མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་བཙན་གོམ་བགྲོད།

བོད་ཀྱི་དུས་བབ།
༢༠༡༠/༠༥/༠༣
Share on FacebookShare on TwitterShare on EmailShare on Whatsapp

གསར་འགོད་གསལ་བསྒྲགས་སྤེལ་བ་ལྟར་ན། སྐུའི་གཅེན་པོ་ལྟག་མཚེར་རིན་པོ་ཆེའི་སྲས་འཇིགས་མེད་ནོར་བུ་དང་དེ་བཞིན་ཆི་ཁ་གོའི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་བསྟན་འཛིན་འཇམ་དབྱངས་ལགས་གཉིས་ཀྱིས་ལོ་འདིའི་ཟླ་ ༥ ཚེས་ ༩ ཉིན་ནས་མགོ་འཛུགས་ཀྱིས་གོམ་བགྲོད་གནང་རྒྱུ་ཡིན་པ་དང་། གོམ་བགྲོད་ཀྱི་དམིགས་ཡུལ་ནི་འཛམ་གླིང་ཞི་བདེ་དང་འགྲོ་བ་མིའི་ཐོབ་ཐང་། བོད་རང་བཙན་བཅས་ཀྱི་ཆེད་ཡིན་ཞེས་བཀོད་འདུག ཐེངས་འདིར་ ཨ་རིའི་ཨིན་ཌི་ཡ་ན་མངའ་སྡེའི་རྒྱལ་ས་ནས་མེ་ནེ་སོ་ཊ་མངའ་སྡེའི་རྒྱལ་ས་བར་ མེལ་ལེ་ ༦༠༠ ལྷག་ལ་གོམ་བགྲོད་བྱེད་རྒྱུ་ཡིན་འདུག དེ་ཡང་ལམ་བར་དུ་ ཆི་ཁ་ཀོ་དང་མེ་ཌི་སོན་དེ་ནས་མེ་ནེ་ཨེ་པོ་ལེ་སེ་བཅས་བོད་མི་འཛོམས་ཆེ་སའི་གྲོང་ཁྱེར་ཁག་གསུམ་བརྒྱུད་རྒྱུ་ཡིན་པ་རེད་འདུག

འཇིགས་མེད་ནོར་བུས་རང་གི་ཡབ་དམ་པའི་དགོངས་པ་སྒྲུབ་སླད་དུ་གོམ་བགྲོད་བྱེད་བཞིན་ཡོད་པ་དང་། ད་བར་ཁྱོན་བསྡོམས་གྲོམ་བགྲོད་ཐེངས་ ༡༦ ཙམ་གྱི་ནང་དུ་ཆ་ཤས་བླངས་ཡོད་པ་དེས་ཨ་རིའི་ས་ཕྱོགས་གང་སར་མེལ་ལེ་ ༤༥༠༠ ལ་ཕེབས་གྲུབ་ཡོད་འདུག ཞིབ་གསལ་གཤམ་གྱི་འབྲེལ་ཐག་བརྒྱུད་ནས་གཟིགས་ཐུབ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༢༣ སྔོན་ལ།
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠

མཆན། 10

  1. མགོ་རུལ། says:
    ལོ་ 16 སྔོན།

    སྐབས་འདི་དང་འབྲེལ་བ་དེ་ཙམ་མེད་པ་ཞིག་སྟེ། བོད་པའི་གཞས་པ་གྲགས་ཅན་བཀྲས་ཆུང་ལགས་ནས་གཙོ་ཁྲིད་བྱས་པའི་བོད་པའི་ལོ་རྒྱུས་སྟེང་གི་བོད་རིགས་བྱིས་པའི་གླུ་གཞས་ཆེད་བསྒྲིགས་འོད་སྡེར་སེམས་གཞས་ཞེས་པ་དེ་མི་འགྱངས་པར་བྱང་ཨ་རིའི་བོད་རིགས་འདུས་སྡོད་ས་ཁུལ་གྱིས་གཙོས་པའི་སྤྱི་ཚོགས་སྟེང་འགྲེམ་སྤེལ་དང་སྐོར་སྐྱོད་བྱེད་རྒྱུ་རེད། གནས་ཚུལ་གསལ་བོ་གཤམ་གྱི་དྲ་རྒྱ་ལས་ཤེས་ཐུབ།
    http://www.semshae.org

    Reply
  2. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    ལྷ་སྲས་འཇིགས་མེད་ནོར་བུ་དང་བསྟན་འཛིན་འཇམ་དབྱངས་གཉིས་ཀྱི་ལྷག་བསམ་དང་སྙིང་སྟོབས། དཀའ་ཐུབ་བཟོད་སྲན་བཅས་ལ་སྙིང་ནས་ཡི་རང་དང་བསྔགས་བརྗོད་ཞུ༎
    ཁོང་གཉིས་ཀྱི་རང་བཙན་གཙང་མི་དོན་དུ་རང་གི་བྱ་ཐུབ་པའི་ལས་འགུལ་སྤེལ་བ་ནི་ལ་རྒྱ་དང་གཟིགས་ལྗིད་ཞིག་རེད། འོན་ཀྱང་དྲྭ་གྲོགས་འགའ་རེ་སེམས་ཤུགས་བཅོག་ཡས་ཀྱི་བཀའ་མོས་གསུང་གི་འདུག་དེ་ཚོ་ཡག་པོ་མ་རེད། བཙན་བྱོལ་སྲིད་གཞུང་འདི་ངོས་ལེན་ཡོད་རུང་མེད་རུང་གཞུང་ཞིག་རེད། དེ་ཡི་ནང་ལྟ་གྲུབ་མི་མཐུན་པ་དང་ཕྱོགས་འགལ་སྲིད་དོན་པ་ག་ཚོད་ཡོད་ཀྱང་དགོས་པ་ཞིག་རེད། དེ་ཚོ་ཚང་མས་བོད་དོན་ཆེད་ཕྱག་ལས་གནང་གི་ཡོད་རེད། ལྟ་བ་དེ་དག་རང་གི་སྲོག་ལྟར་བཟུང་དགོས་པ་ལས་གཞོན་ནུའི་ལས་སྣེ་ཡིན་དུས་རང་བཙང་གཙང་མ་ཡིན་འདོག་འདོག་དང༌། སྤྱི་མཐུས་སུ་སླེབས་དུས་དབུ་མའི་ལམ་ཡིན་ཞེས་བཤད་སྡད་ན་དེ་དག་ནི་སྐབས་འཚོལ་བ་དངོས་དེ་ཡིན། མི་དེ་དག་ལ་ཡིད་བརྟན་རྩ་བས་མེད། རང་ལྟ་འཁྲེགས་བཟུང་བྱས་ཏེ་བཙོན་དོང་ནང་མི་འཚེ་རྫོགས་ཀྱང་ལྟ་བ་མི་དོར་བའི་དམ་བཅའ་འཇོག་ཐུབ་ཞིག་བྱུང་ན་དེ་ནི་བོད་མི་དཔའ་བོ་ངོ་མ་དེ་མིན་ནམ༎

    Reply
  3. གཞིས་ལུས་བོད་པ། says:
    ལོ་ 16 སྔོན།

    ཁོང་གི་ལྷག་བསམ་ལ་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ།

    Reply
  4. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    སྤུན་གྲོགས་བྱམས་རྒྱལ་ལགས་ངའི་ནང་དུ་ཚར་གཅིག་ཕེབས་རོགས་ཞུ་་་་སྒུག་སྡོད་ཡོད་་་་ཡོང་ཡོང་བར་དུ་སྒུག་གི་ཡིན།

    Reply
  5. བྱམས་རྒྱལ། says:
    ལོ་ 16 སྔོན།

    གུང་ཁྲན་ཏང་གི་སྲས་ནད་པ་ཁྱེད་ཀྱང་ང་ཚོ་དང་མཉམ་་མཐའ་འཇུག་ཏུ་འཕམ་ཉེས་འགྲོ་རྒྱུ་ཉག་ཅིག་རེད་། དེ་དུས་ཏང་གིས་ཁྱེད་ངོ་ཤེས་ཨེ་ཡོང་།

    Reply
  6. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ནད་པ་ལགས།

    ཕ་གངས་སེང་འདྲ་བ་ཞིག་ལ་བུ་རྒྱ་སྟག་འདྲ་བ་ཞིག་འཁྲུངས་དུས་ཁྱོད་ཀྱིས་གོང་ཁྲ་ཏང་གི་སློབ་གསོ་ཅི་ཙམ་རྒྱག་ཀྱང་།
    སྟག་དམར་ཡག་གི་འཛམ་དྲུག་ལ་འགྱུར་བ་གཏོང་མི་ཐུབ།་ཧཧཧཧཧཧཧ

    Reply
  7. ནད་པ says:
    ལོ་ 16 སྔོན།

    ལྟག་འཚེར་རིན་པོ་ཆེའི་བུ་འཇིགས་མེད་ནོར་བུས་རང་གི་ཕ་དམ་པའི་མི་འགྲུབ་པའི་བྱ་བ་དེར་ཨུ་ཚུགས་ཀྱིས་གོམ་གང་སྤོ་ཐབས་བྱེད་བཞིན་ཡོད་ཀྱང་ངས་བལྟས་ན་ཁྱེད་རང་དཀའ་ལས་ཁ་རོགས་མ་གཏོགས་གཞན་ཅི་ཡང་མེད།

    དེ་ནི་ངས་འཇིགས་མེད་ནོར་བུས་གཙོས་པའི་བོད་རང་བཙན་རྩོད་མཁན་ཚོར་མི་དགའ་བ་བྱས་པ་ཞིག་གཏན་ནས་མ་ཡིན་པར་དོན་དངོས་ཐོག་དཀའ་སྡུག་གི་འགག་འཕྲང་སྣ་མང་བརྒལ་མྱོང་བཞིན།

    དུས་རབས་དང་། འཛམ་གླིང་། ལྷག་པར་རྒྱ་ནག་དང་། བོད་བཅས་ལ་ངེས་ཤེས་ཟབ་མོ་ཡོད་པའི་བླ་ན་མེད་པའི་༸ གོང་ས་ཏྰ་ལའི་བླ་མས་ཁོང་གི་སྐུ་ཚེའི་ཧྲིལ་པོའི་མྱོང་བའི་ཁྲོད་ནས་བླངས་པའི་བློ་རིག་དངངས་མོས་ཞིབ་ཏུ་མནོ་བསམས་ཡང་ཡང་བཏང་ཏེ་ཐག་བཅད་ཟིན།

    དེར་བརྟེན་ཁྱེད་ཚོས་བླ་ན་མེད་པའི་༸ གོང་ས་ཏྰ་ལའི་བླ་མའི་བཀའ་དགོངས་ལྟར་འགལ་ཕྱིན་ཁྱེད་ཚོར་གྲུབ་འབྲས་ཡོང་རྒྱུ་གཞན་ལྟ་ཅི་ཐ་ན་ཁྱེད་དང་འདྲ་བའི་མི་དེ་དག་ཀྱང་མཐའ་འཇུག་ཏུ་འཕམ་ཉེས་འགྲོ་རྒྱུ་ཉག་ཅིག་ཡིན།

    དེ་ལས་རང་གི་ཆེས་བླ་ན་མེད་པའི་ཨ་ཁུ་༸ ཏྰ་་ལའི་བླ་མའི་ཐུགས་དགོངས་ལྟར་ཅི་ནས་ཀྱང་བཀའ་བཞིན་སྒྲུབ་པའི་མཆོད་པས་བསྙེན་པའི་བྱ་བར་འབད་བརྩོན་བྱེད་དགོས།

    Reply
  8. ནད་པ says:
    ལོ་ 16 སྔོན།

    ལྟག་འཚེར་རིན་པོ་ཆེའི་བུ་འཇིགས་མེད་ནོར་བུས་རང་གི་ཕ་དམ་པའི་མི་འགྲུབ་པའི་བྱ་བ་དེར་ཨུ་ཚུགས་ཀྱིས་གོམ་གང་སྤོ་ཐབས་བྱེད་བཞིན་ཡོད་ཀྱང་ངས་བལྟས་ན་ཁྱེད་རང་དཀའ་ལས་ཁ་རོགས་མ་གཏོགས་གཞན་ཅི་ཡང་མེད།

    དེ་ནི་ངས་འཇིགས་མེད་ནོར་བུས་གཙོས་པའི་བོད་རང་བཙན་རྩོད་མཁན་ཚོར་མི་དགའ་བ་བྱས་པ་ཞིག་གཏན་ནས་མ་ཡིན་པར་དོན་དངོས་ཐོག་དཀའ་སྡུག་གི་འགག་འཕྲང་སྣ་མང་བརྒལ་མྱོང་བཞིན།

    དུས་རབས་དང་། འཛམ་གླིང་། ལྷག་པར་རྒྱ་ནག་དང་། བོད་བཅས་ལ་ངེས་ཤེས་ཟབ་མོ་ཡོད་པའི་བླ་ན་མེད་པའི་༸ གོང་ས་ཏྰ་ལའི་བླ་མས་ཁོང་གི་སྐུ་ཚེའི་ཧྲིལ་པོའི་མྱོང་བའི་ཁྲོད་ནས་བླངས་པའི་བློ་རིག་དངངས་མོས་ཞིབ་ཏུ་མནོ་བསམས་ཡང་ཡང་བཏང་ཏེ་ཐག་བཅད་ཟིན།

    དེར་བརྟེན་ཁྱེད་ཚོས་བླ་ན་མེད་པའི་༸ གོང་ས་ཏྰ་ལའི་བླ་མའི་བཀའ་དགོངས་ལྟར་འགལ་ཕྱིན་ཁྱེད་ཚོར་གྲུབ་འབྲས་ཡོང་རྒྱུ་གཞན་ལྟ་ཅི་ཐ་ན་ཁྱེད་དང་འདྲ་བའི་མི་དེ་དག་ཀྱང་མཐའ་འཇུག་ཏུ་འཕམ་ཉེས་འགྲོ་རྒྱུ་ཉག་ཅིག་ཡིན།

    དེ་ལས་རང་གི་ཆེས་བླ་ན་མེད་པའི་ཨ་ཁུ་༸ ཏྰ་་ལའི་བླ་མའི་ཐུགས་དགོངས་ལྟར་ཅི་ནས་ཀྱང་བཀའ་བཞིན་སྒྲུབ་པའི་མཆོད་པས་བསྙེན་པའི་བྱ་བར་འབད་བརྩོན་བྱེད་དགོས།

    Reply
  9. སྤང་མདའ་སྟོབས་རྒྱས། says:
    ལོ་ 16 སྔོན།

    ལམ་དབུ་མའི་ཕྱོགས་གཏོགས་ཀྱིས་ཁོང་གཉིས་ལ་ཁ་རྡུང་མ་གཏོང་རོགས།
    རྒྱལ་གཅེས་པ་ཁོང་གཉིས་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ།

    Reply
  10. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ལྷ་གསོལ་ལྷ་གསོལ་ལྷ་རྒྱལ་ལོ།།། དེ་རིང་རང་བཙན་གྱིས་ཆེད་དུ་ལས་འགན་སྦེལ་མཁན་ཞིག་སླེབས་པར་མ་ཟད་ཕ་བཟང་པོའི་བུ་ལྟག་མཚེམ་རིན་པོ་ཆེན་གྱི་སྲས་རེད་འདུག

    སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese