མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་རྒྱ་གར་ནང་བཞུགས་ཡོད་པ་ལྟར་བོད་མི་རྣམས་རྒྱ་གར་ནང་བསྡད་དེ་ནུས་པ་ལྡན་པ་ཞིག་ཡོང་ཐབས་བྱེད་དགོས་པའི་རེ་སྐུལ་གནང་།

བོད་ཀྱི་དུས་བབ།
༢༠༢༦/༠༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

མི་ལོ་ ༤༠ ཙམ་རིང་བཙན་བྱོལ་བོད་མིར་རོགས་རམ་རྒྱ་ཆེན་གནང་མཁན་ལྕམ་སྐུ་དྷེ་བྷི་ལགས་ཀྱིས་ཁོང་ཚོས་ལས་ཀ་ག་རེ་བྱས་ནའང་བོད་མིའི་བདེ་རྩ་དང་བོད་ལ་རང་དབང་འཐོབ་རྒྱུར་རེ་བ་སྐྲུན་ཐབས་བྱེད་ཀྱི་ཡོད་སྐོར་བརྗོད་བྱུང་།

བཙན་བྱོལ་བོད་མིར་རོགས་སྐྱོར་ཤུགས་ཆེན་གནང་མཁན་ལྕམ་སྐུ་དྷེ་བྷི་ཁཱ་རཱ་ནེ་ལགས་དང་ཁོང་མོས་༧གོང་ས་མཆོག་ལ་མཇལ་བཅར་ཞུ་སྐབས་ཀྱི་སྐུ་པར་ཞིག

དེ་རིང་ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོར། ཨེ་ཊ་ལི་ཡི་ཝེ་མཱ་ལཱ་ཚོགས་པ་(the Vimala Association Italy)ཡི་ཚོགས་གཙོ་ལྕམ་སྐུ་དྷེ་བྷི་ཁཱ་ར་ནི་ (Debbie Carrani) ལགས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་ཡོད་པ་དང་། ཁོང་མོ་དང་ཁོང་མོའི་ཚོགས་པ་དེས་འདས་པའི་མི་ལོ་ ༤༠ ཙམ་རིང་བཙན་བྱོལ་བོད་མིར་རོགས་རམ་རྒྱ་ཆེན་པོ་གནང་དང་གནང་མུས་ཡིན་འདུག་ལ། དེ་རིང་ཁོང་མོས་འདི་ག་དུས་བབ་ཀྱི་གསར་འགོད་པར་༧གོང་ས་མཆོག་རྒྱ་གར་ནང་བཞུགས་ཡོད་པ་ལྟར་བོད་མི་རྣམས་རྒྱ་གར་ནང་བསྡད་དེ་སོ་སོའི་རིག་གཞུང་བདག་ཉར་དང་བོད་ནང་གི་བོད་མིར་བརྡ་ལན་སྤྲོད་ཐབས། དེ་བཞིན་གཞིས་ཆགས་ནང་ནུས་པ་ལྡན་པ་ཞིག་ཡོང་བར་འབད་དགོས་སྐོར་བརྗོད་བྱུང་།

འདི་གའི་གསར་འགོད་པས་ལྕམ་སྐུ་དྷེ་བྷི་ལགས་སུ་བཅར་འདྲི་ཞུ་སྐབས་ཁོང་མོས། ང་ཚོ་བོད་མི་རྣམས་དང་མཉམ་དུ་ཡོད་པས་དུས་རྟག་ཏུ་སེམས་ཤུགས་མ་ཆགས། ནམ་ཡང་སེམས་ཤུགས་མ་ཆགས། ང་ཚོས་གདེང་སྤོབས་ཀྱི་ཐོག་ནས་བོད་དོན་རྒྱབ་སྐྱོར་བྱས་ཏེ་གོ་ལ་ཡོངས་སུ་གནས་ཚུལ་ཁྱབ་སྤེལ་བྱེད་ཀྱི་ཡིན། ང་ཚོས་ཚིག་ཙམ་མ་མིན་པར་སེམས་གཏིང་ནས་བོད་རྒྱལ་ལོ་ཞེས་འབོད་ཀྱི་ཡོད། དེར་བརྟེན་བོད་མི་རྣམས་ཀྱིས་ང་ཚོ་དུས་རྟག་ཏུ་ཁྱེད་ཚོ་དང་མཉམ་དུ་ཡོད་པ་ཚོར་དགོས། ཞེས་བརྗོད་བྱུང་།

ཡང་ལྕམ་སྐུ་དྷེ་བྷི་ལགས་སུ་བོད་པའི་གཞོན་སྐྱེས་ཚོར་བརྡ་ལན་གང་ཡོད་དྲིས་པར་ཁོང་མོས། རྒྱ་གར་ནང་དུ་སྡོད། ཨ་རི་དང་ཁེ་ན་ཌ། ཡུ་རོབ་ནང་མ་འགྲོ། ཁྱེད་རང་ལ་རྒྱལ་ཁབ་དེ་དག་ནང་སྦྱོང་རྒྱུ་གང་ཡང་ཡོད་པ་མ་རེད།  ནཱལེནྜའི་ཡུལ་འདི་འཚོ་གནས་བྱ་སའི་ཡུལ་ཞིག་ཆགས་ཡོད། རྒྱ་གར་གྱི་ཡུལ་འདི་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཞུགས་གནས་སུ་བདམས་ཡོད་པ་ལྟར། བོད་མི་རྣམས་ཀྱི་གནས་ཡུལ་དེ་རྒྱ་གར་རང་ཆགས་བསྡད་ཡོད་པ་རེད། ཁྱེད་རང་ཚོ་འཚར་ལོངས་བྱུང་ས་དང་སོ་སོའི་རིག་གཞུང་གཅེས་ཉར་བྱེད་ཐུབ་ས་རེད་ལ། ཁྱེད་རང་ཚོ་གཞིས་ཆགས་ནང་བསྡད་དེ་བོད་ནང་གི་བོད་མི་ཚོར་བརྡ་ལན་འབུལ་ཐུབ་ཀྱི་རེད།  དེར་བརྟེན། གཞིས་ཆགས་ནང་བསྡད་དེ་ནུས་སྟོབས་སྤེལ་བ་གནང་དགོས། དེ་ནི་ངས་བོད་ཀྱི་གཞོན་སྐྱེས་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་རེད་བསམ་གྱི་འདུག དམིགས་བསལ་གྱིས་སློབ་གྲྭ་ཁག་གི་ཤེས་ཡོན་སློབ་གསོའི་ཐད་༧གོང་ས་མཆོག་ནས་དུས་རྒྱུན་དུ་ང་ལ་སློབ་གྲྭ་ཁག་གི་ནང་འགྲོ་དགོས་པའི་ལམ་སྟོན་གནང་སྟེ་ཤེས་ཡོན་སློབ་གསོ་ཞེས་པ་འདི་དཔེ་མི་སྲིད་པས་གལ་ཆེན་པོ་རེད་གསུང་གི་ཡོད་པ་ལྟར། བོད་མི་ཚོས་དེའི་ཐད་བསམ་བློ་གཏོང་དགོས་རེད། སྒེར་སེམས་གྱི་ཐོག་ནས་ང་རང་ཚོ་རང་གི་ཆེད་དུ་ཅིག་བྱེད་ཀྱི་ཡིན་བསམ་ན་འགྲིག་གི་ཡོད་པ་མ་རེད། བོད་པ་ཟེར་དུས་སྤྱི་ཚོགས་ཤིག་ཆགས་བསྡད་ཡོད་པ་རེད། ང་ཚོ་ཕན་ཚུན་འབྲེལ་བསྡད་ཡོད་པ་ཞིག་ཡིན་དུས་ང་ཚོས་རང་ལས་གཞན་གཅེས་ཀྱི་ཐོག་བསམ་བློ་གཏོང་དགོས། ཞེས་བརྗོད་འདུག

༸གོང་ས་མཆོག་ལ་མཇལ་བཅར་ཞུས་ཏེ་ཚོར་བ་ཇི་བྱུང་སྐོར་ཁོང་མོས། ང་ག་དུས་༧གོང་ས་མཆོག་གི་མདུན་དུ་བསླེབས་ནའང་གོ་སྐབས་དེ་བཟུང་ནས་བོད་ནང་གི་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་མཇལ་ཁ་འདི་ཞུ་ཡི་ཡོད་བསམ་པའི་འདུ་ཤེས་ཤིག་འཛིན་གྱི་ཡོད། ང་ལ་ཐོབ་པའི་བྱིན་རླབས་ཀྱི་ནུས་སྟོབས་དེ་བོད་ནང་གི་བོད་མི་ཚོར་ཐོབ་པར་ཤོག་བསམ་པའི་སྨོན་ལམ་རྒྱག་གི་ཡོད། ང་ཚོས་ལས་ཀ་ག་རེ་བྱེད་པར་འབད་ཀྱི་ཡོད་ནའང་བོད་མིའི་བདེ་རྩའི་ཆེད་དང་བོད་ལ་རང་དབང་འཐོབ་རྒྱུར་རེ་བ་ལྡན་པ་ཞིག་ཡོང་བའི་ཆེད་དུ་ཡིན། ང་ཚོས་བོད་མི་རྣམས་སོ་སོའི་ལུང་པར་ལོག་ཐུབ་ཐབས་སུ་དངོས་གནས་ཀྱི་འཐབ་རྩོད་པ་ཞིག་ཏུ་སྐྲུན་ཐབས་བྱེད་ཀྱི་ཡོད། ཅེས་བརྗོད་འདུག

ལྕམ་སྐུ་དྷེ་བྷི་ལགས་ནི་དགུང་ལོ་ ༡༨ ཙམ་ནས་བཟུང་བཙན་བྱོལ་བོད་མིར་རོགས་རམ་གནང་བའི་མགོ་བཙུགས་ཡོད་འདུག་ལ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་ལམ་སྟོན་འོག་ཁོང་མོ་དང་ཁོང་མོའི་ཚོགས་པ་ཨེ་ཊ་ལི་ཡི་ཝེ་མཱ་ལཱ་ཚོགས་པ་ཡིས་བོད་མིའི་སྒྲིག་འཛུགས་དང་། བོད་ཕྲུག་ཁྱིམ་སྡེ་གཙོ་བོར་གྱུར་བའི་སློབ་གྲྭ་ཁག་གི་ཤེས་ཡོན་སློབ་གསོ་དང་། གཞིས་ཆགས་དང་རྒན་གསོ་ཁང་གཙོ་བོར་གྱུར་བའི་བཙན་བྱོལ་བོད་མིའི་ཟས་གོས་གནས་མལ་གྱི་ཐད་རོགས་རམ་རྒྱ་ཆེན་གནང་དང་གནས་མུས་ཡིན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese