མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་མཆོག་ནས་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བཞེས་ཏེ་ལོ་ངོ་ ༧༥ འཁོར་བའི་གཞུང་འབྲེལ་དུས་དྲན་མཛད་སྒོ་འཚོགས།

བོད་ཀྱི་དུས་བབ།
༢༠༢༥/༡༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་ལ་དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་ཁྱབ་ཁོངས་ཀྱི་གཏན་སློབ་ཁག་བདུན་དང་། བོད་ཕྲུག་ཁྱིམ་སྡེ། མ་སུ་རིའི་བོད་ཁྱིམ། རྒྱ་གར་དང་བལ་ཡུལ་གྱི་ཉིན་སློབ་ཁག་གི་སློབ་ཟུར་བཅས་ཀྱིས་ཐུན་མོང་ཐོག་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་ལམ་ཞུས་སོང་།

༸གོང་ས་མཆོག་ནས་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བཞེས་ཏེ་ལོ་ངོ་ ༧༥ འཁོར་བའི་གཞུང་འབྲེལ་དུས་དྲན་མཛད་སྒོ་འཚོགས། བོད་ཀྱི་དུས་བབ་ཀྱི་པར།

དེ་རིང་ཕྱི་ཟླ་ ༡༡ ཚེས་ ༡༧ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་ཡོངས་སུ་བཞེས་ཏེ་མི་ངོ་ ༧༥ འཁོར་བའི་དུས་དྲན་སྲུང་གཙིའི་གཞུང་འབྲེལ་མཛད་སྒོ་འཚོགས་སོང་། མཛད་སྒོའི་ཐོག་༧གོང་ས་མཆོག་དབུ་བཞུགས་ཐོག སྐུ་མགྲོན་གཙོ་བོར་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱ་གར་གཞུང་ཚབ་ལྕམ་ཨལ་སི་ཀ་ཛི་གྷོ་བ་ (Eliska Zigova) མཆོག བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་གཙོ་བྱས་པའི་སྲི་ཞུའི་ལས་བྱེད་རྣམ་པ། དེ་བཞིན་དྷ་ས་ཁུལ་གྱི་སེར་སྐྱ་མི་མང་དང་སློབ་ཕྲུག་སོགས་འཛོམས་འདུག་ལ། སྐབས་དེར་དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་ཁྱབ་ཁོངས་ཀྱི་གཏན་སློབ་(CST)ཁག་བདུན་དང་། བོད་ཕྲུག་ཁྱིམ་སྡེ། མ་སུ་རིའི་བོད་ཁྱིམ། རྒྱ་གར་དང་བལ་ཡུལ་གྱི་ཉིན་སློབ་ཁག་གི་སློབ་ཟུར་བཅས་ཀྱིས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་ལ། དེ་བཞིན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་ཀྱིས་བརྩམས་པའི་བོད་ཀྱི་ལོ་རྒྱུས་བརྗོད་པ་དང་འབྲེལ་༸རྒྱལ་བའི་མཛད་པ་སྐོར་གླེང་བ་ཞེས་པའི་དེབ་ཅིག་དབུ་འབྱེད་གནང་བྱུང་།

སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བོད་གངས་ཅན་གྱི་ལྗོངས་འདིར་བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ཕྱི་ལོ་སྔོན་གྱི་ ༡༢༧ ལོར་ཕེབས་པ་ནས་རིམ་གྱིས་གངས་ལྗོངས་ས་མཐོར་གཅིག་གྱུར་གྱི་སྲིད་དབང་བཙུགས་ཏེ། ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐབས་སུ་མངའ་ཐང་རྩེ་མོར་སོན་ཏེ་སུམ་གཉིས་ས་ཡི་དཀྱིལ་འཁོར་ལ་མངའ་བསྒྱུར་མཛད་ཅིང་། རྒྱ་གར་གྱི་གུབ་ཏའི་ཡི་གེར་དཔེ་བླངས་ནས་བོད་ཡིག་གསར་བཟོ་དང་། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་བོད་ཡུལ་དུ་དྲངས་ཏེ་དཔལ་ཡོན་གྱི་འོད་སྣང་ཁྱབ་སྤེལ་མཛད་ཁར། རྒྱ་ནག་གི་རྒྱལ་ས་ཁྲང་ཨན་དུ་དམག་དྲངས་ཏེ་རྒྱའི་གོང་མ་ཁྲི་ལས་ཕབ་མྱོང་ཡོད་ལ། དུས་རབས་དགུ་པའི་ནང་བོད་སིལ་བུར་ཐོར་ཏེ་མངའ་ཐང་ཉམས་ཆག་བྱུང་ནའང་། མངའ་ཁོངས་གཞན་ལ་ཤོར་རིགས་མེད་པ་དཔེར་ན། ཕྱི་ལོ་ ༡༢༠༦ ལོར་བྷག་ཏིཡར་ཁིལ་ཇི་ཡིས་རྒྱ་གར་བྱང་ཤར་ནས་བོད་ལ་དམག་དྲངས་པར་བོད་མི་ཚོས་དམག་སྣེ་བཟློག་སྟེ་སྲུང་སྐྱོབ་ཚད་ལྡན་བྱེད་ཐུབ་པ་བྱུང་ཡོད་ལ། འགྲོ་མགོན་ཆོས་རྒྱལ་འཕགས་པ་ནས་དགའ་ལྡན་ཕོ་བྲང་བར། བོད་ཀྱིས་རྒྱ་ནག་དབང་བསྒྱུར་བྱེད་མཁན་སོག་པོ་དང་མཱིང་། མན་ཇུ་དབར་མཆོད་ཡོན་གྱི་འབྲེལ་བ་བཙུགས་ཤིང་། བོད་ཀྱི་ཆབ་སྲིད་དབུ་ཁྲིད་དང་། བླ་ཆེན་རྣམ་པས་རྒྱ་ནག་གི་དབང་འཛིན་གོང་མ་རིམ་བྱོན་དང་། མཐོ་རིམ་དབུ་ཁྲིད། མངའ་འབངས་བཅས་པར་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཞིང་། ནང་པའི་བསླབ་བྱས་རྒྱ་ནག་གི་དབང་འཛིན་པ་ཚོར་བཟང་པོའི་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐོན་ཡོད། དུས་རབས་ ༢༠ པའི་འགོ་སྟོད་དུ། ཁ་ཆེ་དམག་ཤེད་ཅན་མཱ་པུ་ཧྥང་གིས་ཨ་མདོ་ཕྱོགས་དང་།  མན་ཇུའི་དམག་དཔོན་ཀྲའོ་ཨེར་ཧྥེང་གིས་ཁམས་ཕྱོགས། ཨིན་ཇིས་དབུས་ཕྱོགས་སུ་བཙན་འཛུལ་བྱས་ཏེ། བོད་ཀྱི་མངའ་ཐང་ཐ་ཞན་གྱི་གནས་སུ་ལྷུང་། ཕྱི་ལོ་ ༡༩༡༡ ལོར་རྒྱ་ནག་གོ་མིང་ཏང་གིས་སྲིད་དབང་བཟུང་རྗེས། མདོ་སྟོད་སྨད་ཀྱི་ས་སྡེ་མང་པོ་རིམ་ཟས་བྱས་པ་མ་ཟད། བོད་གཞུང་དང་ས་མཚམས་ཀྱི་དྲག་པོའི་གདོང་ཐུག་ཐེངས་མང་བྱུང་ཡོད།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་གསུང་བཤད་གནང་བཞིན་པ། བོད་ཀྱི་དུས་བབ་ཀྱི་པར།

ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་གུང་ཁྲན་གྱིས་སྲིད་དབང་བཙུགས་རྗེས། མདོ་སྟོད་སྨད་ཀྱི་ས་སྡེ་མང་པོ་བཙན་བཟུང་བྱས་པའི་ཐོག་ད་དུང་ཕྱི་ལོ་ ༡༩༥༠ ཟླ་ ༡༠ ནང་ལམ་ཁག་གསུམ་ནས་ཆབ་མདོར་བཙན་འཛུལ་གྱིས། བོད་ཀྱི་གཙོ་ཤུགས་དམག་དཔུང་ཕམ་ཉེས་ཤོར་ཏེ་བོད་ལ་དྲག་པོའི་འགོག་སྲུང་གི་ནུས་པ་མེད་པར་གྱུར་ཅིང། རྒྱལ་སྤྱིའི་སྤྱི་ཚོགས་ནས་སེམས་ཁུར་བྱེད་མཁན་མེད་པ་སོགས་ཀྱིས་བོད་ཀྱི་སྣོད་བཅུད་གཉིས་ཀ་དངོས་གནས་ཆགས་འཇིག་གི་སོ་མཚམས་སུ་བསྐྱལ་ཡོད་པའི་སྐབས་དེར། དགུང་ལོ་ ༡༥ ལས་སོན་མེད་པའི་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་སྟོབས་གོ་ཆ་བཙན་པར་བགོས་ཏེ། རྒྱ་གཞུང་ལ་མེས་འཚིགས་མེེ་གཏུགས་ཀྱིས། བཙན་གནོན་འོག་ཏུ་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་རྨང་གཞི་སྟེང་ལོ་ངོ་བརྒྱད་ལྷག་རིང་ཆབ་འབངས་གངས་ཅན་པ་རྣམས་ཀླ་ཀློའི་དཔུང་ཚོགས་ཀྱི་གོ་མཚོན་འོག་ནས་ཚེ་སྲོག་སྐྱོབ་ཐབས་དང་།  བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་གཅེས་སྐྱོང་ཡོང་བའི་ཐབས་ཤེས་ལུ་གུ་རྒྱུད་དུ་བསྟེན་གནང་ཡོད་ནའང་། རྒྱ་གཞུང་གིས་གྲོས་དོན་རྩིས་མེད་རྡོག་རོལ་གཏོང་རྐྱང་བྱས་པར་བརྟེན། བཙན་བྱོལ་དུ་མི་ཕེབས་ཀ་མེད་བྱུང་།

རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་ཕེབས་མ་ཐག་ཏུ་གྲོས་མཐུན་དོན་ཚན་བཅུ་བདུན་རྩིས་མེད་ཀྱི་གསལ་བསྒྲགས་གནང་བ་དང་ཆབས་ཅིག །བརྒྱ་ཕྲག་སྔ་མའི་ལོ་རབས་བདུན་ཅུ་ནས་བཟུང་དབུ་མའི་ལམ་གྱི་འཇུག་ངོགས་ནས་བོད་རྒྱའི་དཀའ་རྙོག་སེལ་བའི་སྲིད་ཇུས་གཏན་འབེབས་གནང་སྟེ་བོད་མིའི་སྒྲིག་འཛུགས་ནས་རྒྱུན་འཁྱོངས་ཞུ་བཞིན་པ་དང་། ༸མགོན་པོ་མཆོག་གིས་ད་བར་ཉིན་མཚན་དུས་དྲུག་ཏུ་མཛད་ཁུར་རྣམ་བཞིས་མཚོན་པའི་བྱང་ཆུབ་སེམས་དཔའ་ཆེན་པོའི་རྣམ་ཐར་བདག་གིར་བཞེས་བཞིན་པའི་བཀའ་དྲིན་ནི། དུས་མཐའི་བར་དུ་གཞལ་དཀའ་ལ། ལྕེ་བརྒྱར་སྤྲུལ་ཀྱང་བརྗོད་ཀྱིས་མི་ལང་ཞེས་གསུངས་སོང་།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། ཕྱི་ཟླ་ ༤ ཚེས་ ་ ༡༨ ཉིན་ཏེ་ཛི་པུར་དུ་རྒྱལ་སྤྱིའི་གསར་འགོད་པ་རྣམས་ལ་བོད་རང་བཙན་གཙང་མའི་རྒྱལ་ཁབ་ལ་རྒྱ་དམར་ནས་བཙན་འཛུལ་བྱས་པ་དང་། གྲོས་མཐུན་དོན་ཚན་ ༡༧ ཟེར་བ་ཁས་ལེན་གནང་རྒྱུ་མིན་པ་སོགས་ཡོངས་བསྒྲགས་གནང་། དེ་ནས་མ་སུ་རིར་བཞུགས་སྒར་མཛད་ཅིང་བཙན་བྱོལ་བོད་གཞུང་དང་། ལྷན་ཁང་འགའ་ཤས་གསར་འཛུགས་གནང་། དེ་རྗེས་བཞུགས་གནས་རྡ་རམ་ས་ལར་གནས་སྤོས་གནང་ཞིང་རིམ་པས་ཆོས་སྒར། གཞིས་སྒར། སློབ་གྲྭ། དེ་བཞི དེ་བཞིན་ཤེས་ཡོན་དང་། རིག་གཞུང༌། ལག་ཤེས་སོགས་ཀྱི་བསྟི་གནས་གསར་འཛུགས་བསྐྱངས། ༸གོང་ས་མཆོག་གིས་རིང་མོ་ཞིག་ནས་དགོངས་པ་ཡོད་པ་ལྟར་ཐོག་མར་ཕྱི་ལོ་ ༡༩༦༠ ལོར་ཆོས་ལུགས་ཆོལ་གསུམ་དང་བཅས་པའི་འཐུས་མི་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་བསྐྱངས་ཤིང་རིམ་པས་བོད་གཞུང་དེ་ཉིད་དེང་རབས་མང་གཙོའི་འགྲོ་ལུགས་ཤིག་ཏུ་བསྒྱུར་གནང་མཛད། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག མི་རིགས། ཁོར་ཡུག་དང་བཅས་པ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་འཇམ་རྩུབ་སྣ་ཚོགས་ཀྱི་སྒོ་ནས་ལག་བསྟར་བྱེད་བཞིན་ཡོད་ཀྱང་། བཙན་བྱོལ་ནང་གཙོ་བོ་༧གོང་ས་ས་མཆོག་གི་མཁྱེན་བརྩེ་ནུས་པའི་བློའི་བླ་ན་མེད་པའི་ཐུགས་བསྐྱེད་མཛད་འཕྲིན་ལ་བརྟེན་ནས་བོད་ཀྱི་ཆོས་དང༌།  རིག་གཞུང༌། སྐད་ཡིག ་སོགས་སྲུང་སྐྱོབ་དང་སླར་གསོ་གནང་ཞིང་། ད་བར་བོད་ཀྱི་ཆོས་དང་། རིག་ངག་གཞུང་། ཚན་རིག་དང་ནང་ཆོས་དབར་བགྲོ་གླེང་། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས། དེ་ཡང་བྱམས་བརྩེ་གོང་འཕེལ་གྱིས་སེམས་ནང་ཞི་བདེ་དང་ཡིད་ཆེས་ཡོང་དགོས་པ་སོགས་ཀྱི་ལམ་སྟོན་མཛད་ནས་འཛམ་གླིང་ནང་མི་མང་ས་ཡ་མང་པོར་ཕན་ཐོགས་བྱུང་ཞིང་། ནང་ཆོས་ལ་དད་མོས་ཡོད་མཁན་རྣམས་ལ་དམ་པའི་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར་བ་དང་། འཛམ་གླིང་གང་སར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ གནང་བ་སོགས་ཆོས་སྲིད་ཀྱི་མཛད་འཕྲིན་རླབས་ཆེན་བསྐྱངས་ཡོད་།

སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་བཤད་གནང་བཞིན་པ། བོད་ཀྱི་དུས་བབ་ཀྱི་པར།

དེ་བཞིན་༸གོང་ས་མཆོག་གིས་དཀའ་བ་བརྒྱ་ཕྲག་ལྷུར་བཞེས་མཛད་དེ་བོད་དོན་དེ་བོད་དོན་བདེན་མཐའ་གསལ་ཐབས་སོགས་ལ་གནས་ཡུལ་རྒྱ་གར་གཞུང་དང༌། རྒྱལ་སྤྱིའི་ནང་འབྲེལ་ལལམ་གནང་བས་ཕྱི་ལོ་ ༡༩༥༩ དང༌། ༡༩༦༡།༡༩༦༥ ལོ་སོ་སོར་མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་སྐོར་གྱི་གྲོས་ཆོད་བཞག་ཐུབ་པ་དང་།  དེ་རྗེས་ཕྱི་ལོ་ ༡༩༦༧ ལོར་ཐོག་མར་ཉི་འོང་རྒྱལ་ཁབ་ཏུ་ཆིབས་བསྒྱུར་བསྐྱངས་པ་ནས་རིམ་པས་ཡུ་རོབ་དང་། ལྷོ་བྱང་ཨ་མེ་རི་ཀ  ཨ་ཕི་རི་ཀ་བཅས་འཛམ གླིང་རྒྱལ་ཁབ་ཕལ་མོ་ཆེ་ནང་ཆིབས་བསྒྱུར་ཐེངས་མང་བསྐྱངས་ཏེ། རྒྱལ་ཁབ་སོ་སོའི་དབུ་འཁྲིད་སོགས་དཔོན་རིགས་ཁག་ལ་མཇལ་འཕྲད་གནང་ཞིང༌། ཨ་རིའི་གྲོས་ཚོགས་ནས་བོད་དོན་ཐོག་ཁྲིམས་ཡིག་སྔ་རྗེས་བཞག་ཐུབ་པ་བྱུང་བ་དང༌། དེ་བཞིན་ཡུ་རོབ་གྲོས་ཚོགས་དང་། རྒྱལ་ཁབ་མང་པོའི་གཞུང་དང་གྲོས་ཚོགས་སོགས་ནས་བོད་དོན་ཐོག་གྲོས་ཆོད་སྔ་རྗེས་མང་བོ་བཞག་ཐུབ་ཅིང་། ལྷག་པར་དུ་རྒྱ་ནག་གཞུང་དང་འབྲེལ་བ་བསྐྱར་གསོ་གནང་སྟེ་ྋགོང་ས་མཆོག་གིས་རྒྱ་གཞུང་མཉམ་གཉིས་ཕན་གྱི་དགོངས་པ་བཞེས་ཤིང་བཙན་བྱོལ་བོད་མིའི་སྐུ་ཚབ་བོད་ནང་གཟིགས་སྐོར་སྔ་རྗེས་ཕེབས་ཐུབ་པ་བྱུང་བ་དང་། གཞིས་བྱེས་གཉིས་ཀྱི་བོད་མི་རྣམས་ཕར་ཚུར་འགྲོ་འོང་ཐུབ་པ་བྱུང་ཞིང་། དེ་བཞིན་ཕྱི་ལོ་ ༢༠༠༢ ནས་བོད་རྒྱ་གཉིས་དབར་འབྲེལ་མོལ་ཐེངས་དགུ་ཙམ་གནང་ཡང་། རྒྱ་ནག་གཞུང་གི་དཔོན་རིགས་ཚོའི་དོགས་པ་རྣམ་རྟོག་གིས་བོད་རྒྱའི་དཀའ་རྙོག་སེལ་བའི་བཟང་ཕྱོགས་སུ་མདུན་བསྐྱོད་བྱུང་ཐུབ་མེད། དེ་རིང་བརྗོད་འདོད་པ་ཞིག་ལ་༸གོང་ས་མཆོག་སྐུ་འཚོ་བཞུགས་རིང་བོད་རྒྱའི་དཀའ་རྙོག་སེལ་ཐབས་དགོས་པ་རྒྱ་གཞུང་གི་དཔོན་རིགས་རྣམས་ལ་སྐུལ་མ་བྱ་རྒྱུ་ཡིན།

༸གོང་ས་མཆོག་གིས་བོད་ཀྱི་བདེན་པའི་འཐབ་རྩོད་འཚེ་མེད་ཞི་བའི་ལམ་ལ་བསྟེན་པ་དང་། འཛམ་གླིང་ཡུལ་གྲུ་གང་སར་བྱམས་བརྩེའི་ལམ་སྟོན་གནང་ཞིང་། ཞི་བདེའི་སྣེ་འཁྲིད་མཛད་པ་སོགས་ལ་བརྟེན་མིང་དོན་མཚུངས་པའི་བྱམས་བརྩེའི་བདག་ཉིད་དང་། འཛམ་གླིང་ཞི་བདེའི་དེད་དཔོན་གྱི་མཚན་སྙན་ཡོངས་གྲགས་སུ་ཐོབ་པ་བྱུང་ཞིང༌། ཕྱི་ལོ་ ༡༩༨༩ ལོར་འཛམ་གླིང་ཐོག་ཆེས་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་སོགས་ཁྱོན་གཟེངས་རྟགས་དང་ཆེ་བསྟོད་སྟོང་ཕྲག་ལ་ཉེ་བར་འབུལ་བཞེས་མཛད་ཡོད་ཅིང་། མགོན་པོ་གང་ཉིད་ཀྱི་ཐུགས་བསྐྱེད་དམ་བཅའ་བཞིའི་མཛད་པར་འཛམ་གླིང་ཡུལ་གྲུ་གང་ས་ནས་དགའ་མོས་དང་། ལག་བསྟར་ཞུ་བཞིན་ཡོད་པ་སོགས་ནི་ཆེས་བླ་ན་མེད་པའི་རླབས་ཆེན་གྱི་ཆོལ་གསུམ་དང་བཅས་པའི་བོད་མི་རྩམ་ཟན་པ་གངས་ཅན་ལྗོངས་ཀྱི་ཆོས་ལུགས་ཆོལ་གསུམ་ཡོངས་རྫོགས་རྡོག་རྩ་གཅིག་ཏུ་སྒྲིལ་ཐུབ་ནས་བོད་ཀྱི་གནད་དོན་འཛམ་གླིང་གང་སར་ཁྱབ་ཐུབ་པ་སོགས་ནི་ྋགོང་ས་ མཆོག་གི་མཛད་འཕྲིན་དང་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཞིག་ཆགས་ཡོད་པས། དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་མགོན་པོ་མཆོག་ལ་བཀའ་དྲིན་བླ་མེད་དུ་ཆེ་ཞུ། ཞེས་གསུངས་སོང་།

སྐུ་མགྲོན་གཙོ་བོ་ལྕམ་ཨལ་སི་ཀ་ཛི་གྷོ་བ་ (Eliska Zigova) ལགས་ཀྱིས་གསུང་བཤད་གནང་བཞིན་པ། བོད་ཀྱི་དུས་བབ་ཀྱི་པར།

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱ་གར་གཞུང་ཚབ་མ་ལྕམ་ཨལ་སི་ཀ་ཛི་གྷོ་བ་ (Eliska Zigova) ལགས་ཀྱིས། དེ་རིང་ང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་སྲིད་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་ཡོངས་སུ་བཞེས་ཏེ་མི་ལོ་ ༧༥ འཁོར་བའི་དམིགས་བསལ་གྱི་ཉིན་མོར་བཅར་རྒྱུ་བྱུང་བར་དགའ་སྤྲོ་ཚད་མེད་བྱུང་། ངས་གཏམ་བཤད་མ་བྱེད་པའི་གོང་དུ། ངས་འགན་ཁུར་གྱི་འདུ་ཤེས་ཟེར་ན་ཅི་ཞིག་ལ་ཟེར་གྱི་ཡོད་མེད་དང་། ང་ཚོ་འགྲོ་བ་མི་ལ་མཚོན་ན་འགན་ཁུར་གྱི་འདུ་ཤེས་ཟེར་བ་དེ་གང་འདྲ་ཞིག་ལ་གོ་དགོས་མིན་ཐད་མདོར་ཙམ་ཞུ་འདོད་བྱུང་། ངས་ང་ཚོ་འགྲོ་བ་མི་ཞིག་ལ་མཚོན་ན་འགན་ཁུར་གྱི་འདུ་ཤེས་ལྡན་པའི་རླབས་ཆེན་གྱི་མགོ་ཁྲིད་ཅིག་དགོས་པར་ཚང་མས་རྒྱབ་སྐྱོར་བྱེད་པའི་ཡིད་ཆེས་ཡོད། དཔེར་ན་ནང་མི་ཞིག་ལ་མཚོན་ན། ཕ་མ་གཉིས་ཀྱིས་བུ་ཕྲུག་ལ་གཅེས་སྐྱོང་བྱས་ཚེ། ཕ་མ་གཉིས་ཀྱི་འགན་ཁུར་གྱི་འདུ་ཤེས་ལྡན་པའི་ལམ་སྟོན་དང་། བརྩེ་འདང་སོགས་ལས་བུ་ཕྲུག་རྣམས་ཡར་རྒྱས་གོང་འཕེལ་གྱི་ལམ་སྣེ་རུ་འདྲེན་ནུས། དེ་བཞིན་སློབ་གྲྭ་ཞིག་ལ་མཚོན་ནའང་། འགན་ཁུར་གྱི་འདུ་ཤེས་རང་བཞིན་ལྡན་པའི་དགེ་རྒན་ཚད་ལྡན་ཞིག་གི་མཐུ་འོག་ནས། སློབ་སྦྱོང་ཡར་སྐྱེད་དང་སྦྱོང་འདུན་སྐྱེས། དེ་བས་རྒྱལ་ཁབ་དང་མངའ་སྡེ་ཞིག་ལ་མཚོན་ནའང་། འཐུས་མི་དང་འགན་ཁུར་གྱི་འདུ་ཤེས་ལྡན་པའི་མགོ་ཁྲིད་ཅིག་གིས་རྒྱལ་ཁབ་དང་མངའ་སྡེ་སོགས་སྣེ་འདྲེན་བྱ་རྒྱུ་ཧ་ཅང་གལ་གནད་ཆེན་པོ་རེད། དེ་ལས་ལྡོག་ནས་ང་ཚོ་ལ་མགོ་ཁྲིད་ཚད་ལྡན་ཞིག་མེད་ན། ང་ཚོའི་མིག་ལམ་དུ་མངོན་པ་བཞིན་དེང་སང་སྤྱི་ཚོགས་ཀྱི་གྲུ་ཟུར་རེ་རེར་ཡོད་པའི་འགན་ཁུར་གྱི་འདུ་ཤེས་ལྡན་པའི་མགོ་ཁྲིད་རྣམས་ལ་གྲུབ་འབྲས་མི་ཐོན་པའི་དུས་ཤིག་ཡིན་པ་ཇི་བཞིན་ཆགས་ཀྱི་རེད། དེའི་དབང་གིས་ང་ཚོས་དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་སྲིད་ཆོས་སྲིད་ཀྱི་ལུགས་གཉིས་ཀྱི་ཐུགས་འགན་ཡོངས་སུ་བཞེས་ཏེ་མི་ལོ་ ༧༥ འཁོར་བའི་ལོ་རྒྱུས་རང་བཞིན་ལྡན་པའི་ཉིན་མོ་སྲུང་གཙི་བྱ་རྒྱུ་ཧ་ཅང་གལ་ཆེན་རེད། ཅེས་གསུངས་སོང་།

ཡང་ཁོང་མོས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཕྱི་ལོ་ ༡༩༥༠ སྟེ་དགུང་ལོ་བཅོ་ལྔའི་སྟེང་། བོད་རྒྱལ་ཁབ་ཀྱི་གཉན་འཕྲང་ཅན་གྱི་དུས་སྐབས་དེར་ཆོས་སྲིད་ཀྱི་ཐུགས་འགན་བཞེས་པར་སེམས་འགུལ་ཆེན་པོ་ཐེབས་སོང་། ཁོང་གིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཏེ་མི་ལོ་དགུ་ཡི་རྗེས་སུ། རྒྱ་ནག་གཞུང་གིས་བཙན་འཛུལ་གྱི་དབང་གིས་བོད་མི་སྟོང་ཕྲག་མང་པོ་དང་ལྷན་དུ་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་། ཁོང་གིས་ཕྱི་ལོ་ ༡༩༦༠ ཙམ་ལ་བཙན་བྱོལ་དུ་འབྱོར་བའི་བོད་མི་རྣམས་ལ་སློབ་གྲྭ་དང་སྡོད་ཁང་སོགས་ཆེད་འཛུགས་གནང་སྟེ། དེང་སང་ཡང་བོད་ཕྲུག་ཆུང་ཆུང་རྣམས་ཀྱིས་སློབ་སྦྱོང་བྱེད་བཞིན་པ་ང་ཚོའི་མིག་གི་མཐོང་ཆོས་སུ་གྱུར་ཡོད། དེ་ནི་དངོས་གནས་དྲང་གནས་ཆེས་བསྔགས་པ་འོས་པ་ཞིག་རེད། ཅེས་དང་། ཡང་ཁོང་མོས་སེམས་ཚོར་ལྡན་པའི་ངང་ནས། ངས་དེ་རིང་འདི་ནས་བོད་མི་རིགས་ཀྱི་མ་འོངས་པའི་ཕུགས་འདུན་ཡངས་པ་དང་། ང་ཚོའི་དབུ་འཁྲིད་མཆོག་གི་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་ལམ་འདེབས། ངས་ང་ཚོ་ཟེར་དོན་ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་ཁྱེད་རང་ཚོ་གཅིག་པུའི་མིན་པར། ཁོང་ནི་ང་ཚོ་གོ་ལ་ཡོངས་ལ་དབང་བས་ཡིན། ཞེས་གསུངས་སོང་།

བཀའ་དྲིན་རྗེས་དྲན་གཟེངས་རྟགས་ཚོགས་ཆུང་གི་ཚོགས་གཙོ་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱིས་གསུང་བཤད་གནང་བཞིན་པ། བོད་ཀྱི་དུས་བབ་ཀྱི་པར།

བཀའ་དྲིན་རྗེས་དྲན་གཟེངས་རྟགས་ཚོགས་ཆུང་གི་ཚོགས་གཙོ་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱིས། དེ་རིང་ཉིན་མོ་འདི་ནི་ཕྱི་ལོ་ ༡༩༥༠ ཟླ་ ༡༡ ཚེས་ ༡༧ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བཞེས་ཏེ་མི་ལོ་ཧྲིལ་བོ་ ༧༥ འཁོར་བའི་དུས་ཚོད་ཁྱད་པར་ཅན་ཞིག་ཡིན་པ་དང་། དེ་ཡང་བོད་ཤར་ཕྱོགས་ནས་རྒྱ་ནག་གིས་དཔུང་འཇུག་བྱས་པ་དང་། བོད་ཀྱི་ཆབ་སྲིད་འཛིན་སྐྱོང་དང་བཅས་པ་ཨ་ཆད་འུ་ཐུག་གི་གནས་སྟངས་སུ་གྱུར་ནས། བོད་ཀྱི་ལྷ་སྡེ་མི་སྡེ་ཡོངས་ཀྱིས་གསོལ་བ་རྩེ་གཅིག་བཏབ་པར་བརྟེན། དགུང་གྲངས་ ༡༦ ལས་ཕེབས་མེད་ཀྱང་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བདག་གི་བཞེས་པའི་ཉིན་མོ་སྟེ། བོད་ཀྱི་བྱུང་རབས་ནང་གལ་ཆེའི་དུས་ཚོད་ཅིག་ཆགས་ཡོད། དེར་བརྟེན་དེ་རིང་གི་ཉིན་མོ་འདིར་བོད་མི་ཡོངས་ནས་༸རྒྱལ་བའི་བཀའ་དྲིན་ཞུ་དགོས་པའི་དམིགས་བསལ་གྱི་ཉིན་མོ་གལ་ཆེན་ཞིག་ཡིན། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལུགས་གཉིས་ཀྱི་ཐུགས་འགན་བཞེས་རྗེས། བོད་རྒྱ་གཉིས་ཞི་མཐུན་འགྲིག་འཇགས་ཡོང་ཐབས་སུ་གུ་ཡངས་དཔྱོད་ཤེས་ཀྱི་དགོངས་བཞེས་གནང་ཡོད་ཀྱང་། རྒྱ་ནག་དམར་པོའི་གཞུང་གིས་དེ་ལས་ལྡོག་སྟེ་བོད་ནང་ཛ་དྲག་དྲག་རྩུབ་ཀྱི་བྱེད་སྒོ་ཤུགས་ཆེར་བཏང་བར་བརྟེན། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་མིའི་རང་དབང་སྒེར་ལངས་ཆེན་མོ་བྱས་པ་དང་། བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་དམར་གྱི་བྱེད་སྟངས་ཉིན་རེ་བཞིན་ཛ་དྲག་ཆེ་རུ་བཏང་བར་བརྟེན། ལྷ་ལྡན་དུ་མུ་མཐུད་བཞུགས་རྒྱུར་ཐུགས་འགན་སོས་ཐབས་བྲལ་ཏེ། རྒྱ་གར་ཕྱོགས་སུ་ཉེན་གཡོལ་དུ་ཆིབས་བསྒྱུར་བསྐྱངས་བ་རེད། ཅེས་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Advertisement for App

རྡོར་གདན་འདས་མཆོད་སྨོན་ལམ་ཆེན་མོ་སྐབས་ ༢༢ པའི་གསལ་བསྒྲགས།

ཆུ་ཚོད་ ༤ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording

Read more on News18
https://www.news18.com/movies/hollywood/dalai-lama-receives-first-grammy-nomination-for-meditation-with-amjad-ali-khan-and-sons-ws-kl-9701735.html?utm_source=copy_share&utm_medium=clipboard&utm_campaign=clipnshare
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གི་གསུང་སྐད་ཡོད་པའི་རོལ་དབྱངས་ཤིག་འདི་ལོའི་གྷི་རེ་མི་ཡི་གཟེངས་རྟགས་ཀྱི་འོས་གཞིའི་ཁོངས་སུ་ཚུད།

ཆུ་ཚོད་ ༤ སྔོན་ལ།
Front Slider

བོད་ཀྱི་བདེ་རྩ་ཚོགས་པའི་སྤྱི་ཚོགས་ཞབས་ཞུ།

༢༠༢༥/༡༡/༡༥
Mobile App

བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ། 

༢༠༢༥/༡༡/༡༥
Mobile App

༧གོང་ས་མཆོག་ནས་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བཞེས་ཏེ་ལོ་ངོ་ ༧༥ འཁོར་བའི་དུས་དྲན་གྱི་འགྲེམས་སྟོན།

༢༠༢༥/༡༡/༡༤
1,500-year-old Yongqing Temple in China hit by massive fire  on 12th November 2025.
Mobile App

མི་ལོ་ ༡༥༠༠ ལྷག་གི་ལོ་རྒྱུས་ལྡན་པའི་ནང་པའི་ལྷ་ཁང་ཞིག་མེས་འཚིགས། 

༢༠༢༥/༡༡/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese