མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༦/༠༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ནས་ལོ་གཅིག་ལྷག་འགྲོ་བཞིན་འདུག

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག རྒྱའི་དྲ་ལམ་གྱི་པར།

ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༢༦ ཉིན་མཚོ་སྔོན་ཉིན་རེ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཅུ་གཅིག་པའི་ཐོག་མཚོ་སྔོན་ཞིང་ཆེན་གྱི་སྲིད་གྲོས་རྒྱུན་ལས་ཡིན་པ་སྤྲུལ་སྐུ་བློ་བཟང་ལུང་རིགས་ལགས་ཀྱི་གོ་གནས་མེད་པར་བཟོས་རྗེས། འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་ཡོད་འདུག

དེ་འབྲེལ་མཚོ་སྔོན་ཉིན་རེ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་རྒྱུན་ལས་བློ་བཟང་ལུང་རིགས་དང་། རྒྱུན་ལས་ཀྱི་ཚོགས་གཙོ་གཞོན་པ་མ་ཧྥང་ཧྲང་དང་ཀྲའོ་ཤུས་ཀྲང་གསུམ་གྱི་གོ་གནས་མེད་པར་བཟོས་པའི་ཐག་གཅོད་བྱས་པ་ཡིན། ཞེས་གསལ་འདུག་མོད། ཁོ་ཚོའི་གོ་གནས་མེད་པར་བཟོ་དགོས་པའི་རྒྱུ་མཚན་སོགས་གང་ཡང་གསལ་མི་འདུག

སྤྲུལ་སྐུ་བློ་བཟང་ལུང་རིགས་ཀྱིས། རྒྱ་གར་ནས་ཕྱིར་བོད་དུ་ལོག་པའི་དགེ་བཤེས་ཤིག་ལ་རོགས་རམ་བྱས་པ་དང་ཕྱི་རྒྱལ་དུ་དངུལ་བཏང་བའི་ཉེས་འཛུགས་འོག་འཛིན་བཟུང་བཀའ་རྒྱ་བཏང་ཞིང་། ཁོང་དགོན་པ་ནས་ཕྱིར་བུད་དེ་ཆུ་དམར་ལེབ་རྫོང་དུ་བྲོས་བྱོལ་བྱས་ཡོད་ཀྱང་། མཐར་རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་པའི་ཁྲིམས་ཐོག་གི་རྒྱུ་རྐྱེན་གང་ཡིན་ཁ་གསལ་འགྲེལ་བརྗོད་བྱས་མེད་ལ། ཁོང་གང་དུ་ཡོད་མེད་དང་ཁྲིམས་ཐོག་གི་རོགས་རམ་འཐོབ་མིན་སོགས་གསལ་བཤད་ཅི་ཡང་བྱས་མེད། ཁོང་འཛིན་བཟུང་བཀག་ཉར་དང་གར་སོང་ཆ་མེད་དུ་གྱུར་བ་དེ་ནི་འགྲོ་བ་མིའི་ཐོབ་ཐང་ལ་འགལ་འཛོལ་ཆེན་པོ་ཞིག་ཆགས་ཡོད་པ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བརྗོད་འདུག

བློ་བཟང་ལུང་རིང་ལགས་ཕྱི་ལོ་ ༡༩༧༥ ཟླ་ ༨ ཚེས་ ༢༥ ཉིན་ཆུ་དམར་ལེབ་རྫོང་དུ་འཁྲུངས་། ༡༩༨༢ ལོར་འབའ་ཁྲི་རྒྱུ་ཆེན་སྐུ་ཕྲེང་བཅུ་གཅིག་པར་ངོས་འཛིན་ཞུས་པ་དང་། ལྷ་སའི་སེ་ར་དགོན་དུ་མི་ལོ་ ༢༡ རིང་སློབ་གཉེར་གནང་ཞིང་། ཕྱི་ལོ ༢༠༠༢ ལོའི་ཟླ་ ༧ པར་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཁང་གི་བཀའ་བསྟན་དཀར་ཆག་རྩོམ་སྒྲིག་ཁང་གི་སློབ་སྟོན་པར་བསྐོ་བཞག་བྱས། ཕྱི་ལོ་ ༢༠༠༣ ལོར་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གཉེར་ཁང་ནས་སློབ་མཐར་ཕྱིན་པ་དང་། ཕྱི་ལོ་ ༢༠༡༥ ཟླ་ ༣ པར་མཚོ་སྔོན་དགེ་འོས་སློབ་ཆེན་ནས་རབ་བྱམས་པའི་མཚན་གནས་ཐོབ་ཡོད།

འབར་བདེ་ལྡན་གཞན་ཕན་བསྟན་འཛིན་དར་རྒྱས་ཐེག་ཆེན་བྱམས་པ་གླིང་།

བློ་བཟང་ལུང་རིགས་ལགས་ནི་ཕྱི་ལོ་ ༡༩༧༥ ལོའི་ཟླ་ ༨ པའི་ཚེས་  ༢༥ ཉིན་ཆུ་དམར་ལེབ་རྫོང་གི་དམར་ཤུལ་འབྲོག་སྡེ་རུ་སྐྱེས། ཕྱི་ལོ་ ༡༩༨༢ ལོར་འབར་ཁྲི་བ་རྒྱུད་ཆེན་སྐུ་ཕྲེང་བཅུ་གཅིག་པར་ངོས་འཛིན་གནང་།  ༡༩༨༤ ལོར་སེ་ར་དགེ་བཤེས་རྒྱལ་མཚན་ཤཱཀྱ་དྲུང་དུ་དགེ་ཚུལ་སློང་གི་སྡོམ་པ་ཞུས། མི་ལོ་ ༢༡ རིང་་སེ་ར་དགོན་དུ་གཞུང་ཆེན་ཁག་ལ་སྦྱངས་པ་མཐར་ཕྱིན། ཕྱི་ལོ་ ༡༩༩༩ ལོར་ཡུལ་ཤུལ་ནང་བསྟན་མཐུན་ཚོགས་སུ་བྱ་བ་གཉེར། ཕྱི་ལོ་ ༢༠༠༢ ལོའི་ཟླ་ ༧ པར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བཀའ་བསྟན་འགྱུར་ཞིབ་འཇུག་ཚད་ལེན་དུ་གདན་ཞུ་དང་བློ་འདྲི་བའི་འགན་ཁུར། ཕྱི་ལོ་ ༢༠༠༣ ལོར་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནས་མཐར་ཕྱིན། ༢༠༠༤ ལོར་ཆུ་དམར་ལེབ་རྫོང་སློབ་ཆུང་གཉིས་པའི་སློབ་གཙོའི་འགན་ཁུར། ༢༠༡༥ ལོའི་ཟླ་ ༣ པར་མཚོ་སྔོན་དགེ་འོས་སློབ་ཆེན་ནས་རབ་འབྱམས་པ་མཐར་ཕྱིན། ༢༠༢༡ ལོར་ཡུལ་ཤུལ་ཁུལ་སྲིད་གྲོས་ཀྱི་འགན་འཛིན་གཞོན་པ་དང་མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཡུལ་ཤུལ་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་སོགས་གནང་མྱོང་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

ཆུ་ཚོད་ ༡༧ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

ཆུ་ཚོད་ ༢༣ སྔོན་ལ།
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese