མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ལོ་ ༢༠༢༦ ལོའི་སྲིད་སྤྱི་འོས་བསྡུ་ཆེན་མོར་དེབ་འགོད་བྱེད་མཁན་བོད་མི་གྲངས་ ༩༡༠༤༢ བྱུང་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༥/༡༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

དབུས་འོས་བསྡུ་ལས་ཁང་ནས་བཀྲ་ཤིས་སྟོབས་རྒྱལ་ལགས་ཀྱིས་འོས་བསྡུའི་སྒྲིག་གཞིར་འགལ་འཛོལ་བྱུང་བས་ལོ་ལྔའི་རིང་གཞུང་འབྲེལ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོག་པའི་ཉེས་ཆད་བཅད་པ་གསལ་བསྒྲགས་གནང་སོང་།

དབུས་འོས་བསྡུ་ལས་ཁང་ནས་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས། ༢༠༢༥།༡༢།༢༣ དུས་བབ་ཀྱི་པར།

དེ་རིང་ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠།༠༠ ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་བློ་བཟང་ཡེ་ཤེས་ལགས་དང་། འགན་འཛིན་ལས་འཕར་ཚེ་རིང་གཡུ་སྒྲོན་ལགས། སྣང་ས་ཆོས་སྒྲོན་ལགས་བཅས་དབུ་བཞུགས་ཐོག ཕྱི་ལོ་ ༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སོང་། སྐབས་དེར་འོས་བསྡུ་ལས་ཁང་གི་འགན་འཛིན་བློ་བཟང་ཡེ་ཤེས་ལགས་ཀྱིས་སྲིད་སྤྱི་འོས་གཞིར་བཞེང་མཁན་རྣམས་ཀྱིས་མང་ཚོགས་ཀྱི་རེ་འདུན་ལ་གུས་བརྩི་ཐོག་མང་ཚོགས་ཀྱི་འོས་བསྡུའི་དྲིལ་བསྒྲགས་དང་། གསར་ལམ་ཁག་ཏུ་བཅར་འདྲི་དང་ལེན་གང་ཐུབ་ཡོང་བའི་འབོད་སྐུལ་ཞུས་སོང་། དེ་བཞིན་སྲིད་སྐྱོང་འོས་མི་བཀྲ་ཤིས་སྟོབས་རྒྱལ་ལགས་ཀྱིས་ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༢༩ ཉིན་དྷ་ས་ས་གནས་མགོ་འཛིན་གྱི་ཚོགས་ཁང་དུ་སྲིད་སྐྱོང་འོས་མིར་ལང་རྒྱུའི་གསལ་བསྒྲགས་སྤེལ་སྐབས། འོས་བསྡུའི་སྒྲིག་གཞིར་འགལ་འཛོལ་བྱུང་བས་ལོ་ལྔའི་རིང་གཞུང་འབྲེལ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོག་པའི་ཉེས་ཆད་བཅད་པ་གསལ་བསྒྲགས་གནང་སོང་།

འོས་བསྡུ་ཆེན་མོའི་ལས་དོན་སྐོར་ལ་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་བློ་བཟང་ཡེ་ཤེས་ལགས་ཀྱིས། དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༢༥་་༢༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་ཚགས་ཚུད་ཡོང་སླད་དང་། མང་ཚོགས་ལ་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དང་རྩ་འཛིན་ལམ་སྟོན་སོགས་གོ་རྟོགས་སྤེལ་ཆེད། ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༡༤ ནས་མགོ་འཛུགས་ཀྱིས་ཕྱི་ཟླ་ ༡༢ ཚེས་ ༨ བར་རྒྱ་གར་ནང་བོད་མིའི་འདུས་སྡོད་ས་གནས་ཁག་ ༤༥ དང་། ཕྱི་རྒྱལ་ཡུལ་གྲུའི་ནང་བོད་མིའི་འདུས་སྡོད་ས་ཁུལ་ཆེ་ཁག་ ༡༡ བཅས་ཁྱོན་ས་གནས་གྲངས་ ༥༦ ནང་མང་ཚོགས་དང་། ས་གནས་འོས་བསྡུ་ལས་ཁང་གི་ཚོགས་མི་སོ་སོར་ཚོགས་འདུ་ཁྱོན་སྡོམ་ཐེངས་ ༡༠༠ ཚོགས་ཐུབ་པ་བྱུང་ཡོད། ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༨ ནས་འོས་བསྡུའི་དེབ་སྐྱེལ་གྱི་ལས་རིམ་མགོ་འཛུགས་ཀྱིས་ཟླ་ ༡༡ ཚེས་ ༣༠ བར་མཇུག་སྒྲིལ་ཡོད་པར། རྒྱ་བལ་འབྲུག་གསུམ་ནང་ཁྱོན་འོས་འཕེན་པའི་དེབ་སྐྱེལ་གྲངས་ ༥༦,༧༤༩ དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་འོས་འཕེན་པའི་དེབ་སྐྱེལ་གྲངས་ ༣༤,༢༩༣ བཅས་ཁྱོན་བསྡོམས་དེབ་འགོད་བྱེད་མཁན་འོས་འཕེན་པ་གྲངས་ ༩༡,༠༤༢ བྱུང་ཡོད། ཅེས་བརྗོད་སོང་།

འོས་བསྡུ་ཆེན་མོའི་ལས་རིམ་སྐབས་ས་གནས་འོས་བསྡུ་ལས་ཁང་ཁག་ནས་ལས་དོན་བྱེད་ཕྱོགས་དང་མང་ཚོགས་ནས་འགན་འཁུར་ཞུ་ཕྱོགས་ཀྱི་རྩ་འཛིན་ལམ་སྟོན་དོན་ཚན་བརྒྱད་ཅན་འཕར་མ་ཟུར་དུ་གཏན་འབེབས་ཞུས་ཡོད་པའི་ནང་། ༡། ས་གནས་སོ་སོར་འོས་ཤོག་གྲངས་བཤེར་ཟིན་རྗེས་ཆུ་ཚོད་ ༢༤ ནས་མ་འགྱངས་པར་ཐོབ་ཁུངས་སོ་སོའི་འོས་གྲངས་ཇི་ཐོབ་ས་གནས་འོས་བསྡུའི་ཚོགས་མི་མཉམ་འཛོམས་ཐོག་ས་གནས་འོས་བསྡུའི་འགན་འཛིན་ནས་གསལ་བསྒྲགས་བྱ་རྒྱུ་དང་། ཞིབ་ཕྲའི་གནས་ཚུལ་གསར་འགྱུར་བརྒྱུད་ལམ་ཁག་དང་ས་གནས་འོས་བསྡུའི་ལས་ཁང་ཁག་བཅས་བརྒྱུད་དབུས་འོས་བསྡུ་ལས་ཁང་ནས་ཡོངས་ཁྱབ་གསལ་བསྒྲགས་ཞུ་རྒྱུ། ༢། སྲིད་སྤྱི་གཉིས་ཀྱི་འོས་མི་བཞེངས་མཁན་རྣམས་ཀྱིས་མི་མང་ལ་གཏམ་བཤད་དང་། གསར་འགྱུར་བརྒྱུད་ལམ་ཁག་ཏུ་བཅར་འདྲི་གནང་སྐབས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་དང་། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི། རྩ་འཛིན་ལམ་སྟོན་བཅས་ཀྱི་དགོངས་དོན་དང་མི་འགལ་བ་གཙོ་འདོན་ཐོག མང་ཚོགས་ཀྱི་སེམས་ཁམས་ལ་ཕོག་ཐུག་དང་། སྤྱི་ཚོགས་འཁྲུགས་གཞིའི་བཀའ་མོལ་རིགས་མི་གནང་བའི་ཡིད་གཟབ་དགོས་རྒྱུ། ༣། སྲིད་སྤྱི་གཉིས་ཀྱི་འོས་མི་འདེམས་སྒྲུག་བྱས་པའི་སྐྱེ་བོ་གང་ཞིག་འོས་གཞིའི་འོས་ཆོས་ཚང་མིན་གྱི་ཀླན་ཀ་བྱུང་རིགས་ལ་ས་གནས་འོས་བསྡུ་ལས་ཁང་ནས་ཐག་གཅོད་བྱ་རྒྱུ་དང་། དེ་མིན་དབུས་འོས་བསྡུ་ལས་ཁང་ལ་ཞུ་གཏུགས་ཆོག་པ་ཡིན། ༤། ས་གནས་འོས་བསྡུ་ཚོགས་ཆུང་གི་ཚོགས་མི་དང་ཟུར་དཔང་རྣམས་ཀྱིས་འོས་བསྡུའི་སྐབས་འོས་མི་དང་རྒྱབ་སྐྱོར་གནང་མཁན་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཐེ་བྱུས་རྒྱབ་སྐྱོར་སོགས་བྱེད་མི་ཆོག ༥། སྔོན་འགྲོ་དང་དངོས་གཞིའི་འོས་བསྡུའི་སྐབས་འོས་འཕེན་པ་རྣམས་ནས་སྤྱིལ་བུའི་ནང་ལག་ཐོགས་ཁ་པར་སོགས་མཉམ་འཁྱེར་མི་ཆོག ༦། འོས་བསྡུའི་ལས་བྱེད་ཡོངས་ཀྱིས་འོས་བསྡུའི་གསང་རྒྱ་དགོས་པས་འོས་ཤོག་གྲངས་བཤེར་སྐབས་ལག་ཐོགས་ཁ་པར་མཉམ་འཁྱེར་མི་ཆོག   ༧། འདི་ལོའི་འོས་བསྡུ་ཆེན་མོའི་ནང་དཔྱ་ཁྲལ་ལག་དེབ་དུས་འགྱངས་ཞུས་ཡོད་མེད་ལ་མ་ལྟོས་པར་འོས་འཕེན་པའི་ཆ་རྐྱེན་ཚང་རིགས་ལ་འོས་འཕེན་གྱི་གོ་སྐབས་གནང་དགོས།  ༨། འོས་འཕེན་པ་སུས་ཀྱང་དབུས་སའི་འོས་བསྡུའི་ལས་དོན་སྐོར་མི་མང་དང་། སྤྱི་ཚོགས་དྲ་རྒྱ། གསར་འགོད་པ་བཅས་ལ་དྲང་བདེན་མིན་པའི་གནས་ཚུལ་གསལ་བསྒྲགས་བྱེད་པ་དང་། ཡིག་ཆ་འགྲེམས་སྤེལ་རིགས་མི་ཆོག དེ་བཞིན་སྤྱི་ཚོགས་དྲྭ་ལམ་ཁག་བརྒྱུད་དངོས་མིན་གནས་ཚུལ་ཁྱབ་སྤེལ་སོགས་མང་ཚོགས་ནས་ཐུགས་གཟབ་དགོས་པ་བཅས་གསལ་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩
Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༥/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese