མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་ ༤༠ འཚོག་བཞིན་པ།

བོད་ཀྱི་དུས་བབ།
༢༠༢༥/༡༢/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༢༢ ནས་ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༣ བར་གནས་མཆོག་རྡོ་རྗེ་གདན་དུ་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་བཞི་བཅུ་པ་འཚོག་བཞིན་པའི་ཐོག་༸རྒྱལ་དབང་ཀརྨ་པ་མཆོག་ནས་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་སྐོར་ལ་བཀའ་སློབ་གནང་འདུག

གནས་མཆོག་རྡོ་རྗེ་གདན་དུ་བཀའ་བརྒྱུད་སྨོན་ལམ་ཐེངས་བཞི་བཅུ་པ་འཚོག་བཞིན་པ། ༢༠༢༥།༡༢།༢༩ ཐད་གཏོང་ནས་པར་བླངས།

དེ་རིང་ཕྱི་ཚེས་ ༢༩ ཉིན་དྲ་ལམ་བརྒྱུད་༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས། དེ་རིང་ཤེས་རབ་ཀྱི་སྐོར་གོ་བདེ་པོ་བྱས་ནས་ཞུ་ཡི་ཡིན། ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་དགོས་ཀྱི་ཡོད་པ་རེད། ཐོས་པའི་ཤེས་རབ་ནི་རང་ཉིད་ཀྱིས་གནས་ཚུལ་གང་ཡིན་པ་ཤེས་རྟོགས་དང་ངོས་འཛིན་བྱེད་ཐུབ་པ་བྱ་དགོས། དཔེར་ན། མི་གཞན་གྱིས་ཁྱེད་རང་ལ་ཁ་ཡ་མ་བྱས་པ་དང་ཡ་ལན་མ་བྱས་པར་བརྟེན་ཁོང་ཁྲོ་ལངས་པ་དང་། སོ་སོའི་ལས་ཀ་ཡག་པོ་ཞིག་བྱས་ཀྱང་། བསྔགས་བརྗོད་མ་བྱས་པར་བརྟེན་སེམས་ཕམ་པ་སོགས་ཡོང་གི་རེད། སྐབས་དེ་དུས་དམ་པའི་ཆོས་དང་དེ་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་སློབ་སྦྱོང་བྱས་ཏེ། སེམས་འཁྲུག་པ་དང་བློ་ཕམ་པ་སོགས་གང་འདྲ་ཡོང་གི་ཡོད་པའི་ཐོག་སློབ་སྦྱོང་བྱས་ཏེ་སེམས་འཁྲུག་པའི་རྒྱུ་རྐྱེན་དེ་དག་ངོས་འཛིན་པ་བྱ་རྒྱུ་གལ་ཆེན་པོ་རེད། བསམ་པའི་ཤེས་རབ་ནི་གནས་ཚུལ་ལ་དབྱེ་ཞིབ་དང་བསྐྱར་ཞིབ་བྱ་རྒྱུ་ཞིག་རེད། དཔེར་ན། མི་གཞན་གྱིས་ཁྱེད་རང་ལ་མགོ་སྐོར་བཏང་བ་ཤེས་རྟོགས་བྱུང་སྟེ་ཁོང་ཁྲོ་ཟ་བའི་སྐབས། སོ་སོའི་སེམས་དེ་ཉོན་མོངས་པས་ཁེངས་ཀྱི་ཡོད་པ་རེད། དེར་བརྟེན་སོ་སོའི་སེམས་དེ་ཉོན་མོངས་པའི་དབང་དུ་མ་བཏང་བར་སོ་སོའི་སེམས་ཞི་ལྷོད་ཡོང་རྒྱུའི་ཐབས་ཤེས་བྱེད་དགོས་ཀྱི་ཡོད་པ་རེད། སྒོམ་པའི་ཤེས་རབ་ནི་གོམས་འདྲིས་བྱས་པའི་རིམ་པ་ཞིག་རེད། དེ་ཡང་ཉོན་མོངས་དང་པོ་སྐྱེས་པའི་སྐབས། སོ་སོའི་བསམ་བློ་གཏོང་སྟངས་ལ་འགྱུར་བ་གཏོང་དགོས་ཀྱི་ཡོད་པ་རེད། གཉེན་པོ་བསྟེན་སྟངས་དེ་སོ་སོའི་གོམས་གཤིས་དང་རང་བཞིན་དུ་འགྱུར་བ་བྱེད་ཐུབ་དགོས་ཀྱི་རེད། དེ་ཡང་གོམས་འདྲིས་སུ་འགྱུར་ན་སྔར་སོ་སོ་རང་ཉིད་ལ་སེམས་འཁྲུག་པ་དང་ཉོན་མོངས་པ་སྐྱེས་སླ་བའི་རང་བཞིན་དེ་ལ་འགྱུར་བ་འགྲོ་ཐུབ་པ་ཞིག་ཡོང་གི་རེད། ཅེས་གསུངས་སོང་།

ཡང་༧རྒྱལ་དབང་ཀརྨ་པ་མཆོག་གིས། སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཆོས་ཉམས་ལེན་བྱེད་དགོས་ཀྱི་རེད། དེ་ཡང་དད་པ་དགོས་ཀྱི་རེད། དད་པ་མེད་པ་ཡིན་ན་ཆོས་ལ་འཇུག་གི་མ་རེད། ཤེས་རབ་མེད་ན་འཁོར་བ་ལས་ཐར་ཐུབ་ཀྱི་མ་རེད། སྙིང་རྗེ་མེད་ན་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་ཐུབ་ཀྱི་མ་རེད། སངས་རྒྱས་ཀྱི་གོ་འཕང་ཐོབ་པར་དེ་ཐོབ་འདོད་ཀྱི་བློ་སྐྱེས་དགོས་ཀྱི་རེད། སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱང་ཆུབ་སེམས་དགོས་ཀྱི་རེད། བྱང་ཆུབ་ཀྱི་སེམས་སྐྱེས་པར་སྙིང་རྗེ་བསྒོམ་དགོས་ཀྱི་རེད། དེ་ཡང་སོ་སོའི་སེམས་རྒྱུད་ལ་བྱམས་པ་བཅོས་མ་མ་ཡིན་པ་སྐྱེ་དགོས་པ་དང་། དེ་ལ་བརྟེན་ནས་སྙིང་རྗེ་བཅོས་མ་མ་ཡིན་པ་སྐྱེས་ཐུབ་པ་དང་བྱང་ཆུབ་ཀྱི་སེམས་སྐྱེས་ཐུབ་ཀྱི་རེད། ཅེས་དང་། སྙིང་རྗེ་ཟེར་བ་དེ་སེམས་ཅན་གྱི་སྡུག་བསྔལ་ལ་དམིགས་ནས་སྐྱེས་པ་ཞིག་ཆགས་ཀྱི་ཡོད་སྐོར་དང་། སེམས་ཅན་ཆེ་ཆུང་ཅི་འདྲ་ཞིག་ཡིན་རུང་སྡུག་བསྔལ་གྱིས་མནར་བ་ཞིག་ཡིན་པར་བརྟེན། རང་དོན་གྱི་བསམ་པ་དོར་ནས་སེམས་ཅན་གཞན་གྱི་སྡུག་བསྔལ་ལ་སྣང་མེད་མི་གཏོང་བར་དོ་འཁུར་མང་ཙམ་བྱས་ཚེ། རིམ་པས་སྙིང་རྗེ་སྐྱེ་ཡོང་གི་ཡོད་སྐོར་སོགས་བཀའ་སློབ་གནང་འདུག

༸རྒྱལ་དབང་ཀརྨ་པ་མཆོག་གིས་་དྲ་ལམ་བརྒྱུད་ཤེས་རབ་སྐོར་བཀའ་སློབ་གནང་བཞིན་པ། ༢༠༢༥།༡༢།༢༩ ཐད་གཏོང་ནས་པར་བླངས།

ལོ་རྒྱུས་ལྟར་ན། བཀའ་བརྒྱུད་སྨོན་ལམ་ཆེན་མོ་འདི་ནི་འཇིག་རྟེན་ཐོག་བྱམས་པ་དང་བརྩེ་བའི་ས་བོན་སྤེལ་བ་དང་། ཀུན་སློང་རྣམ་པར་དག་པའི་སྒོ་ནས་རང་གི་ནུས་པ་གོང་དུ་སྤེལ་ཏེ་འཇིག་རྟེན་གྱི་སྐྱེ་འགྲོ་ཀུན་ལ་ཞི་བདེ་དང་། བྱམས་པ། བདེ་སྐྱིད་ཕུན་སུམ་ཚོགས་པ་སྤེལ་བའི་ཆེད་དུ་དམིགས་པ་ཞིག་ཡིན་ལ། དུས་རབས་བཅོ་ལྔའི་ནང་༸རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བདུན་པའི་སྐབས་ཐོག་མར་བྱུང་ཞིང།  ཕྱི་ལོ་ ༡༩༥༠ ནས་བཟུང་བོད་ནང་དུས་འགྱུར་རིམ་པ་བྱུང་རྐྱེན་བར་ལམ་སྨོན་ལམ་ཚོགས་མ་ཐུབ་པར་ལྷག་ཡོད་ཀྱང་། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་བསྟན་བདག་བླ་ཆེན་རྣམས་བཙན་བྱོལ་ནང་ཕེབས་ཐུབ་པ་བྱུང་རྗེས། ཕྱི་ལོ་ ༡༩༨༣ ལོར་༸སྐྱབས་རྗེ་ཀ་ལུ་རིན་པོ་ཆེ་མཆོག་དང་འབོ་དཀར་རིན་པོ་ཆེ་མཆོག་རྣམ་གཉིས་ནས་རྒྱ་གར་ནང་བཀའ་བརྒྱུད་སྨོན་ལམ་ཆེན་མོ་བསྐྱར་གསོ་མཛད།  ཕྱི་ལོ་ ༢༠༠༤ ལོར་༸རྒྱལ་དབང་ཀརྨ་པ་མཆོག་ནས་སྨོན་ལམ་ཆེན་མོའི་སྒྲིག་གཞི་འདུལ་ཁྲིམས་དང་མཐུན་པར་བསྐྱར་བཅོས་མཛད་དེ་ལོ་ལྟར་ཚོགས་གནང་གི་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བཀུར་འོས་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་སུ་འདྲི་བའི་དོགས་གནད་དག་ཐེར།

ཆུ་ཚོད་ ༢ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་ཁྲིམས་བཟོ་ལྷན་ཁང་གི་འདྲ་འབག

ཆུ་ཚོད་ ༣ སྔོན་ལ།
Those who refuse to provide their phone passwords could be punished
Mobile App

ཧོང་ཀོང་ཉེན་རྟོག་པས་མི་མང་གི་ཁ་པར་གསང་གྲངས་ཐད་ཀར་ལེན་ཆོག་པར་བཟོས།

ཆུ་ཚོད་ ༢༠ སྔོན་ལ།
Senators Jacky Rosen (D-NV) and John Curtis (R-UT)
Mobile App

ཨ་རིའི་བོད་དོན་དང་འབྲེལ་བའི་སྲིད་ཇུས་ཁག་ལག་བསྟར་གོང་འཕེལ་གཏོང་དགོས་པའི་འབོད་སྐུལ་ཞུས།

ཆུ་ཚོད་ ༢༢ སྔོན་ལ།
TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༢༣
TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

༢༠༢༦/༠༣/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese