་ཁག་ཅིག་ར་ལུང་གྲོང་སྡེའི་རི་ངོས་སུ་ཞིབ་འཇུག་བྱེད་པར་བཀོད་མངག་བྱས་ཡོད་ཅིང་། ཚའེ་གོ་ཆང་གིས་ཤོག་སྦག་འཇོག་སྣོན་ ༡༠༥༠ བཀོལ་སྤྱོད་ཀྱིས་ས་ཁྱོན་སྤྱི་ཆིང་ཁྲི་ ༣༠།༠༦ གི་རྩ་ཐང་ལ་གནོད་སྐྱོན་བཟོས་ཡོད་པ་མ་ཟད། ལས་གཞི་དེའི་ཆེད་ས་བརྐོ་དང་། མི་དང་རླངས་འཁོར་སོགས་ཡར་འགྲོ་མར་འོང་བྱས་པའི་རྐྱེན་གྱིས་ཡུལ་དེའི་ས་གཤིས་དང་རྩི་ཤིང་སྐྱེ་འཕེལ་གྱི་འཁོར་རྒྱུག རྩ་ས་བཅས་ཀྱི་ས་ཁྱོན་སྤྱི་ཆིང་ཁྲི་ ༡༥།༢༩ ལ་གནོད་སྐྱོན་ཐེབས་ཡོད་པ་དང་། ཤོག་སྦག་འབར་གས་བྱུང་རྗེས་ཀྱི་གད་སྙིགས་དང་འགྱིག་སྙིགས་སོགས་གཙང་བཟོ་བྱེད་མ་ཐུབ་པར་འབག་བཙོག་བཟོས་ཡོད་སྐོར་བརྗོད་འདུག

ར་ལུང་གི་རི་ངོས་སུ་ཤོག་སྦག་གི་སྒྱུ་རྩལ་འགྲེམས་སྟོན་བྱེད་མཁན་དང་འབྲེལ་ཡོད་ས་གནས་ཀྱི་དཔོན་རིགས་ཚོར་ཞིབ་བཤེར་བྱས་ཏེ་ཉེས་ཆད་གཅོད་དོན་གཙོ་བོ་ནི། ས་གནས་བོད་མི་ཚོས་ངོ་རྒོལ་བྱས་པ་མ་ཡིན་པར། རྒྱ་ནག་རྒྱལ་ཡོངས་ཀྱི་རྒྱ་རིགས་ཁྲི་སྟོང་མང་པོས་དྲ་ལམ་དུ་སྐྱོན་བརྗོད་བྱས་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང་། དེ་མིན་ད་སྔ་བར་རྒྱ་ནག་གཞུང་གིས་བོད་མི་ཁོར་ཡུག་སྲུང་སྐྱོབ་པ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཞུ་གཏུགས་བྱེད་མཁན་རྣམས་ལ་ཉེས་རྡུང་གཏོང་བ་དང་འཛིན་བཟུང་སོགས་བྱེད་པ་ལས་དེ་འབྲེལ་རྒྱ་ནག་གི་བཟོ་གྲྭ་ཁག་དང་ས་གནས་ཀྱི་དཔོན་རིགས་ཚོར་ཉེས་ཆད་སོགས་གང་ཡང་གཅོད་ཀྱི་མེད་སྐོར་བོད་གནས་བསྐྱར་ཞིབ་ཁང་གིས་བརྗོད།

འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡༩ ཉིན་གྱི་ཕྱི་དྲོར་བོད་རྒྱལ་རྩེ་རྫོང་ར་ལུང་གྲོང་སྡེའི་རི་ངོས་ཤིག་ཏུ། སྒྱུ་རྩལ་དང་རང་བྱུང་ཁོར་ཡུག་གི་དུས་སྟོན་ཟེར་བའི་མིང་འོག་ནས་རྒྱ་རིགས་སྒྱུ་རྩལ་བ་ཚའེ་གོ་ཆང་ (Cai Guo-qiang) ཟེར་བ་ཞིག་དང་། རྒྱ་ནག་གི་གྱོན་ཆས་བཟོ་ཚོང་ཁང་ (Arc’teryx)གཉིས་མཉམ་འབྲེལ་གྱིས་འབྲུག་དབྱིབས་སུ་ཚོན་མདངས་སྣ་ལྔའི་ཤོག་སྦག་ཕོན་ཆེན་སྤར་ཡོད་སྟབས། བོད་ཕྱི་ནང་གཉིས་དང་ལྷག་པར་དུ་རྒྱ་རིགས་སྟོང་ཕྲག་མང་པོས་ཡིག་བརྙན་སོགས་བརྒྱུད་ལམ་འདྲ་མིན་གྱི་ཐོག་ནས་བོད་མཐོ་སྒང་གི་ཁོར་ཡུག་ལ་གསོ་ཐབས་བྲལ་བའི་གནོད་སྐྱོན་འབག་བཙོག་བཟོས་བ་དང་། རི་སྐྱེས་སེམས་ཅན་གྱི་འཚོ་གནས་ལ་གནོད་པ་བཟོས་པར་སྐྱོན་བརྗོད་ཤུགས་ཆེན་བྱས་སྟབས།  སྐབས་དེར་ས་གནས་སྲིད་གཞུང་གིས་གནད་དོན་དེར་ཞིབ་འཇུག་མི་བྱེད་ཀ་མེད་ལྟ་བུར་གྱུར་ཏེ། ད་ལྟ་འབྲེལ་ཡོད་སྒྱུ་རྩལ་བ་དང་གྱོན་ཆས་བཟོ་ཚོང་ཁང་། ས་གནས་ཀྱི་དཔོན་རིགས་ཁག་བཅས་ལ་ཉེས་ཆད་བཅད་པའི་བརྒྱུད་རིམ་འདི་བྱུང་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་རྒྱ་གར་ལྷོ་ཕྱོགས་སུ་ཉིན་གྲངས་ ༦༠ རིང་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

ཆུ་ཚོད་ ༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་ཟླ་གཅིག་དང་ཉིན་གྲངས་ ༨ རིང་ལ་དྭགས་སུ་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

༢༠༢༦/༠༢/༢༠
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་བསྩལ་བའི་གསུང་ཆོས་དང་བཀའ་སློབ།

༢༠༢༦/༠༢/༡༩
Mobile App

ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་ལོ་གསར་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཁག

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

༢༠༢༦/༠༢/༡༧

མཆན། 1

  1. ཀླུ་ཚང་སྦྲ་ནག་བརྩོན་འགྲུས says:
    ཟླ་བ། 4 སྔོན།

    དུས་བབ་གསར་ཁང་གི་མཛད་སྤྱོད་པ་ཞིག་གོ་ངོས་ནས་བཤད་ན། ཚར་པར་གྱི་ནང་དོན་འཐུས་ཚང་ཡོང་བར་བྱེད་པ་ལ། ཚག་འགོད་པའི་ཕྱོགས་ལྷུང་གི་རྣམ་པ་ཡོངས་སུ་སྤངས་དགོས་ལ། དོན་དངོས་ཀྱི་གནས་ཚུལ་འདོན་སྤེལ་བྱེད་པ་གཙོ་གནད་དུ་འཛིན་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese