མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབུས་འོས་བསྡུ་ལས་ཁང་གིས་མི་གཅིག་ལ་ཉེས་ཆད་དང་མི་གཉིས་ལ་ཉེན་བརྡ་བཏང་འདུག

བོད་ཀྱི་དུས་བབ།
༢༠༢༦/༠༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

དབུས་འོས་བསྡུ་ལས་ཁང་གིས་སྨན་པ་ངག་དབང་བློ་གྲོས་ཀྱི་མི་ལོ་བརྒྱད་ཀྱི་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་ཕྲོགས་པ་དང་། སྲིད་སྐྱོང་འོས་མི་སྐལ་བཟང་རྡོ་རྗེ་ལགས་དང་གནས་ཆུང་སྐུ་གཞོགས་རྡོ་རྗེ་ལགས་གཉིས་ལ་འོས་བསྡུའི་སྒྲིག་གཞི་དང་འགལ་ཉེན་ཡོད་པའི་ཉེན་བརྡ་བཏང་བ། དགོས་ངེས་ཅན་ཡིན་ན་མ་གཏོགས་ལས་ཐོག་སྲིད་སྐྱོང་མཆོག་གི་གཞུང་འབྲེལ་ཕྱོགས་ཕེབས་དག་ཕྱིར་འགྱངས་ཡོང་བའི་རེ་སྐུལ་ཞུས་ཡོད་འདུག

དབུས་འོས་བསྡུ་ལས་ཁང་གིས་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ཆེད་གསར་འགོད་ལྷན་ཚོགས་ཐེངས་གསུམ་པ་བསྐོངས། ༢༠༢༦།༡།༢༨ དུས་བབ་ཀྱི་པར།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། དབུས་འོས་བསྡུ་ལས་ཁང་གིས་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཐེངས་གསུམ་པ་དེ་གནང་སོང་། སྐབས་དེར་འོས་བསྡུའི་འགན་འཛིན་བློ་བཟང་ཡེ་ཤེས་ལགས་ཀྱིས། སྨན་པ་རྟ་རའམ་ངག་དབང་བློ་གྲོས་ཀྱིས་སྐབས་བཅུ་བདུན་པའི་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་སུ་སྒྲོ་བཏགས་དང་གཞི་མེད་སྐྱོན་འཛུགས་བྱས་པར་མི་ལོ་བརྒྱད་རིང་གི་གཞུང་འབྲེལ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་ཕྲོགས་པ་དང་། སྲིད་སྐྱོང་འོས་མི་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཀྱིས་གསར་འགོད་གསལ་བསྒྲགས་སྐབས་ཀྱི་སྐད་ཆ་ཞིག་ལ་མང་ཚོགས་ནང་གླེང་སློང་དང་སྐྱོན་བརྗོད་རིགས་ཡོང་གི་ཡོད་སྟབས། བཅའ་སྒྲིག་དགོངས་དོན་དང་འགལ་ཉེན་ཡོད་པའི་ཉེན་བརྡ་བཏང་། དེ་བཞིན་གནས་ཆུང་སྐུ་གཞོགས་རྡོ་རྗེ་ལགས་ཀྱིས་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་དྲིལ་བསྒྲགས་འགྲོ་བཞིན་པའི་སྐབས། འཕྲོས་བཤད་ཀྱིས་ཆབ་སྲིད་ཀྱི་བཀའ་མོལ་མང་པོ་ཞིག་གི་རྐྱེན་གྱིས་སྤྱི་ཚོགས་འཁྲུག་རྐྱེན་སློང་བའི་ཉེན་བརྡ་བཏང་ཡོད་འདུག

དེ་འབྲེལ་བསྒྲགས་གཏམ་ནང་དུ། སྦེལ་ཀོབ་ལུགས་བསམ་གཞིས་མི་ངག་དབང་བློ་གྲོས་( ཨམ་རྗེ་རྟ་ར)ནས་ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༢ ཉིན་རང་གི་སྤྱི་ཚོགས་དྲ་རྒྱ་(Youtube, Dr.Tara Medicine) ཞེས་པའི་ནང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་སུ་སྒྲོ་བཏགས་དང་། གཞི་མེད་སྐྱོན་འཛུགས་བྱེད་པར་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ཉེར་བཞི་པའི་ནང་གསེས་  ༣ དང་ ༡༡ དང་འགལ་འཛོལ་བྱུང་ཡོད་བྱུང་བའི་ར་འཕྲོད་ཀྱིས་སྒྲིག་གཞི་དོན་ཚན་ཉེར་ལྔ་པའི་ནང་གསེས་ ༣ དང་ ༡༡ དགོངས་དོན་ལྟར། ཕྱི་ལོ་ ༢༠༢༦ ཟླ ༡ ཚེས་ ༢༧ ནས་ལོ་བརྒྱད་ཀྱི་རིང་གཞུང་འབྲེལ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོག་རྒྱུའི་ཐག་གཅོད་ཞུས། ཅེས་གསལ་འདུག

ཡང་གསར་འགོད་བསྒྲགས་གཏམ་ནང་། ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༢༧ ཉིན་གདན་ས་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་བླ་སྤྱི་ནས་གཞུང་བསྙེན་དགྲ་ལྷ་གནས་ཆུང་ཆོས་རྒྱལ་ཆེན་པོ་སྤྱན་འདྲེན་ཞུ་སྐབས་ཀྱི་བཀའ་ལུང་དང་འབྲེལ་བོད་ཀྱི་རླུང་འཕྲིན་ཁང་ནས་སྐུ་གཞོགས་རྡོ་རྗེ་ལགས་ལ་ཟླ་ ༡༢ ཚེས ༣༠ ཉིན་བཅར་འདྲི་ཞུས་པའི་ལན་འདེབས་སུ། གཞུང་བསྟེན་དགྲ་ལྷའི་བཀའ་ལུང་ཇི་བཞིན་འགྲེལ་བརྗོད་གནང་འོས་གནང་ཡོད་ཀྱང་། ཕྱི་ལོ་ ༢༠༢༥་་༢༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་འགྲོ་བཞིན་པའི་སྐབས་འདིར་ཁོང་ནས་འཕྲོས་བཤད་ཀྱིས་ཆབ་སྲིད་དང་འབྲེལ་བའི་བཀའ་མོལ་མང་དག་གནང་ཐལ་གྱི་རྐྱེན་པས་སྤྱི་ཚོགས་འཁྲུག་གཞི་དང་། འོས་བསྡུའི་ལས་རིམ་ལ་དོ་ཕོག་འགྲོ་ཉེན་ཡོད་པར་སོང་། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དང་། རྩ་འཛིན་ལམ་སྟོན་བཅས་དང་འགལ་འཛོལ་བྱུང་བའི་ཁོང་ལ་ཉེན་བརྡ་བཏང་ཡོད་པ་དང་། ཨ་རིའི་སྐུ་ཚབ་དོན་ཟུར་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ནས་ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༢༡ ཉིན་དྷ་ས་ལྷ་རྒྱལ་རིར་ཕྱི་ལོ་ ༢༠༢༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་འོས་མིར་བཞེངས་རྒྱུའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སྐབས། “་༧རྒྱལ་བ་རིན་པོ་ཆེ་ནང་བཞིན་སུ་གང་གིས་གནང་ཐུབ་ཀྱི་མ་རེད་། ཡིན་ནའང་། ༸རྒྱལ་བ་རིན་པོ་ཆེ་གཙོས་པའི་ང་ཚོ་ཚང་མ་ལ་སྐྱོན་མེད་པ་དང་། ག་རེ་ཡིན་ནའང་མི་གཅིག་གིས་ག་ཚོད་འཇོན་ཐང་དང་། ཤེས་འཇོན་དང་། རྒྱབ་ལྗོངས་ཡོད་པ་ཡིན་ནའང་མི་གཅིག་གི་ནུས་པ་དེ་མི་མང་པོ་དང་བསྡུར་རྒྱུ་ཡོད་པ་མ་རེད་ཅེས་གསུངས་ཡོད་པར་མང་ཚོགས་ནང་བསམ་ཚུལ་དང་། སྐྱོན་བརྗོད་རིགས་བྱུང་ཡོད་པར་སོང་། འདི་ལས་ནས་ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས ༡༦ ཉིན་སྲིད་སྐྱོང་འོས་མི་དབུས་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་སུ་བཅའ་སྒྲིག་དགོངས་དོན་དང་འགལ་ཉེན་ཡོད་པས་སླད་ཕྱིན་འདི་རིགས་མི་ཡོང་བར་ཐུགས་གཟབ་དགོས་པའི་ཉེན་བརྡ་བཏང་བ་བྱུང་ཡོད། ཅེས་གསལ་འདུག

དེ་བཞིན་དབུས་འོས་བསྡུ་ལྷན་ཁང་གིས། འོས་བསྡུའི་དུས་ཡུན་ནང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དགོས་ངེས་ཅན་ཡིན་ན་མ་གཏོགས། གཞུང་འབྲེལ་གྱི་ཕྱོགས་ཕེབས་རྣམས་འོས་བསྡུ་མ་ཚར་བར་དུ་ཕྱིར་འགྱངས་གནང་དགོས་པའི་རེ་སྐུལ་དང་། གཞུང་སྒེར་མཛད་སྒོ་སོགས་སུ་འོས་བསྔུའི་དུས་ཡུན་ནང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་དང་། སྲིད་སྐྱོང་སོགས་སྐུ་མགྲོན་གཙོ་བོ་མི་གནང་བའི་ལམ་སྟོན་ཡང་ཞུས་ཡོད་འདུག

སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་བྱ་རྒྱུར་ཉིན་གྲངས་ ༣ ལས་ལྷག་མེད་ལ། དབུས་འོས་བསྡུ་ལས་ཁང་གིས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དགོངས་དོན་ལྟར་འོས་ཤོག་རྣམས་འཛམ་གླིང་རྒྱལ་ཁབ་ ༢༧ གྱི་ས་གནས་འོས་བསྡུ་ལས་ཁང་ ༨༧ འོག འོས་བསྡུ་བྱ་ཡུལ་གྱི་སྡེ་ཚན་གྲངས་ ༣༠༩། ཚོགས་ཆུང་དང་ལས་བྱེད་ཁྱོན་གྲངས་ ༡༧༣༧ སུད་ཚོང་ཁག་གྲངས་ ༣༡ བཅས་ལ་བཏང་ཟིན་ཡོད་འདུག་ལ། ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༢༥ ཉིན་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་རྒྱུ་ཡིན་འདུག དེ་བཞིན་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༣ ཉིན་དངོས་གཞིའི་འོས་གཞི་གསལ་བསྒྲགས་གནང་རྒྱུ་དང་། དངོས་གཞིའི་འོས་བསྡུ་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༦ ཉིན་གནང་རྒྱུ་ཡིན་པ་རེད།  ཕྱི་ལོ་༢༠༡༦ ཟླ་ ༥ ཚེས་ ༡༣ ཉིན་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་རྒྱུ་ཡིན་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༨ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༡༠ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese