མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་སྤྱི་གཉིས་ཀྱིས་ཉི་ཧོང་གི་སྲིད་བློན་གསར་པར་འཚམས་འདྲི་གནང་།

བོད་ཀྱི་དུས་བབ།
༢༠༢༥/༡༠/༢༤
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཀྱིས་ལྕམ་སྐུ་ས་ནའེ་ཊ་ཀའེ་ཆི་མཆོག་ཉི་ཧོང་གི་སྲིད་བློན་གསར་པར་འདེམས་ཐོན་བྱུང་བར་འཚམས་འདྲི་གནང་།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཉི་ཧོང་གི་སྲིད་བློན་ས་ནའེ་ཊ་ཀའེ་ཆི་ལགས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར་སྒྲིག་སྦྱོར་བྱས།

ཁ་སང་ཕྱི་ཚེས་ ༢༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྲིད་བློན་ས་ནའེ་ཊ་ཀའེ་ཆི་མཆོག་ལ་འཚམས་འདྲི་གནང་བའི་ནང་། ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ལྕམ་སྐུ་ས་ནའེ་ཊ་ཀའེ་ཆི་ (Sanae Takaichi) མཆོག་ཉི་ཧོང་གི་སྲིད་བློན་དུ་འདེམས་ཐོན་བྱུང་བར་འཚམས་འདྲི་ཞུས་པ་དང་། ཉི་ཧོང་གི་བུད་མེད་སྲིད་བློན་ཐོག་མར་འགྱུར་བར་ལོ་རྒྱུས་རང་བཞིན་ལྡན་པའི་ལེགས་འགྲུབ་ལ་བསྔགས་བརྗོད་ཞུས་ཡོད། ཅེས་གསུངས།

སྲིད་སྐྱོང་མཆོག་གི་འཚམས་འདྲིའི་ནང་། སྲིད་བློན་དམ་པ་ཤིན་ཛོ་ཨ་བྷེ་ (Shinzo Abe) མཆོག་གིས་ཡུན་རིང་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་རྗེས་སུ་ཡི་རངས་དང་། སྲིད་བློན་ལྕམ་སྐུ་ས་ནའེ་ཊ་ཀའེ་ཆི་མཆོག་ནས་མུ་མཐུད་དུ་བོད་དང་ཉི་ཧོང་བར་གྱི་འབྲེལ་ལམ་གཏིང་ཟབ་ཏུ་གཏོང་རྒྱུར་འབད་བརྩོན་གནང་བར་བསྔགས་བརྗོད་ཞུ་ཡི་ཡོད། ཁྱེད་ཀྱིས་བོད་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་དང་། བོད་མིའི་ཐོབ་ཐང་སྲུང་སྐྱོབ་དགོས་པའི་འབོད་སྐུལ་མུ་མཐུད་དུ་གནང་བ་དེས་ཁྱེད་ཀྱི་སྙིང་སྟོབས་མཚོན་ཡོད་ལ། ཁྱེད་ཀྱི་རྒྱབ་སྐྱོར་གྱིས་ཉེ་ལམ་ཉི་ཧོང་དུ་སྐོང་ཚོགས་གནང་བའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པ་ལེགས་གྲུབ་བྱུང་ཡོད་པར་བརྟེན། སྐུ་ཉིད་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས།

ཡང་སྲིད་སྐྱོང་མཆོག་གིས། ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ནི་བོད་དོན་རྒྱབ་སྐྱོར་སླད་འཛམ་གླིང་ནང་ཚོགས་པ་ཆེ་ཤོས་ཤིག་ཡིན་ཞིང་། ཉི་ཧོང་གི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་དོན་ཐོག་སེམས་འཁུར་དང་དྲང་བདེན་ལ་དགའ་ཞེན་ཡོད་པ་མཚོན་ལ། ཉི་ཧོང་གིས་མུ་མཐུད་དུ་བོད་དོན་ལ་རྒྱབ་སྐྱོར་གནང་བར་བརྟེན། བོད་མིའི་སྙིང་སྟོབས་རྒྱུན་འཛིན་ཐུབ་པ་དང་བཙན་བྱོལ་ནང་གི་དམངས་གཙོའི་སྒྲིག་འཛུགས་སྲ་བརྟན་དུ་གཏོང་བཞིན་ཡོད། ཅེས་དང་། སྐུ་ཉིད་ཀྱིས་སྲིད་བློན་གནང་བའི་རིང་བོད་དང་ཉི་ཧོང་བར་གྱི་འབྲེལ་ལམ་སྔར་ལྷག་དམ་ཟབ་ཏུ་འགྲོ་རྒྱུ་དང་། ཉི་ཧོང་གིས་མུ་མཐུད་དུ་བོད་དོན་ཐོག་རྒྱག་སྐྱོར་གནང་རྒྱུའི་ཡིད་ཆེས་བརྟན་པོ་ཡོད། དེ་བཞིན་སྐུ་ཉིད་ཀྱི་མངོན་འདོད་འགྲུབ་ཐུབ་པའི་སྨོན་འདུན་ཡོད། ཅེས་གསུངས་འདུག

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་འཚམས་འདྲི་གནང་བའི་ནང་། ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། ཁྱེད་རང་ཉི་ཧོང་གི་ལོ་རྒྱུས་ནང་བུད་མེད་སྲིད་བློན་ཐོག་མར་འདེམས་ཐོན་བྱུང་བར་འཚམས་འདྲི་ཞུ་ཡི་ཡོད། བོད་དང་ཉི་ཧོང་དབར་ཐུན་མོང་ནང་ཆོས་དང་འབྲེལ་བའི་རིག་གཞུང་དང་། ཕན་ཚུན་གུས་བརྩི་གཞི་རྩར་བཟུང་བའི་ཐོག་ནས་ད་བར་ལོ་རྒྱུས་དང་། རིག་གཞུང་། ཆོས་ཕྱོགས་བཅས་ཀྱི་འབྲེལ་བ་གཏིང་ཟབ་ཡོད་ཅིང་། འདས་པའི་ལོ་ངོ་བཅུ་ཕྲག་མང་པོའི་རིང་ཉི་ཧོང་རྒྱལ་ཁབ་ནི་བོད་ཀྱི་བདེན་པའི་རྩ་དོན་ལ་རྒྱབ་སྐྱོར་གཡོ་བ་མེད་པ་གནང་མཁན་ཞིག་ཡིན་ལ། ཉི་ཧོང་གཞུང་མང་གཉིས་ཀྱིས་བོད་དོན་ཐོག་མུ་མཐུད་དུ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས།

ཡང་ཚོགས་གཙོ་མཆོག་གིས། ལྕམ་སྐུ་ས་ནའེ་མཆོག་ཉི་ཧོང་གི་སྲིད་བློན་དུ་འདེམས་ཐོན་བྱུང་བ་དེས་ཉི་ཧོང་མི་མང་དང་། སྐུ་ཉིད་ཀྱི་སྲིད་དོན་ཚོགས་པས་ཡིད་ཆེས་དང་གདེང་འཇོག་ཆེན་པོ་གནང་གི་ཡོད་པ་མཚོན་ཐུབ་ལ། དུས་ཡུན་རིང་པོ་ནས་བཟུང་ཉི་ཧོང་ནི་རྒྱལ་སྤྱིའི་ནང་དམངས་གཙོ་དང་། ཞི་བདེ། གསར་གཏོད་ཐོག་ལ་མིག་དཔེ་ལྟ་ཡུལ་ཞིག་ཆགས་ཡོད། སྐུ་ཉིད་ཀྱི་སྣེ་ཁྲིད་འོག་ཉི་ཧོང་རྒྱལ་ཁབ་མུ་མཐུད་དུ་འཕེལ་རྒྱས་དང་། ས་ཁུལ་བརྟན་བརླིང་། དེ་བཞིན་རྒྱལ་སྤྱིའི་མཉམ་འབྲེལ་ཐོག་ནུས་པ་ཆེན་པོ་འདོན་ཐུབ་པའི་ཡིད་ཆེས་ཡོད། སྐུ་ཉིད་ཀྱི་ལས་ཡུན་རིང་ལས་དོན་མཐའ་དག་ལེགས་གྲུབ་ཀྱིས་ཉི་ཧོང་མི་མང་གི་མངོན་འདོད་ཡོངས་སུ་འགྲུབ་ཐུབ་རྒྱུའི་སྨོན་འདུན་ཡོད། ཅེས་གསུངས་འདུག

ལྕམ་སྐུ་ས་ནའེ་ཊ་ཀའེ་ཆི་ལགས་ནི་ཕྱི་ལོ་ ༡༩༦༡ ཟླ་ ༣ ཚེས་ ༧ ཉིན་ཉི་ཧོང་གི་ནཱ་རཱ་ཁུལ་ (Nara) དུ་ཡོད་པའི་ཡཱ་མ་ཏོ་ཀོ་རི་ཡཱ་མ་ (Yamatokōriyama) གྲོང་ཁྱེར་དུ་སྐྱེས་ཤིང་། ནཱ་རཱ་ཁུལ་གྱི་ཨུ་ནེ་བྷི་མཐོ་རིམ་སློབ་གྲྭ་ (Nara Prefectural Unebi High School) ནས་འབྲིང་རིམ་སློབ་སྦྱོང་བྱས་པ་དང་། ཀོ་བྷེ་གཙུག་ལག་སློབ་གཉེར་ཁང་ (Kobe University) ནས་ཚོང་རིག་གི་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན། ཕྱི་ལོ་ ༡༩༨༩ ཟླ་ ༣ པའི་ནང་ཉི་ཧོང་གི་ཨ་ས་ཧི་རླུང་འཕྲིན་ཁང་ (TV Asahi) དུ་གསར་འགོད་མདོ་འཛིན་པའི་ཕྱག་ལས་གནང་བ་མ་ཟད། ཕྱི་ལོ་ ༡༩༩༠ ཟླ་ ༡༡ ནང་ཧྥུ་ཇི་རླུང་འཕྲིན་ཁང་ (Fuji Television) གི་མདོ་འཛིན་པའི་ལས་གནས་གཉེར། ཕྱི་ལོ་ ༡༩༩༣ ནས་ ༢༠༠༣ བར་ཉི་ཧོང་གི་གྲོས་ཚོགས་འོག་མའི་འཐུས་མི་དང་། ནང་སྲིད་དང་བརྡ་འཕྲིན་བློན་ཆེན་གྱི་ཕྱག་ལས་གནང་། ཕྱི་ལོ་ ༢༠༢༢ ནས་ ༢༠༢༤ བར་དཔལ་འབྱོར་བདེ་འཇགས་བློན་ཆེན་གྱི་འགན་འཁུར་བཞེས། ཟླ་འདིའི་ཕྱི་ཚེས་ ༤ ཉིན་གུ་ཡངས་དམངས་གཙོ་སྲིད་དོན་ཚོགས་པའི་ཚོགས་གཙོར་བདམས། ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་ཉི་ཧོང་གྲོས་ཚོགས་གོང་འོག་གཉིས་ཀྱིས་ཡུལ་དེའི་བུད་མེད་སྲིད་བློན་ཐོག་མར་འོས་འདེམས་གནང་།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་སློབ་གྲྭ་དེ་ཉིད་དབུ་བརྙེས་ནས་མི་ལོ་ ༥༥ འཁོར་བའི་མཛད་སྒོ་འཚོགས། ༢༠༢༥།༡༢།༢༧ དུས་བབ་ཀྱི་པར།
Mobile App

དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་སློབ་གྲྭ་དེ་ཉིད་དབུ་བརྙེས་ནས་མི་ལོ་ ༥༥ འཁོར་བའི་མཛད་སྒོ་འཚོགས།

ཆུ་ཚོད་ ༢༡ སྔོན་ལ།
ལྡི་ལི་བསམ་ཡས་གླིང་། པར་བ་བློ་བཟང་སྐལ་བཟང་།
Mobile App

ཟླ་བ་གསུམ་ནང་ཚུན་དུ་ཁྲིམས་མཐུན་གྱི་བྱ་སྤྱོད་སྤེལ་དགོས་པའི་བཀའ་བཏང་།

ཆུ་ཚོད་ ༢༣ སྔོན་ལ།
Screengrab of a Tibetan monk in Minnesota, US casting his vote for the Tibetan presidential and parliamentary election in 2021
བསམ་ཚུལ།

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་དང་འབྲེལ་བའི་གཏམ་མམ་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱི་གསང་བའི་ཐ་སྙད་བཀབ་པ་མངོན་པར་ཕྱུང་བའི་ཨ་རིག་གི་འབེལ་གཏམ།

༢༠༢༥/༡༢/༢༧
བོད་རང་སྐྱོང་ལྗོངས་མི་མང་འཐུས་ཚོགས་ཀྱི་རྒྱུན་ལས་ཁང་ཟེར་བའི་མགོ་ཁྲིད་གཞོན་པ་ཝང་ཅུན། དྲ་ལམ་གྱི་པར།
Mobile App

བོད་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་ཤིག་ལ་ཞིབ་བཤེར་བྱེད་བཞིན་འདུག

༢༠༢༥/༡༢/༢༥
ཕོ་བྲང་དཀར་པོའི་མདུན་དུ་ཤར་ཏུར་ཀི་སི་ཐན་མི་མང་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས། ༢༠༢༢།༡༢།༢༢ ཤར་ཏུར་ཀི་སི་ཐན་རྒྱལ་ཡོངས་ལས་འགུལ་ཚོགས་པའི་པར།
གསར་འགྱུར།

ཤིན་ཅང་ཟེར་བའི་ཐ་སྙད་དེས་ཤར་ཏུར་ཀི་སི་ཐན་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་ལོ་རྒྱུས་ནག་གསུབ་བཏང་ཡོད་ཅེས་བརྗོད།

༢༠༢༥/༡༢/༢༤
Advertisement for App

སྐབས་ ༡༨ པའི་སྤྱི་འཐུས་འོས་མིར་ཞུགས་རྒྱུ་མིན་པའི་གསལ་བསྒྲགས།

༢༠༢༥/༡༢/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese