མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་བལ་ཡུལ་ནང་ཡོད་པའི་བོད་མི་རྣམས་ལ་སོ་ལྟ་བྱེད་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༥/༡༢/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བལ་ཡུལ་ནང་གསང་མྱུལ་ལྟ་ཞིབ་བརྙན་ཆས་སྟོང་ཕྲག་མང་པོ་བཙུགས་ཏེ་བོད་མི་རྣམས་ལ་སོ་ལྟ་དང་ལྟ་རྟོག་ནན་པོ་བྱེད་བཞིན་འདུག

Nepalese police stand guard at the premises of the Boudhanath Stupa after a Tibetan monk self-immolated in Kathmandu on February 13, 2013. © 2013 Reuters

ཁ་སང་ཕྱི་ཚེས་ ༢༡ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ནང་ཙམ་དུ་མ་ཟད། བལ་ཡུལ་དུ་ཡོད་པའི་བོད་མི་འདུས་སྡོད་ཀྱི་ས་ཁུལ་ཁག་གི་ཁྲོམ་གཞུང་དང་ཁང་ཐོག་སོགས་སུ་གསང་མྱུལ་ལྟ་ཞིབ་བརྙན་ཆས་སྟོང་ཕྲག་མང་པོ་བཙུགས་ཏེ་བོད་མི་སྐྱབས་བཅོལ་བའི་འགུལ་སྐྱོད་ལ་ལྟ་རྟོག་ནན་མོ་བྱེད་བཞིན་ཡོད་འདུག

གནད་དོན་དེའི་ཐད་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས། བལ་ཡུལ་ནང་བོད་མི་རྣམས་ལ་སོ་ལྟ་བྱེད་ཀྱི་ཡོད་སྐོར་བརྗོད་པ་ནི་ཀུན་སློང་ངན་པས་སྐུལ་བའི་རྫུན་ཡིན། དེ་ནི་བོད་དོན་ཁ་ལ་འཁྱེར་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་དང་། བལ་ཡུལ་དང་རྒྱ་ནག་བར་གྱི་མཉམ་ལས་ལ་དཀའ་ངལ་དང་དོ་ཕོག་བཟོ་ཐབས་བྱེད་པའི་དམིགས་ཡུལ་དེ་ནམ་ཡང་འགྲུབ་ཀྱི་མེད་ཚུལ་གྱི་ལན་འདེབས་བྱས་འདུག

ཡང་གནད་དོན་དེའི་ཐད་བལ་ཡུལ་དུ་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལས་བྱེད་ཅིག་གིས། སྔོན་མ་ལོ་རེར་བོད་མི་སྟོང་ཕྲག་མང་པོ་བལ་ཡུལ་དུ་བྲོས་བྱོལ་ལ་ཡོང་གི་ཡོད་ཀྱང་། ད་ལྟའི་ཆར་བྲོས་བྱོལ་དུ་ཡོང་མཁན་གྱི་བོད་མི་རེ་ཟུང་ལས་མེད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱིས། རྒྱ་ནག་གཞུང་གིས་ས་མཚམས་ཁག་ཏུ་དམ་དྲག་ཤུགས་ཆེན་བྱས་པ་དང་། བལ་ཡུལ་དང་རྒྱ་ནག་བར་གྱི་འབྲེལ་ལམ་ཡར་རྒྱས་ཕྱིན་པ། ད་དུང་དེ་སྔར་མེད་པའི་ལྟ་རྟོག་ཤུགས་ཆེན་བྱེད་ཀྱི་ཡོད་པ་སོགས་ལ་བརྟེན་ནས་བཙན་བྱོལ་དུ་ཡོང་མཁན་གྱི་བོད་མིའི་གྲངས་འབོར་ཇེ་ཉུང་དུ་ཕྱིན་ཡོད་སྐོར་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་ཨེ་པི་གསར་ཁང་ (AP) ལ་བརྗོད་ཡོད་འདུག

གནད་དོན་འདི་དང་འབྲེལ་ནས། རང་ལོ་ ༤༩ ཡིན་པའི་བལ་ཡུལ་དུ་སྡོད་མཁན་བོད་དོན་ལས་འགུལ་བ་ཟུར་པ་བསོད་ནམས་བཀྲ་ཤིས་ལགས་ཀྱིས་ཨེ་པི་གསར་ཁང་ལ་བརྗོད་དོན། བལ་ཡུལ་ནང་རྒྱ་ནག་གི་གནོན་ཤུགས་འོག་ངས་བོད་དོན་ལས་འགུལ་སྤེལ་མཚམས་འཇོག་དགོས་བྱུང་སོང་ལ། ངའི་བུ་བལ་ཡུལ་དུ་སྐྱེས་ཡོད་ཀྱང་རྒྱ་ནག་གི་གནོན་ཤུགས་འོག་སྐྱབས་བཅོལ་བ་དང་བལ་ཡུལ་མི་སེར་གྱི་ཡིག་ཆ་གང་ཡང་སྤྲོད་དུ་བཅུག་མེད་སྟབས། ད་ལྟ་བལ་ཡུལ་ནང་དམ་དྲག་ཇེ་ཆེར་མ་ཕྱིན་སྔོན་ལ་བུ་བལ་ཡུལ་ནས་ཕྱིར་ལེན་ཐབས་བྱེད་བཞིན་ཡོད་ཅེས་བརྗོད་འདུག་ལ། བལ་ཡུལ་གཞུང་གིས་བོད་མི་འདུས་སྡོད་ཀྱི་ས་ཆ་གང་སར་བརྙན་མིག་འཕྲུལ་ཆས་བཙུགས་ཡོད་པས་བལ་ཡུལ་ནང་བོད་མི་རྣམས་ལ་བདེ་འཇགས་ཀྱི་འཚོ་བར་རོལ་བའི་མ་འོངས་པ་ཡོད་མི་སྲིད་པ་དང་། བལ་ཡུལ་ནང་གསུམ་བཅུའི་དུས་དྲན་དང་༸གོང་ས་མཆོག་གི་འཁྲུངས་སྐར་སོགས་སྲུང་གཙི་བྱེད་པར་དམ་དྲག་ཆེན་པོ་ཡོད་པའི་ཁར། ཕྱི་ལོ་ ༢༠༡༨ ཙམ་ནས་བལ་ཡུལ་གཞུང་གིས་བོད་མི་སྐྱབས་བཅོལ་བའི་ཐོག་དམ་དྲག་གི་སྲིད་ཇུས་ཤིག་བཟོས་ཏེ། བོད་མི་ཚོས་ལས་འགུལ་སྤེལ་བར་སྔོན་ཚོད་ནས་དམ་དྲག་གི་གྲ་སྒྲིག་བྱེད་བཞིན་འདུག

ད་ལྟ་བཀྲ་ཤིས་ལགས་ཀྱིས་གསུངས་པ་ལྟར་ན། བལ་ཡུལ་ནང་བོད་མི་རྣམས་ལ་སྐྱབས་བཅོལ་བ་དང་མི་སེར་གྱི་ཡིག་ཆ་ཚད་ལྡན་མེད་པའི་རྐྱེན་གྱིས་བལ་ཡུལ་ནང་ཡོད་པའི་བོད་མི་རྣམས་ནས་དངུལ་ཁང་སྒོ་ཕྱེས་མི་ཐུབ་པ་དང་། ཁྲིམས་མཐུན་གྱི་ཐོག་ནས་ལས་ཀ་བྱེད་མི་ཐུབ་པ། མཐའ་ན་རྒྱལ་ཁབ་གཞན་ལའང་འགྲུལ་བཞུད་བྱེད་ཐུབ་ཀྱི་མེད་པའི་དཀའ་ངལ་སོགས་ཀྱི་འཕྲད་ཀྱི་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

བཀུར་འོས་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་སུ་འདྲི་བའི་དོགས་གནད་དག་ཐེར།

ཆུ་ཚོད་ ༢ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་ཁྲིམས་བཟོ་ལྷན་ཁང་གི་འདྲ་འབག

ཆུ་ཚོད་ ༣ སྔོན་ལ།
Those who refuse to provide their phone passwords could be punished
Mobile App

ཧོང་ཀོང་ཉེན་རྟོག་པས་མི་མང་གི་ཁ་པར་གསང་གྲངས་ཐད་ཀར་ལེན་ཆོག་པར་བཟོས།

ཆུ་ཚོད་ ༡༩ སྔོན་ལ།
Senators Jacky Rosen (D-NV) and John Curtis (R-UT)
Mobile App

ཨ་རིའི་བོད་དོན་དང་འབྲེལ་བའི་སྲིད་ཇུས་ཁག་ལག་བསྟར་གོང་འཕེལ་གཏོང་དགོས་པའི་འབོད་སྐུལ་ཞུས།

ཆུ་ཚོད་ ༢༢ སྔོན་ལ།
TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༢༣
TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

༢༠༢༦/༠༣/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese