མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་མང་སྤྱི་འཐུས་ཇི་ལྟར་འཚོལ་དགོས།

བོད་ཀྱི་དུས་བབ།
༢༠༢༥/༡༡/༡༣
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས།
རྩོམ་ཁུངས། བོད་ཀྱི་དུས་བབ།

2021 Election: Tibetan people lining up to cast their vote at Tsuglak Khang, Dharamshala on March 20, 2021. Photo: Tibet Times

ཁ་སང་དེ་རིང་ཡང་བཙན་བྱོལ་བོད་མིའི་སྲིད་སྐྱོང་དང་སྤྱི་འཐུས་འོས་བསྡུའི་དུས་ལ་ཉེ་བས། དྲྭ་ལམ་ཁག་ན་མི་མང་གི་བསམ་ཚུལ་སྣ་ཚོགས་ཤིག་འབྱུང་བཞིན་འདུག ངས་དེ་དག་གི་སྐོར་ལ་ལེགས་ཉེས་ཅི་ཡང་བཤད་འདོད་མེད། བཤད་འོས་མིན་དང་ཕན་ཐོགས་མིན་ཡང་མི་ཤེས། ངས་འདིར་ཚང་མས་ངེས་པར་གསལ་རྟོགས་ཐུབ་དགོས་པའི་དོན་གནད་ཅིག་གླེང་ན་འདོད།

སྲིད་སྐྱོང་དང་སྤྱི་འཐུས་གང་ཡིན་ཡང་རང་ངོས་ནས་རེ་བ་བྱས་ནས་ལངས་མཁན་རྣམས་ལ་མི་མང་གིས་དོ་སྣང་དང་རྒྱུས་ལོན་གང་ཐུབ་བྱེད་དགོས། དེའི་ཐོག་ལ་མི་གཞན་དག་གིས་རེ་སྐུལ་དང་མཚམས་སྦྱོར་བྱེད་པ་རྣམས་ལ་ཡང་དེ་བཞིན་དོ་སྣང་རྒྱུས་ལོན་བྱེད་དགོས། དེའི་རྒྱུ་མཚན་ནི། དེ་དག་གི་ནང་ནས་སུ་དང་གང་དག་ལ་མང་མོས་འཐོབ་ངེས་པས་ཡིན། དེ་དག་སུ་ཡང་མ་ཡིན་པའི་སོ་སོ་དགའ་ས་ཙམ་ཞིག་ལ་འོས་འཕངས་ན་དེ་ནི་ཆུ་ནང་ལ་རྡོ་འཕངས་པ་དང་འདྲ་ལ། ཡང་འོས་མི་གཞན་དག་ལ་རང་ངོས་ནས་དོ་སྣང་དང་རྒྱུས་ལོན་མ་བྱས་པར་གཞན་དག་གི་འུར་བསྟོད་རྗེས་སུ་འབྲངས་ཏེ་འོས་འཕེན་པ་དག་ནི་མུན་ནག་མདའ་འཕེན་དང་འདྲ་བས། མདའ་དེ་འདྲ་འཕེན་པ་ལས་མ་འཕངས་ན་ལེགས།

འོ་ན། ཚད་ལྡན་གྱི་སྤྱི་འཐུས་འོས་མི་དེ་གང་འདྲ་ཞིག་ཡིན་དགོས་ཟེར་ན། གཞི་རྩའི་ཆ་ནས་བཅའ་ཁྲིམས་ནང་གསལ་གྱི་འོས་ཆོས་ཚང་ཞིང་དམ་འབུལ་ཇི་བཞིན་ལག་ལེན་ཐུབ་མཁན་ཞིག་ངེས་པར་ཡིན་དགོས། དེ་ཡང་འོས་ཆོས་ཚང་མཁན་ནི་འོས་འཕེན་པ་ཕལ་མོ་ཆེ་ཡང་ཡིན་མོད་ཀྱང་། དམ་བཅའ་ལག་ལེན་ཐུབ་མཁན་ནི་ཤིན་ཏུ་དཀོན་པར་མཐོང་།

དེ་ཡང་འདི་ལྟ་སྟེ། “བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་ཀྱི་ཐོག་ནས། སྤྱི་འཐུས་ཀྱི་ལས་ཁུར་ཞུ་སྒོ་མཐའ་དག བཅའ་ཁྲིམས་ཀྱི་འབྲུ་དོན་འགལ་མེད་ཐོག རང་དོན་ཕྱོགས་ལྷུང་དང༌འཇིགས་ཞུམ་ཆགས་སྡང་མེད་པར། དྲང་བདེན་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་རང་ནུས་གང་ཐེག་ཞུ་རྒྱུའི༼མཆོག་གསུམ་དབང་བཙུགས་ཀྱི༽དམ་བཅའ་བརྟན་པོ་ཞུ་རྒྱུ།” ཞེས་པའི་དམ་འབུལ་གྱི་ཚིག་དོན་ལྟར་ན། བློ་གཏད་གཅིག་དང་། མེད་པ་ལྔ། ཡོད་པ་གཉིས་བཅས་ཚང་དགོས་པ་འདི་མི་མང་ཆེ་བས་སྒྲུབ་དཀའ་བ་ཞིག་མ་རེད་དམ།

གཙོ་བོ་ནི། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་ཀྱིས་བཅའ་ཁྲིམས་ཀྱི་དགོངས་དོན་ཙམ་མིན་པར་འབྲུ་དོན་ཇི་བཞིན་མི་འགལ་བར་ཁྲིམས་སྲུང་སྐྱོབ་ཐུབ་མཁན་ཞིག་དགོས། དེ་དགོས་ན་བཅའ་ཁྲིམས་ལེགས་པོ་ཞིག་ངེས་དགོས་པ་བཤད་ཅི་ལ་དགོས། དེ་ནས་སྒེར་སེམས་དོན་གཉེར་གྱི་རང་དོན་མེད་པ་དང་གཅིག རང་གཞན་བཀར་ནས་ཕྱོགས་སུ་ལྷུང་བ་མེད་པ་དང་གཉིས། ཕྱིའི་དགྲ་ཟླ་དང་དཀའ་ངལ་ཅི་རིགས་ལ་འཇིགས་ཞུམ་མེད་པ་དང་གསུམ། སོ་སོའི་དགའ་ཉེ་སོགས་རང་ཕྱོགས་ལ་ཆགས་ཞེན་ངོ་འཛིན་མེད་པ་དང་བཞི། རང་ཉིད་མི་དགའ་ས་སོགས་ཕ་རོལ་བར་ཞེ་སྡང་འཁོན་སེམས་མེད་པ་དང་ལྔ། ད་དུང་གཡོ་སྒྱུ་མེད་པར་གཏམ་སྤྱོད་གང་ཡིན་དྲང་བདེན་དོན་གཉེར་ཅན་ཞིག་དང་། སྤྱི་ཕན་ལྷག་བསམ་དཀར་བ་བཅས་བསམ་སྤྱོད་གཉིས་ལེགས་ཤིག་དགོས་པ་གཞིར་བྱས་ཏེ། གྲོས་ཚོགས་ཀྱི་ར་བའི་ནང་ཙམ་མ་ཡིན་པར་ནམ་རྒྱུན་སྤྱི་འཐུས་ཀྱི་ལས་ཁུར་ཞུ་སྒོ་མཐའ་དག་ལ་རང་གི་ནུས་པ་ཅི་ཡོད་འདོན་ཐུབ་པ་བཅས་ཡོངས་སུ་ཚང་ན། ད་གཟོད་བོད་མི་མང་གི་སྤྱི་འཐུས་ཞེས་པའི་མཚན་ཉིད་ཡོངས་སུ་ཚང་བའི་སྤྱི་མི་ཞིག་ཆགས་ཀྱི་ཡོད།

དེ་བས། ཁྱོད་ཅག་གིས་འཚོལ་དགོས་པའི་འོས་མི་དེ་དག་ནི། བྱེ་མའི་ནང་ནས་གསེར་བཙགས་བཙགས་ཀྱིས་བསལ་དགོས་བ་ཞིག་ལས་མཚོ་འགྲམ་ནས་རྡེའུ་འཐུ་འཐུ་བྱེད་ཆོག་པ་ཞིག་མིན་པས་ངེས་པར་གཟབ་ནན་དགོས་པའི་རེ་བ་འདོན་གྱིན་ཡོད།

གཞན་ཡང་། དེང་སང་བཙན་བྱོལ་བོད་མི་ཚོ་རྒྱ་བལ་འབྲུག་གསུམ་ཙམ་མིན་པར་ནུབ་ཕྱོགས་སུ་ཁ་ཐོར་ནས་ཡོད་པའི་སྐབས་ཤིག་ཡིན་པ་དང་། ལྷག་པར་དུ་རྒྱལ་ཁབ་མི་འདྲ་བ་དང་མི་རིགས་མི་འདྲ་བ་དེ་དག་གི་ནང་དུ་བོད་དོན་དང་འབྲེལ་བའི་ལས་འགུལ་ཅི་རིགས་སྤེལ་དགོས་པ་ཤིན་ཏུ་ནས་གལ་ཆེན་པོ་ཡིན་པས། ཕྱོགས་བཞུགས་སྤྱི་འཐུས་རྣམས་ནི་ངེས་པར་དུ་ཨིན་ཡིག་སོགས་རྒྱལ་ཁབ་གང་དེའི་སྐད་ཡིག་ལ་རང་རྐྱ་འཕེར་བ་དང་། གཞུང་དང་ཚོགས་སྡེ། གནད་ཡོད་མི་སྣ་སོགས་ལ་འབྲེལ་འདྲིས་ཐུབ་པའི་ཤེས་འཇོན་ལྡན་པ་ཞིག་ཤིན་ཏུ་མཁོ། དེ་མེད་ན་དམ་བཅའི་ཚིག་དོན་“རང་ནུས་གང་ཐེག་ཞུ་རྒྱུ”ཞེས་པའི་རང་ནུས་དེ་ཡང་ཉམ་ཆུང་ནུས་མེད་ཅིག་ལས་འདོན་དཀའ་འོ།།

ད་དུང་ཞོར་དུ་བཤད་འདོད་པ་ཞིག་ལ། སྤྱི་ཚོགས་ཞབས་ཞུའི་ཉམས་མྱོང་གང་འཚམ་མེད་པ་དང་། བོད་ཕྱི་ནང་གི་གནས་སྟངས་དང་བོད་ཀྱི་ལོ་རྒྱུས་དང་རིག་གནས་ལ་རྒྱུས་མངའ་དེ་ཙམ་མེད་པ་དག་ཀྱང་སྤྱི་འཐུས་འོས་མིའི་ཞན་ཆ་ཞིག་ཡིན་ལ། དགེ་རྒན་དང་སྨན་པ། ཞིབ་འཇུག་ཆེད་ལས་པའི་བྱ་བ་འགངས་ཆེན་ཡོད་པ་དག་ཀྱང་གྲོས་ཚོགས་འཐུས་མིར་སླེབས་ན་སོ་སོའི་བྱ་གཞག་ལ་འཐུས་ཤོར་འགྲོ་ཉེན་དང་མཚན་གནས་ལ་ཡང་གནོད་རྐྱེན་མི་ཡོང་བའི་ངེས་པ་མེད་པས་སྔ་འདང་ཕྱི་འདང་མ་ནོར་བ་ཞིག་རྒྱག་དགོས།

མདོར་ན། གོང་གསལ་འོས་ཆོས་སམ་ཆ་རྐྱེན་རྣམས་ཚང་བའི་ཐོག སོ་སོ་རང་ངོས་ནས་ཀྱང་གྲོས་ཚོགས་འཐུས་མི་གནང་འདོད་མཁན་ཞིག་ཡིན་ན་དེ་ལ་ངེས་པར་དུ་འོས་ཤོག་འཕེན་དགོས་སོ།།

སླར་སྨྲས་པ།

སྒེར་སེམས་མི་ཆེ་ཕྱོགས་སུ་མི་ལྷུང་བ། །འཇིགས་ཞུམ་མེད་ཅིང་ཆགས་སྡང་དབང་མི་འགྲོ།

དྲང་བདེན་སྐྱོང་ཞིང་ལྷག་བསམ་ཟོལ་མེད་སྒོས། །བཅའ་ཁྲིམས་སྲུང་བརྩི་སྲི་ཞུའི་འཇོན་ཐང་ཅན།།

གང་ན་སུ་ཡོད་སྤྱི་བའི་འཐུས་མིར་བསྔགས། །གདམ་གསེས་མ་ནོར་བཙན་བྱོལ་བོད་མི་རྣམས།།

མཆན། གོང་བཀོད་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ཡིན་པས་མ་ཁྱབ།

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༡ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese