མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་སྐུ་འཕྲེང་དྲུག་པའི་སྐོར་ལ་རྒྱལ་སྤྱིའི་ལྷན་ཚོགས་ཤིག་འཚོག་གཏན་ཁེལ།

བོད་ཀྱི་དུས་བབ།
༢༠༢༥/༡༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༣ ནས་ ༦ བར་རྟ་དབང་དུ་༸གོང་ས་སྐུ་འཕྲེང་དྲུག་པ་རིག་འཛིན་ཚངས་དབྱངས་རྒྱ་མཚོ་མཆོག་གི་མཛད་རྣམ་དང་འབྲེལ་བའི་རྒྱལ་སྤྱིའི་ལྷན་ཚོགས་ཤིག་འཚོག་གཏན་ཁེལ་འདུག

ཨ་རུ་ན་ཅལ་མངའ་སྡེ་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གི་པར།

བོད་ཀྱི་ས་མཚམས་དང་རྒྱ་གར་གྱི་བྱང་ཤར་མངའ་སྡེ་ཨ་རུ་ན་ཅལ་ནང་། ཟླ་རྗེས་མར་༸གོང་ས་སྐུ་འཕྲེང་དྲུག་པ་རིག་འཛིན་ཚངས་དབྱངས་རྒྱ་མཚོ་མཆོག་གི་རྒྱལ་སྤྱིའི་ལྷན་ཚོགས་ཐོག་མ་དེ་འཚོག་གཏན་ཁེལ་ཡོད་ཅིང་། ཨ་རུ་ན་ཅལ་མངའ་སྡེ་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས། ཚོགས་འདུ་དེ་ནི་ཆོས་ལུགས་དང་རིག་གཞུང་། ཤེས་ཡོན་བཅས་གཅིག་ཏུ་བསྒྲིལ་བའི་རྟ་དབང་གི་དུས་སྐབས་གལ་ཆེན་ཞིག་ཡིན་ཁར། ༸རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མཛད་འཕྲིན་ཁག་འཛམ་གླིང་མི་མང་ལ་ངོ་སྤྲོད་བྱེད་པར་དམིགས་པ་ཞིག་ཡིན་སྐོར་བརྗོད་འདུག

༸གོང་ས་སྐུ་འཕྲེང་དྲུག་པའི་སྐོར་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཞེས་པ་དེ་བསྟན་འགྱུར་རིན་པོ་ཆེའི་ལམ་སྟོན་དང་ཨ་རུ་ན་ཅལ་མངའ་སྡེ་ཆོས་རིག་ལས་ཁུངས་དང་ཐུབ་བསྟན་བཤད་སྒྲུབ་གླིང་ཆོས་ཚོགས་གཉིས་ཀྱི་གོ་སྒྲིག་འོག འདི་ལོའི་ཕྱི་ཟླ་ ༡༢ ཚེས་  ༣ ནས་ ༦ བར་ནང་རྟ་དབང་དུ་འཚོག་གཏན་ཁེལ་ཡོད་པ་དང་། ལྷན་ཚོགས་ཐོག་འཛམ་གླིང་རྒྱལ་ཁབ་འདྲ་མིན་ནས་༸རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་སྐོར་ལ་ཉམས་ཞིབ་གནང་མཁན་གྱི་ཕྱི་རྒྱལ་བ་ ༡༥ དང་། བོད་བརྒྱུད་ནང་བསྟན་དང་རྒྱ་གར་གྱི་ནང་པའི་མཁས་དབང་། ཉམས་ཞིབ་པ་དང་རྩོམ་པ་པོ་སོགས་ཆེད་མཁས་པ་མང་པོ་འཛོམས་ཀྱི་ཡོད་འདུག་ལ། ལྷན་ཚོགས་དེ་བརྒྱུད་ནས་༸རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མཛད་རྗེས་ཁག་ལ་བསྐྱར་དུ་འཚོལ་ཞིབ་བྱ་རྒྱུ་དང་དམིགས་བསལ་རྟ་དབང་གི་ནང་པའི་ཤུལ་བཞག་རིག་གནས་ལའང་འཚོལ་སྙེག་གསར་པ་ཞིག་གནང་འཆར་ཡོད་འདུག

མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་སྒེར་གྱི་ཨེག་སི་དྲ་རྒྱའི་སྟེང་། འཛམ་གླིང་གིས་༸གོང་ས་སྐུ་འཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་སྐོར་ལ་ཤེས་པ་ཧ་ཅང་ཉུང་ཉུང་ཡིན། རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་རྟ་དབང་ནང་འཁྲུངས་པ་དང་ཆོས་ལུགས་ཀྱི་མི་སྣ་གལ་ཆེན་ཞིག་ཡིན་ཞིང་། ཁོང་གི་སྙན་ངག་གི་འོད་ཟེར་གྱིས་མི་རབས་ནས་མི་རབས་ལ་ཡིད་འཕྲོག་གི་ཡོད། དེར་བརྟེན། ང་ཚོར་རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་སྐུ་ཚེའི་མཛད་རྣམ་དང་ལྟ་གྲུབ། ནམ་ཡང་ཡལ་མི་སྲིད་པའི་ཁོང་གི་བཀའ་དགོངས་སོགས་འཛམ་གླིང་ལ་ངོ་སྤྲོད་པའི་འགན་ཡོད་ཅེས་དང་ཚོགས་འདུ་དེ་ནི་ཆོས་ལུགས་དང་རིག་གཞུང་། ཤེས་ཡོན་གཅིག་སྒྲིལ་བྱེད་པའི་རྟ་དབང་ལོ་རྒྱུས་ཀྱི་དུས་སྐབས་ཤིག་ཡིན་སྐོར་གསུངས་འདུག

དེ་ཡང་༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས་ལས། སྨྱོས་གདུང་མཚོ་སྣའི་ལ་འོག་ཡུལ་དུ་བལྟམས། །རིག་འཛིན་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། །རིག་པ་བརྟུལ་ཞུགས་སྤྱོད་པས་གདུལ་བྱ་སྐྱོང༌། །རིན་ཆེན་ཚངས་དབྱངས་རྒྱ་མཚོར་གསོལ་བ་འདེབས། ། ཞེས་གསུངས་པ་ལྟར་ྋརྒྱལ་བ་ཚངས་དབྱངས་རྒྱ་མཚོ་མཆོག་ནི། རབ་བྱུང་བཅུ་གཅིག་པའི་ཆུ་ཕག་ལོ་སྟེ་སྤྱི་ལོ་ ༡༦༨༣ ལོར་མོན་ལ་འོག་ཡུལ་གསུམ་དུ་ཡབ་བཀྲ་ཤིས་བསྟན་འཛིན་དང༌། ཡུམ་ཚེ་དབང་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བཅུ་གསུམ་གྱི་སྟེང་ནས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ྋརྒྱལ་བ་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་ཡོངས་གྲགས་མཛད་དེ་ལྷ་སར་ཕེབས། པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་ལ་བློ་བཟང་རིག་འཛིན་ཚངས་དབྱངས་རྒྱ་མཚོ་ཞེས་གསོལ། ཕྱི་ལོ་ ༡༦༩༦ ལོའི་ཟླ་ ༡༢ ཚེས་ ༥ ཉིན་ཕོ་བྲང་པ་ཏཱ་ལར་གསེར་ཁྲི་མངའ་གསོལ་མཛད། ཕྱི་ལོ་ ༡༧༤༦ ལོར་བོད་མདོ་སྨད་དུ་སྐུ་མྱ་ངན་ལས་འདས།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧
གསར་འགྱུར།

ཇོ་ནང་སྨོན་ལམ་ཆེན་མོ་སྐབས་བཅུ་དགུ་པ་འཚོག་གིན་འདུག

༢༠༢༦/༠༡/༠༦
From left to right: US President Donald Trump, Venezuela’s President Nicolas Maduro and Chinese President Xi Jinping. Graphic by Adekunle Owolabi
Mobile App

ཨ་རིས་ཝི་ནེ་རྫོ་ལར་དྲག་རྒོལ་བྱེད་དོན་ནི་སྣུམ་གྱི་ཐོན་ཁུངས་ཆེད་རེད་ཟེར།

༢༠༢༦/༠༡/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese