མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་སྲི་ཞུ་བ་ཞིག་གི་གྲོགས་འཕྲིན།

བོད་ཀྱི་དུས་བབ།
༢༠༢༥/༡༢/༣༠
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། དུང་ཟླ།
རྩོམ་ཁུངས། བོད་ཀྱི་དུས་བབ།

གྲོགས་གཅེས། ང་ཚོ་ནི་གཞན་དང་མི་འདྲ་བར་རང་དབང་དང་རྒྱབ་ཁབ་ཀྱི་འདུ་ཤེས་ཤུགས་དྲགས་པའི་དབང་གིས་རང་ཉིད་ཀྱི་བརྩེ་བའི་ཕ་མ་དང་ཕ་ཡུལ་རྒྱབ་ཏུ་བཞག་ནས་ཡོང་བའི་གྲས་དེ་མ་ཡིན་པར། འཚར་སྣང་དང་རྒྱུས་མངའ་མེད་པའི་ཞེ་འདོད་ཅིག་གི་དབང་དུ་སོང་སྟེ་སོ་སོའི་ལོ་ཚོད་ལས་བརྒལ་བའི་དཀའ་ངལ་རྒྱ་ཕྲག་དང་དུ་བླངས་ནས་རི་ཆུ་གྲངས་ཀྱིས་མི་ལོང་བས་མ་ཁོག་པར་ས་མཐར་ཡོང་། བལ་ཡུལ་དང་རྒྱ་གར། རྒྱ་གར་ནས་བྱིས་དུས་ཀྱི་སློབ་གྲྭ་འགྲིམས་པ་ནས་ཕ་ཡུལ་དང་ཕ་མ་དྲན་པའི་སྐྱོ་བ་དང་རྒྱལ་ཁབ་ཀྱི་འདུ་ཤེས་མཉམ་དུ་རང་ཉིད་ཀྱི་ཁྲག་རྒྱུན་ལ་གསར་དུ་སྐྱེས། སྐབས་དེ་ནས་ང་ཚོའི་སེམས་སུ་ཕ་ཡུལ་གྱི་གནས་སྟངས་དང་སྤུན་ཟླ་ཚོའི་ལུས་སེམས་ཀྱི་བདེ་སྡུག་མང་པོ་ཞིག་ང་ཚོ་དང་འབྲེལ་ཞིང་། ང་ཚོས་ས་མཐར་འཚོ་བ་རོལ་བའང་ཁོ་ཚོའི་བདེ་སྡུག་གི་ཆེད་དུ་ཡིན་པའི་ངེས་ཤེས་གསར་བ་ཞིག་བྱུང་ཡོད། དེ་དུས་ང་ཚོས་སློབ་གྲྭའི་ཞོགས་ཚོགས་སྐབས་སུ་ “ལོངས་ཤོག མི་ལོ་བཅུ་ཕྲག་བར་དུ། ང་ཚོ་ཡི། ཤ་ཟད་རུས་ལ་མ་ཐུག་བར། དགྲ་བོས་བཙན་གནོན་བཏང་བྱུང་། ཆིག་སྟོང་དགུ་བརྒྱ་ལྔ་བཅུ་ང་དགུའི་ལོར། རྒྱལ་གཅེས་མི་མང་འུ་ཐུག་བཟོད་བྲལ་ཐབས་མེད་ཀྱིས། བདེན་པས་ཡར་ལ་ལངས་ཡོད། ལོངས་ཤོག་ལོངས་ཤོག་བོད་མི་རྣམས” ཞེས་ཤ་ཟད་རུས་ལ་མ་ཐུག་བར་དུ་འཐབ་རྩོད་ཀྱི་སྙིང་སྟོབས་མི་ཉམས་པའི་དམ་བཅའ་སྐྱོ་བའི་དབྱངས་དང་ཚིག་ལ་འདྲེས་ནས་བླངས་མྱོངས་ལ། “ལོ་ངོ་ (**) འགྲོ་བའི་གསུམ་བཅུའི་ལངས་གླུ་ལེན། བོད་མི་རྒྱ་དམར་འོག་ནས། སྒེར། ལངས་ཀྱི། རྒྱ་དམར་བཙན་འཇག བོད་ནས། མཐར། སྐྲོད། ཆེད། རྒྱལ་ཁའི་གླུ་དབྱངས་གསུམ་བཅུའི་དྲན་གསོ་འབུལ་” ཞེས་སྐད་ཤུགས་ཆེན་པོས་ཤ་དར་ཁྲག་དར་གྱི་འུ་ཚོའི་སྐད་སྒྲ་ཧི་མ་ལ་ཡའི་བྲག་ཅར་འཁོར་ཏེ་རྒྱ་མིའི་སྙིང་རྩ་འདར་བ་ཞིག་དང་གཞིས་བཞུགས་བོད་མི་ཚོའི་སེམས་ངལ་གསོ་བའི་དབྱངས་སུ་འགྱུར་ཐུབ་པའི་རེ་བ་བཅངས་མྱོང་བ་མ་ཡིན་ནམ། གྲོགས་གཅེས། སྐབས་དེར་ང་ཚོར་འདི་ལྟར་ས་མཐའ་ནས་ལོ་མང་སློབ་སྦྱོང་གིས་བསྐྱལ་བ་ལས་དྲག་པོའི་མཚོན་ཆ་ཐོག་ཏེ་དམག་ས་ནས་འཆི་བར་སྤྲོ་བའི་ལ་རྒྱ་ཡོད་པ་ཁྱོད་ཀྱིས་དྲན་ནམ། དེང་སྐབས་ཕྱི་རྒྱལ་གྱི་འཚོ་བ་ཇེ་ལེགས་དང་ཁྱིམ་ཚང་གི་འཚོ་བའི་བྲེལ་ཟིང་ཁྲོད་ནས་ཁྱོད་ཀྱིས་སྐབས་དེའི་སྙིང་སྟོབས་དང་རེ་བ་ཡོད་ཚད་གཏིང་བརྗེད་དུ་སོང་བའི་གཅོལ་ཆུང་གི་སྐད་ཆ་དེ་ང་ལ་མ་བཤད་རོགས། མི་གཞན་ཞིག་གིས་ང་ལ་དེ་ལྟར་བཤད་ཆོག་ནའང་ཁྱོད་ཀྱིས་ཁ་ནས་ངས་ཚིག་དེ་ཚོ་བཟོད་ཐབས་མི་འདུག དེ་བས་སྐད་ཆ་དེ་འདྲ་ཁྱོད་ཀྱིས་རྣམ་འགྱུར་ཙམ་ནས་ཀྱང་མཚོན་ཐབས་མ་གནང་རོགས།

བོད་ཁྱིམ་གྱི་ཞོགས་ཚོགས་དང་དུས་དྲན་སྲུང་བརྩི་རེ་རེས་ང་ཚོའི་སེམས་སུ་རྒྱལ་ཞེན་གྱི་ཁྲག་ཐིགས་རེ་རེ་བསྐྱེད་དེ་མ་འོངས་པའི་རེ་བ་ཁུར་བའི་མི་བུ་རེ་རེ་གསོ་སྐྱོང་གནང་བ་མ་ཡིན་ནམ། སྐབས་དེར་ང་ཚོའི་སེམས་སུ་རྡ་ས་ཞེས་པའི་བོད་དྲི་བྲོ་བའི་རི་བོ་ཆུང་ཆུང་དེ་ནི་འཐབ་རྩོད་ཀྱི་རྨང་རྡོ་དང་འཐབ་རྩོད་ཀྱི་ཀ་བ་ཐམས་ཅད་གནས་དེ་ན་དྲོང་ངེར་འགྱིང་ཡོད་པའི་ཡིད་ཆེས་ཡོད། གྲོགས་གཅེས། ཁྱོད་ཀྱིས་དྲན་ནམ། སྐབས་དེར་ང་གཉིས་ལ་ངོ་ཤེས་དང་སྤུན་ཉེ་མེད་པས་ཆུ་ཚོད་གཅིག་གཉིས་ཀྱི་བར་ཐག་ལས་མེད་པའི་གནས་དེར་འགྲོ་བའི་གོ་སྐབས་ཧ་ཅང་ཕྲ། རྡ་སར་ཐེངས་གཅིག་ཐོན་པ་ནི་ལྷ་སར་ཐེངས་གཅིག་ཐོན་པ་བཞིན་ང་ཚོས་སེམས་སུ་གཅེས་སྤྲས་ཅི་ཙམ་ཡོད་མྱོངས། སྐབས་དེར་ཚགས་ཤོག་ངོས་སུ་རྒྱ་གར་ས་གནས་སོ་སོ་ནས་སྐད་འབོད་དང་འཐབ་རྩོད་ཀྱི་མེ་ལྕེ་མཆེད་པའི་གསར་འགྱུར་རེ་རེ་མཐོང་བ་ན་རང་ཉིད་ཀྱང་མི་ཚོགས་དེ་དག་གི་ཁྲོད་དུ་ཡོད་ན་ཅི་མ་རུང་སྙམ་པའི་ཚོར་སྣང་དྲགས་པོ་སྐྱེས་ནའང་ང་ཚོ་སྔར་བཞིན་སློབ་གྲྭ་ནས་འདུག་དགོས་བྱུང་བས་སློབ་གྲྭ་ཚར་རྗེས་སུ་ངེས་པར་དུ་དེ་འདྲའི་ནང་བཞུགས་རྒྱུའི་ཆོད་སེམས་བཅངས་མྱོངས། ང་ཚོས་སོ་སོར་བཙན་པོའི་སྙིང་སྟོབས་དང་ལ་རྒྱ་སྲབ་མི་ཉན་པའི་བསྐུལ་ལྕག་གནང་མྱོང་བ་མ་ཡིན་ནམ།

གྲོགས་གཅེས་ལོ་ཟླ་འདི་ལྟར་འགྲོ་མགྱོགས་པས་ང་ཚོ་སློབ་གྲྭ་ནས་མཐོ་སློབ། མཐོ་སློབ་ནས་འཚོ་བའི་ཕྱོགས་སུ་འདི་ལྟར་བསྐྱོད་ཟིན། བྱིས་དུས་ཀྱི་སྙིང་སྟོབས་དང་ལ་རྒྱ་ཡོད་པའི་མི་མང་པོ་ཞིག་འཚོ་བའི་ལྕགས་ཐག་གིས་བཅིངས། འཁོར་བའི་རེ་དོགས་ཀྱི་དོང་ནང་དུ་ལྷུངས་རྗེས། ཁོང་ཚོས་བྱིས་དུས་ཀྱི་ཚོར་བ་ནི་ན་མ་སྨིན་པའི་ཧོལ་རྒྱུགས་དང་ཕུགས་རྒྱང་མེད་པའི་ཚོར་བ་རྐྱང་བ་ཙམ་དུ་བརྩི་བཞིན། རང་ཉིད་ཀྱིས་རང་ཉིད་ལ་སྦྱིན་པའི་ཕུགས་འདུན་གྱི་འཚོ་བ་དེ་སྐྱེལ་གྱིན་ལས་ཞོར་དང་ལམ་ཞོར་དུ་འཐབ་རྩོད་ཀྱི་ཁྲལ་སྒྲུབ་བཞིན་འདུག ཁ་སང་ཕྱི་རྒྱལ་ནས་ཡོང་བའི་ལོ་ཉུང་ཞིག་གིས་དབྱིན་སྐད་ཀྱི་གདངས་འདྲེས་པའི་བོད་སྐད་ཀྱིས་ “ང་ཚོའི་བོད་ཀྱི་ཆོས་དང་རིག་གཞུང་གལ་ཆེན་པོ་རེད། རྒྱ་མིས་བོད་ནང་ལ་བོད་པ་ཚང་མ་ཏག་ཏག་བཟོ་གི་ཡོད་རེད་ད” ཟེར་བ་ཞིག་དྲྭ་ཐོག་ན་ཁྱབ་བཞིན་འདུག་ལ། དྲྭ་ཐོག་གི་བོད་མི་མང་པོ་ཞིག་གིས་ཁོ་མོར་སེམས་ཤུགས་ཡོད་ཚུལ་དང་བོད་སྐད་ཡག་པོ་འཁྱོང་ཚུལ་གྱིས་བསྟོད་པ་གཏོང་བཞིན་འདུག ང་རང་ཁོག་འདར་ཞིག་རྒྱག་ཞོར་བུ་མོ་དེའི་ཕ་མའི་སེམས་སུ་ཅི་ཞིག་དྲན་གྱིན་ཡོད་མེད་ཚོད་དཔག་བྱེད་མི་ཐུབ་པར་གྱུར། གྲོགས་གཅེས། ངས་ཁྱོད་ལ་འདི་ལྟར་ཁྱོད་ཀྱིས་རང་ཉིད་ཀྱི་བྱིས་པའང་བོད་མིན་འདྲེས་མ་ཞིག་ཏུ་གཏོང་བཞིན་པའི་སྐོར་བཤད་ན། ཁྱོད་རང་སྤོ་ལངས་སྲིད་ལ་གཞན་དང་འདྲ་བར་ཕྱི་རྒྱལ་ན་ཁོར་ཡུག་མེད་ཚུལ་དང་ཕ་མ་བྲེལ་བ་ཆེ་ཚུལ་གྱི་རྒྱུ་མཚན་སྣ་མང་ཞིག་དྲངས་ཡོང་བ་ཚོད་དཔག་ཐུབ་ནའང་དེ་ནི་ཁྱོད་རང་གི་བདམས་པའི་ལམ་ཁ་མ་ཡིན་ནམ། ང་ལ་ལན་དེ་ལས་གཞན་པ་གང་ཡང་མི་འདུག་མོད་ང་ཁྱེད་རང་གི་བྱིས་པ་ལ་ངོ་མ་སྙིང་རྗེ་སྐྱེས་ཡོང་། ནོར་འཁྲུལ་ཅིའང་མེད་པའི་བྱིས་པ་ཞིག་བོད་མི་ཚོའི་ཁྲོད་ནས་ཁྲ་ཁྲ་ཞིག་ཏུ་གྱུར་ཟིན་པ་མ་ཡིན་ནམ།

གྲོགས་གཅེས། ངས་ཁྱེད་ལ་སླར་ཡང་ཕྱིར་དྲན་ཅིག་བྱེད། འཛིན་རིམ་བདུན་པ་དང། བརྒྱད་པ། དགུ་བའི་སྐབས་སུ་ང་ཚོའི་འཛིན་གྲྭའི་ནང་ཨང་རིམ་རྩེ་མོར་གསོན་པའི་སློབ་མ་ཚོར་ང་ཚོས་ཆེ་མཐོང་ཅི་ཙམ་ཡོད། ཁོང་ཚོ་ནི་ངོ་མ་མ་འོངས་པའི་སོན་རྩ་ངོ་མ་དེ་ཡིན་པའི་ཚོར་སྣང་ཡོད་མྱོངས་བ་དྲན་ནམ། སྐབས་དེ་དུས་དགེ་རྒན་ཚོས་ཀྱང་ཁོང་ཚོ་མིག་དཔེར་བཟུང་ནས་བཀའ་བཀྱོན་བཏང་མྱོང་ལ་བསླབ་བྱའང་སྐྱོན་མྱོངས་མོད། ད་སྐབས་མང་པོ་ཞིག་ནི་ང་ཚོར་བཀའ་བཀྱོན་གཏོང་བྱེད་ཀྱི་ཚད་ཤིང་ཙམ་ལས་གར་སོང་ཆ་མེད་དམ། ཡང་ན་གོ་མེད་ཚོར་མེད་དུ་གྱུར་འདུག དེ་ནི་ངས་ཁོང་ཚོར་འཁང་ར་བྱས་པ་མ་ཡིན་པར་ཁོང་ཚོར་ཡིད་སྨོན་ཤོར་བས་ཡིན། ང་ཁོང་ཚོའི་རྒྱལ་ཁམས་འགྲིམ་པའི་ཁོག་རྒྱར་ཡིད་སྨོན་ཤོར་བས་ཡིན། བྱིས་དུས་སུ་ང་ཚོས་རང་ཉིད་ཀྱི་དད་རྟེན་དུ་བརྩིས་ཤིང་རེ་བ་བཅོལ་སའི་འཐབ་རར་སྒོམ་པའི་ས་གནས་འདི་རྒྱབ་ལ་བསྐྱུར་ཏེ་ཁོང་ཚོ་གནས་སྐབས་ཙམ་མ་ཡིན་པར་གཏན་དུ་ཕྱིན་སོང་བ་མ་ཡིན་ནམ། ངའི་སེམས་སུ་ནམ་ཡིན་ནའང་ང་རང་ལྟ་བུའི་མི་བཅུ་གྲངས་ཤིག་ཕྱིན་པ་ལས་ཁོང་ཚོ་ལྟ་བུ་རེ་གཉིས་ཤིག་ཕྱིན་པར་ཕངས་སེམས་ཆེ་བའི་ཐབས་ཟད་ཀྱི་འགྱོད་པ་ཡང་ཡང་སྐྱེས་མྱོངས།

གྲོགས་གཅེས། ས་མཐའ་ནས་མི་རབས་རྒན་པ་ག་ཚོད་ཅིག་རང་ཉིད་ཀྱི་ཕྱིར་ལོག་གི་ཕུགས་བསམ་ལ་གས་ཆག་ཤོར་ཏེ་སྐྱོ་བའི་མིག་མཐའ་མཆི་མས་ཁེངས་བཞིན་ཕྱི་མའི་ལམ་ཁ་འགྲིམས་དགོས་བྱུང་ཡོད། ཁོང་ཚོའི་སེམས་སུ་ད་དུང་ལོ་གཅིག་གཉིས་ཤིག་གསོན་ཐུབ་ཚེ་ངེས་པར་དུ་རང་ཡུལ་ལ་ལོག་ཐུབ་ངེས་པའི་རེ་བ་ཡོད་ནའང་འཆི་བདག་ལ་སྙིང་རྗེ་ག་ལ་ཡོད་སྲིད། ཁྱོད་རང་གི་སེམས་སུ་དེ་ལྟ་བུའི་རེ་བ་ཡོད་མྱོང་བ་དྲན་ནམ། སྔོན་མ་ང་ཚོ་བོད་མི་སུ་ཞིག་ལ་དེ་ལྟ་བུའི་རེ་བ་མེད་དམ། ཚང་མར་ཡོད་ངེས་པའི་ཡིད་ཆེས་བཅའ་ཆོག་མོད། དུས་ཚོད་འགྲོ་མགྱོགས་ལ་ཚོར་བ་འགྱུར་སླ་བས་ད་སྐབས་བོད་མི་ཚང་མར་དེ་ལྟ་བུའི་སེམས་ཁམས་ཡོད་ངེས་པའི་གདེང་ཚོད་མི་འདུག ང་ལ་མཚོན་ན་བདེ་ཞིང་སྐྱིད་པའི་ཕྱི་རྒྱལ་གྱི་འཚོ་བ་ནི་སྦྲིད་སྨད་ལྟ་བུ་ཞིག་སྟེ། དེས་ཁྱོད་ཀྱི་སེམས་ཁོང་གི་སྡུག་བསྔལ་ངོ་མ་དེ་བརྗེད་དུ་བཅུག་རྗེས་ཡོད་ཚད་བཏང་སྙོམས་སུ་གཏོང་ངེས། ང་རང་རྒྱ་གར་དུ་འཚོ་བ་རོལ་བའི་རྒྱལ་ཁ་ངོ་མའང་དེ་ཡིན་སྲེད་དེ། འཚོ་བ་དེས་ཁྱོད་ཀྱི་སེམས་ཁོང་གི་སྡུག་བསྔལ་ནམ་ཡང་བརྗེད་དུ་མི་འཇུག་པ་མ་ཟད། དུས་ནས་དུས་སུ་ཁྱོད་ལ་རང་ཉིད་ཀྱི་ངོ་བོ་གང་ཡིན་པར་དྲན་གསོ་སློང་ངེས། དེ་བས་སྡུག་བསྔལ་དེའི་ཁྲོད་ན་བདེ་བ་ཞིག་མི་མངོན་པའི་ཚུལ་དུ་གནས་ཡོད། དེ་ནི་རིན་ཐང་ལྡན་པ་ཞིག་མ་ཡིན་ནམ།

ཁྱེད་རང་ལ་ཕྱི་རྒྱལ་མི་སེར་གྱི་ཐོབ་ཐང་ལག་ཁྱེར་ཐོབ་པ་ནས་ཁྱེད་ཀྱིས་འཛམ་གླིང་གཡས་སྐོར་གཡོན་སྐོར་རྒྱབ་ན་ཆོག་མོད། ཡིན་ནའང་ཁྱོད་རང་སྔར་བཞིན་ཕ་ཡུལ་ལ་འཛེམ་དོགས་ཀྱིས་འགྲོ་དགོས་པ་མ་ཡིན་ནམ། ཁྱེད་རང་ང་དང་མི་འདྲ་བར་ཕ་ཡུལ་ལ་འགྲོ་ཐུབ་ནའང་ཕ་ཡུལ་ལ་ཅི་ལྟར་ཉེ་བར་བཅར་བ་དེས་ཁྱོད་ཀྱི་ཡུལ་དུངས་ལ་ཆུ་འཁྱག་བླུགས་པ་བཞིན་ཇེ་སྲབ་ཏུ་སོང་བ་མ་རེད་དམ། ཕ་ཡུལ་དུ་སོང་བའི་མི་མང་པོ་ཞིག་ཕྱིར་འོང་རྗེས་ཕ་ཡུལ་ལ་བརྩེ་འདང་སྔར་བཞིན་མེད་པར་ཕྱིར་ལོག་མི་འདོད་པའི་སེམས་ནད་ཅིག་འགོས་ནས་ཡོང་བས། ང་རང་ཕ་ཡུལ་ལ་མ་སོང་བར་ཕ་ཡུལ་དང་ཕ་མ་དྲན་པའི་ཞེ་འདང་འདི་ཡུན་སྲིང་གིས་སྐྱོང་ན་འདོད། དེ་ནི་ངས་རང་ཉིད་གསོན་གནས་ཐུབ་པའི་རྒྱུ་མཚན་ནམ་ནུས་པ་ཞིག་ལ་གཅེས་སྤྲས་བྱེད་སྟངས་ཡིན། གྲོགས་གཅེས། ཕྱི་རྒྱལ་མི་སེར་གྱི་ཐོབ་ཐང་ལག་ཁྱེར་ཐོབ་རྗེས་ལག་དེབ་ལྗང་ཁུའི་འགན་འཁྲི་དེ་རྡོག་ཁྲི་ཞིག་ཏུ་འགྱུར་བའི་ཚོར་སྣང་བྱུང་མྱོང་ངམ་བྲང་ཁར་ལག་པ་བཞག་ནས་བསམ་གཞིག་ཅིག་གནོང་དང་། ཡང་ན། ལག་དེབ་ལྗང་ཁུ་དེ་ནི་རང་གི་འོས་འགན་ཞིག་ཏུ་བསམ་ཏེ་ཅིའང་མ་ཐུབ་ནའང་འདི་ཐུབ་དགོས་པའི་སེམས་ཤུགས་སྐྱེས་མྱོང་ངམ། ཕྱི་རྒྱལ་ནས་ལག་དེབ་ལྗང་ཁུའི་གནས་བབས་ཧ་ཅང་སྐྱོ་བའི་གནས་ཚུལ་མང་པོ་གོ་རྒྱུ་འདུག དེ་ནི་ངོ་མ་ཡིད་སེམས་སྐྱོ་དགོས་པ་ཞིག་མ་ཡིན་ནམ། ཕྱོགས་གཅིག་ནས་ལག་དེབ་ལྗང་ཁུ་ཐང་ལ་འཕེན་མཁན་ཚོས་ཕྱི་རྒྱལ་མི་སེར་གྱི་ལག་ཁྱེར་ཡོད་པས་ཐམས་ཅད་གྲུབ་སོང་བའི་གདེང་ཚོད་ཅིག་ཡོད་པས་ཡིན་སྲིད། དོན་དུ་ཁོང་ཚོས་རང་ཉིད་ལས་ཡོད་ཚད་དོར་སོང་བ་མ་ཡིན་ནམ།

ཁ་སང་གྲོགས་མོ་ཞིག་གི་བུ་མོ་ལོ་བཅུ་གསུམ་ཅན་ཞིག་གིས་མོ་རང་ངེས་པར་དུ་ཁེ་ན་ཊ་ལ་འགྲོ་འདོད་ཡོད་ཅེས་ས་ཆ་དེར་སྤྲོ་འཁྱམ་འགྲོ་ས་གང་དང་གང་ཡོད་པ། ད་དུང་ཟ་མ་གང་དང་གང་ཡོད་པ་སོགས་མོ་རང་དངོས་སུ་སོང་མྱོང་བ་ལྟ་བུ་ཞིག་བཤད་སོང་། ངས་ད་དུང་བུ་མོ་ལོ་ཉུང་འདི་ལྟ་བུའི་བོད་ཕྲུག་མང་པོ་ཞིག་ལ་ལམ་ཁ་འདི་འདྲ་ཞིག་ཡོད་པའི་ལམ་སྟོན་སུས་བྱེད་ཀྱི་ཡོད་མེད་ལ་དོགས་སློང་མི་བྱེད་ཀ་མེད་བྱུང་། མ་འོངས་པའི་སོན་རྩ་ཟེར་བའི་ལོ་ཉུང་ཚོ་རིམ་བཞིན་ཕྱི་རྒྱལ་དུ་རིམ་པ་དམའ་བའི་ལས་རིགས་གཉེར་བར་ཆས་སོང་ན། འཐབ་རྩོད་ཀྱི་བཙན་མཁར་དུ་བརྩི་བཞིན་པའི་བོད་མིའི་སྒྲིག་འཛུགས་འདི་སྲུང་བའི་འགན་འཁྲི་སུ་ལ་ཡོད་དམ། ཁྱེད་རང་གིས་གནད་དོན་འདི་ཉེན་ཁ་ཅི་ཙམ་ཆེ་བའི་ངེས་ཤེེས་རྙེད་ཐུབ་སོང་ངམ། འདི་ནི་མི་རབས་རྒན་པ་ཚོས་ལོ་མང་དཀའ་སྤྱད་སྡུག་རུས་ཀྱིས་བཞེངས་པའི་གསེར་གྱི་རི་བོ་ཞིག་ཕྱི་རྐྱེན་མེད་པར་རང་ཤུགས་ཀྱིས་འཇིག་སོང་བ་མ་ཡིན་ནམ། ཕ་ཡུལ་དུ་ཆེས་མཐའ་མའི་འབྲོག་ས་སྲུང་མཁན་མཁོ་བ་བཞིན་དུ་བཙན་བྱོལ་ནས་ཀྱང་ཆེས་མཐའ་མའི་སྒྲིག་འཛུགས་འདི་སྲུང་མཁན་ཡང་ངེས་པར་མཁོ་བ་མ་ཡིན་ནམ། གྲོགས་གཅེས།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༡༩ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༢༢ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༢༣ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese