དེ་རིང་ཕྱི་དྲོར་འདི་གའི་གསར་འགོད་པས་བོད་གཞུང་ཤེས་རིག་ལས་ཁུངས་བརྒྱུད་ནས་ཤེས་རྟོགས་བྱུང་བ་ལྟར་ན། འདི་ལོའི་འཛིན་གྲྭ་བཅུ་བའི་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་བོད་རིགས་སློབ་གྲྭ་ནང་ཁུལ་དུ། ཅན་ངྷི་གྷི་རིའི་སློབ་གྲྭ་དང་ངྷལ་ཧོར་གཏན་སློབ། རྡོ་ལན་ཇིའི་སློབ་གྲྭ། ཀུ་རུ་པུ་ར་སློབ་གྲྭ། སོ་ན་ངྷ་གཏན་སློབ། སེ་ལ་ཁུའི་གཏན་སློབ། ར་ཇི་པུར་བོད་ཁྱིམ་བཅས་ཀྱིས་མཇུག་མཐའི་སྐར་གྲངས་བརྒྱ་ཆ་བརྒྱ་ནས་བརྒྱ་བླངས་ཏེ་ཨང་དང་པོ་དང་། མོན་གྷོ་ཊི་གཏན་སློབ་ཀྱིས་བརྒྱ་ཆ་ ༩༨་༥༧ བླངས་ཏེ་ཨང་གཉིས་པ། ཀ་སྤུག་གཏན་སློབ་ཀྱིས་བརྒྱ་ཆ་ ༩༨་༣༡ བླངས་ཏེ་ཨང་གསུམ་པ་བླངས་ཡོད་འདུག
ཡིག་རྒྱུགས་ཀྱི་མཇུག་མཐའི་སྐར་གྲངས་མཐོ་ཤོས་ཨང་དང་པོ་གཉིས་བྱུང་བ་ནི། སེ་ལ་ཁུའི་བོད་ཁྱིམ་གྱི་སློབ་མ་དབྱངས་སྐྱིད་ལྷ་མཚོ་དང་བསྟན་འཛིན་ཚེ་བསྟན་རེད། ཁོང་གཉིས་ཀྱི་སྐར་གྲངས་ ༩་༨ གཅིག་མཚུངས་ཡིན། ཨང་གཉིས་པ་ལྔ་བྱུང་བར་སེ་ལ་ཁུའི་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་བཀྲ་ཤིས་དང་ཧལ་པུར་གཏན་སློབ་ཀྱི་སློབ་མ་ Akash Aggarwal དང་ Megha Gakhar གཉིས་དང་། སེ་ལ་ཁུའི་བོད་ཁྱིམ་བདེ་ཆེན་བཟང་མོ་དང་བདེ་ཆེན་དབྱངས་སྐྱིད་བཅས་ཡིན། ཁོང་ཚོའི་མཇུག་མཐའི་སྐར་གྲངས་ ༩་༦ དང་ཚང་མ་གཅིག་མཚུངས་ཡིན།
གསར་འགོད་པ། ཨ་རིག་འགྱུར་མེད།
tashi delek to all of your teachers and students who got good mark in this exam
བོད་སློབ་ཁག་གིས་ཐེངས་འདིར་ཡིག་རྒྱུགས་ཧ་ཅང་ཡག་པོ་བཏང་འདུག་པས་ཁྱེད་ཅག་ཚང་མར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཡོད།ྋགོང་ས་མཆོག་དང་བོད་གཞུང་གིས་འགྲོ་སོང་བཏང་བ་ཆུད་ཟོས་སུ་འགྲོ་མེད་པར་ཤེས་སོང༌། དངོས་གནས་དགའ་ཚོར་འདུག ཨང་ཐོབ་རྩེ་སོན་བྱུང་བའི་སློབ་གྲྭ་ཁག་དང་ལྷག་པར་རྩེ་ཕུད་སློབ་ཕྲུག་རྣམས་ཀྱིས་ད་ལེན་རང་ཚོའི་ཁོག་གི་སྙིང་དང་དཔྲལ་བའི་མིག་འབྲས་ལྟར་གཅེས་པའི་ྋགོང་ས་སྐྱབས་མགོན་ཆེན་པོའི་ཐུགས་དགོངས་ཆུང་ཆུང་ཞིག་བསྒྲུབས་གནང་བ་རེད། གནས་ཚུལ་འདི་ཁོང་གིས་གསན་ཡོད་ལ། ཐུགས་མཉེས་པ་ལོས་ཡོད། མིང་བཏགས་ཀྱང་རུང་མ་བཏགས་ཀྱང་རུང༌། འདི་ནི་ཁྱེད་ཅག་གི་ཁོང་ལ་ཕུལ་བའི་བརྟན་བཞུགས་དངོས་ཡིན། ད་དུང་སེམས་ཤུགས་བསྐྱེད་དེ་མུ་མཐུད་འབད་པ་གནང་རོགས། ཡིག་རྒྱུགས་མ་འཕྲོད་པ་རེ་གཉིས་ཡོང་རྒྱུ་ཆོས་ཉིད་རེད། སྐྱོན་གང་ཡང་མེད། འོན་ཀྱང་ཉེས་པ་ལ་ཉེས་པར་མཐོང་ནས་མདུན་བསྐྱེད་བྱ་དགོས་པ་གལ་ཆེ་ཡིན་སྙམ། མདོར་དོན་ང་མི་ཆུང་ངོས་ནས་ཨང་ཐོབ་བཟང་ཞན་ཚང་མར་རྗེས་སུ་ཡི་རངས་ཡོད། དམིགས་བཀྲིས་བདེ་ལེགས་ཞུ་ཆོག་པ་བགྱི།
བོད་ཀྱི་གཞོན་སྐྱེས་རྣམས་ནས་ཡིག་རྒྱུགས་ཡག་པོ་ཞེ་དྲག་བཏང་འདུག་པས་ མུ་མཐུད་ཧུར་བརྩོན་གནང་རོགས།
བོད་ཀྱི་དུས་བབ་གསར་འགོད་པ་རྣམ་པ། ཉིན་གཉིས་གསུམ་ནང་གསར་འགྱུར་འབྲི་མཁན་སོ་སོའི་མིང་འབྲི་བཞིན་འདུག གང་ཟག་སྒེར་ངོས་ནས་བཏོན་པའི་གསར་འགྱུར་རེད་དམ། བོད་ཀྱི་དུས་བབ་ཀྱི་ངོས་ནས་བཏོན་པའི་གསར་འགྱུར་རེད། ཡང་ན། གསར་འགོད་པ་ཚོའི་གསར་འགྱུར་འབྲི་རྩལ་བསྡུར་གྱི་ཡོད། ཡང་ན། གསར་ཁང་གི་ལས་བྱེད་ཚོ་ནང་མ་མཐུན་པ་ཡིན། བྱེད་སྟངས་འདི་རིགས་བོད་ཀྱི་དུས་བབ་ལ་ལེན་པོ་མི་འདུག ཚང་མ་དབུས་ཀྱི་ལས་བྱེད་ཤ་སྟག་རེད་མ་གཏོགས། ས་གནས་གསར་འགོད་པ་ནི་མ་རེད།
ཡིག་རྒྱུག་ཡག་པོ་ཞེ་དྲག་རེད།
ཧཧ། གོང་དུ་བསྟན་འཛིན་ཚེ་བསྟན་ལགས་ནི་བུ་མོ་རེད། ཕ་ཡུལ་གཅིག་པ་བུ་མོ་བསྟན་འཛིན་ཚེ་བསྟན་ལགས་ལ་དེ་རིང་ངས་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཡོད། ད་དུང་མུར་འཐུད་འབད་བརྩོན་ལྷོད་མེད་ཀྱིས་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གི་ཐུགས་རེ་ཆུད་ཟོས་སུ་མ་སོང་པར་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྲོ་བ་ཞིག་གནང་ཐུབ་པའི་ཡིད་ཆེས་ཡོད།
ཁ་དྲོ། ལོ་བརྒྱ། དགའ་ཤོག
ཁེ་ན་ཌ་ནས་བསོད་འོད་གྱིས་ཕུལ།།
དགེ་སློབ་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཀྱི་བསུ་བ་ཞུ་རྒྱུ་དང་། ལྷག་པར་དུ་ཨང་རིམ་རྩེ་སོན་རྣམས་ལ་བསྔགས་བརྗོད་ཡོད། དུས་རབས་ཉེར་གཅིག་པའི་དུས་སྐབས་འདིར་ཤེས་ཡོན་ནི་ཤིན་ཏུ་གལ་ཆེ་བར་ཀུན་གྱིས་མགྲིན་གཅིག་ཏུ་བརྗོད་པ་དང་། འདས་ཟིན་པའི་ང་ཚོའི་ལོ་རྒྱུས་ལ་དཔག་སྟེ་ཤེས་ཐུབ་ཀྱི་ཡོད་སྟབས། ང་ཚོ་ན་གཞོན་ཚང་མས་སློབ་སྦྱོང་ལ་ཧུར་བརྩོན་བྱེད་རྒྱུ་ཧ་ཅང་གི་གནད་འགག་ཆེན་པོ་རེད་སྙམ།།
དབྱངས་སྐྱིད་མཚོ་དང་། བདེ་ཆེན་བཟང་མོ། བདེ་ཆེན་དབྱངས་སྐྱིད། གསུམ་ནི་དངོས་དོན་བདེན་སྟོབས་ལམ་ནས་བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་བྱེད་མཁན་ངོ་མ་ཞིག་རེད།
འདི་ལོ་cbseརྒྱལ་ཡོངས་ཡིག་རྒྱུགས་ལ་བརྒྱ་ཆ་སྤྲོད་ཕྱོགས་ལ་འགྱུར་བ་བཏང་བ་དེས། རྒྱ་གར་སྤྱི་ཚོགས་ནང་སློབ་ཕྲུག་གི་སེམས་ཁམས་ལ་གནོད་འཆེ་ཆེ་བ་བྱུང་ཡོད་དམ། འཛིན་རིམ་བཅུ་པའི་ཡིག་རྒྱུགས་བརྒྱ་ཆ་སྤྲོད་ཕྱོགས་དེས་སྔར་དང་བསྡུར་ན་དགེ་ཕན་གང་བྱུང་ཡོད་དམ།
རབ་དཀར་ཟླ་བའི་གྱི་འོད་དཱངས་འདྲ་བའི་དབྱངས་སྐྱིད་ལྷ་མཚོ།
ཆུ་ཆེན་རླབས་ཀྱི་གཉེར་མ་འདྲ་བའི་བསྟན་འཛིན་ཚེ་བསྟན།
རྒྱང་ཐགས་རིང་བའི་ཆུ་མོ་འདྲ་བའི་བདེ་ཆེན་བཟང་མོ།
གཡོག་རྩལ་རྒྱས་པའི་ཆུང་ཆེན་འདྲ་བའི་བདེ་ཆེན་དབྱངས་སྐྱིད།
སོགས་ཀྱི་ཡིག་རྒྱུགས་ཨང་དང་པོ་ཐོབ་པའི་སློབ་མ་ཡོང་ལ་
བཀྲ་སིས་བདེ་ལེགས་དང་ང་ཚོ་བོད་པ་ཚང་གི་ཟི་རྗེད་ཡིན་
ད་དུང་མོ་མཐུན་དུ་ཡོང་བ་ཞུ།།