མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་གནས་བབ་དང་རྩ་དོན་འཐབ་རྩོད་ཀྱི་ནུས་པ་བཅུ།

བོད་ཀྱི་དུས་བབ།
༢༠༡༠/༠༥/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཁྲིམས་ལུགས་མཁས་པ་བློ་བཟང་སེང་གེ་ལགས་ཀྱིས་ཁ་སང་ཕྱི་ཚེས་ ༢༨ ཉིན་གྱི་ཕྱི་དྲོར། ས་རཱ་བོད་ཀྱི་མཐོ་རིམ་རིག་གནས་སློབ་གཉེར་ཁང་དུ། གདན་ས་ཁག་ནས་ཕེབས་པའི་ཚན་རིག་ཟབ་སྦྱོང་གནང་མཁན་གྱི་དགེ་འདུན་པ་རྣམ་པ་དང་། རྒྱ་གར་མཐོ་སློབ་ཁག་ནས་ཕེབས་པའི་བོད་རིགས་སློབ་མ་སྐོར་ཞིག་ལ་༼ རྩ་དོན་འཐབ་རྩོད་ཀྱི་ནུས་པ་བཅུ ༽ ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་ཡོད། བློ་བཟང་སེང་གེ་ཡིས་ངོས་འཛིན་གནང་བའི་ནུས་པ་བཅུ་ནི། ཆབ་སྲིད་ཀྱི་ནུས་པ་དང་མི་དམངས་ཀྱི་ནུས་པ། དངུལ་གྱི་ནུས་པ། དྲག་པོའི་ནུས་པ། ཁྲིམས་ཀྱི་ནུས་པ། ཁོར་ཡུག་གི་ནུས་པ། ཞི་བའི་ནུས་པ། གཟི་བརྗིད་ཀྱི་ནུས་པ། ཆིག་སྒྲིལ་གྱི་ནུས་པ། ཤེས་ཡོན་གྱི་ནུས་པ་བཅས་རེད། སྐབས་དེར་ཁོང་གིས་བརྗོད་དོན། དེ་རིང་ངས་བོད་པའི་རྩ་དོན་ག་འདྲ་ཞིག་ཏུ་སླེབས་ཡོད་པ་དང་། འདི་ལ་ནུས་པ་བཅུ་ཟེར་བ་ཞིག་བཤད་རྒྱུ་ཡིན། ནུས་པ་བཅུ་དེ་བརྒྱུད་ནས་བོད་པ་ཚོ་གཞན་དང་བསྡུར་ན་ཚང་ཡོད་པ་གང་ཡིན་པ་དང་། མ་ཚང་བ་གང་ཡིན་པ་ཤེས་རྟོགས་ཐུབ་པ་ཡིན་ན། ད་གཟོད་བོད་པའི་རྩ་དོན་གང་དུ་སླེབས་ཡོད་པ་དང་། སོ་སོའི་ངོས་ནས་ག་རེ་བྱ་དགོས་གསལ་བོ་ཤེས་ཡོང་གི་རེད་ཅེས་ནུས་པ་བཅུའི་ངོ་བོ་དང་ནུས་པ་སོགས་རེ་རེ་བཞིན་ངོ་སྤྲོད་གནང་བྱུང་།

 

དང་པོ་ཆབ་སྲིད་ཀྱི་ནུས་པ་ཟེར་བ་དེ་གང་ཡིན་སྐོར་གསུངས་དོན། ད་ཆར་ང་ཚོས་དབུ་མའི་ལམ་གཞིར་བཟུང་སྟེ་རང་སྐྱོང་རྩོད་ཀྱིན་ཡོད། འཛམ་གླིང་དུ་རང་སྐྱང་ཐོབ་ཡོད་པའི་རྒྱལ་ཁབ་དང་མངའ་སྡེ་མང་པོ་ཞིག་ཡོད། དེ་དག་མང་ཆེ་བ་དམངས་གཙོ་ཡོད་པའི་རྒྱལ་ཁབ་འོག་རང་སྐྱོང་ཐོབ་པ་ཤ་སྟག་རེད། འོན་ཀྱང་གུང་ཁྲན་ཏང་གི་ལྟ་བ་འཁྱེར་མཁན་ཆབ་སྲིད་ཚོགས་པ་གཅིག་གི་འོག་ནས་ང་ཚོར་རང་སྐྱོང་རེག་སྲིད་དམ། འདི་ནི་རྒྱལ་སྤྱིའི་ཐོག་ནས་ལྟ་སྟངས་རེད། ནང་ཁུལ་ནས་བལྟས་ན། ༧གོང་ས་མཆོག་གི་དབུ་ཁྲིད་འོག བཙན་བྱོལ་བོད་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་ཆབ་སྲིད་ལས་འགུལ་མང་པོ་སྤེལ་གྱིན་ཡོད། འདི་དག་སྤུངས་ཏེ་ཆབ་སྲིད་ཀྱི་ནུས་པ་གང་འཚམ་ཐོན་གྱི་ཡོད། ང་ཚོ་དམངས་གཙོའི་ལམ་དུ་འགྲོ་བཞིན་ཡོད་སྟབས། སྤྱི་འཐུས་དང་བཀའ་བློན་ཁྲི་པའི་འོས་བསྡུ་ག་ཚོད་ཚགས་ཚུད་ཡོང་ན། ཆབ་སྲིད་ཀྱི་ནུས་པ་དེ་ཙམ་ཆེ་རུ་འགྲོ་བ་རེད། རྒྱ་ནག་ནང་གྲངས་ཉུང་མི་རིགས་ཁག་གི་ཐོབ་ཐང་གཅིག་པ་མ་རེད། སོག་པོ་དང་ཞིན་ཅིང་བོད་གསུམ་བསྡུར་བ་ཡིན་ན། སོག་པོ་ལ་བོད་པ་ལས་རང་སྐྱོང་ཐོབ་ཐང་ཆུང་བ་དང་། ཞིན་ཅིང་ལ་བོད་པ་ལས་རང་སྐྱོང་ཐོབ་ཐང་ཆེ་བ་འདུག འདིས་ཞིན་ཅིང་ཡུ་གུར་མི་རིགས་ཀྱིས་ལས་འགུལ་ཤུགས་ཆེན་སྤེལ་གྱིན་ཡོད་པའི་རྟགས་རེད། ཅེས་གསུངས་བྱུང་།

 

ཁོང་གིས་མུ་མཐུད་དུ་མི་དམངས་ཀྱི་ནུས་པའི་སྐོར་གསུངས་དོན། ཕྱི་ལོ་ ༢༠༠༨ ནང་བོད་ནང་གི་དཔའ་བོ་དཔའ་མོ་ཚོས་རང་སྲོག་བློས་བཏང་སྟེ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ལས་འགུལ་ཞིག་སྤེལ་ཡོད། སྐབས་དེར་རྒྱལ་སྤྱིའི་ཐོག་ནས་དོ་སྣང་དང་རྒྱབ་སྐྱོར་གང་འཚམ་སླེབས་ཡོད། འོན་ཀྱང་མི་དམངས་ཀྱི་ནུས་པས་འདང་མེད། མི་དམངས་ཀྱི་ནུས་པ་དེ་ཁག་གསུམ་དུ་བགོས་ན་འགྲིག་གི་རེད་སྙམ། དང་པོ་རྒྱལ་ཁབ་ནང་དུ་ངོ་རྒོལ་བྱེད་མཁན་གྱི་མི་འབོར་དབང་འཛིན་པ་ལས་མང་བའི་དབང་གིས་དགོས་འདུན་འགྲུབ་ཡོད་པ་དང་། རྒྱལ་ཁབ་ནང་ཁུལ་དུ་འཐབ་རྩོད་བྱེད་མཁན་མི་འབོར་ཉུང་ཡང་ཕྱི་ལོགས་སུ་མང་བའི་དབང་གིས་རྒྱལ་ཁ་ཐོབ་པ། ཡང་ཕྱི་ནང་གཉིས་ཐད་ནས་སོ་སོའི་མི་རིགས་ཀྱི་ནུས་པས་མ་འདང་ཡང་། རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱི་རྒྱབ་སྐྱོར་དང་གནོན་ཤུགས་འོག་དགོས་འདུན་འགྲུབ་པ་བཅས་ཡོད། བོད་པར་མཚོན་ན། ཕྱི་ནང་གཉིས་ཀའི་མི་འབོར་གྱིས་འདང་གི་མེད། རྒྱལ་ཁབ་དང་མི་རིགས་གཞན་ནས་རོགས་སྐྱོར་འཚོལ་དགོས་ན། བོད་པ་དང་ནང་ཆོས་ཀྱི་འབྲེལ་བ་ཡོད་པའི་སོག་པོ་དང་འབྲུག་ལ་མཚོན་ན། སོག་པོ་རྒྱ་ནག་དང་ར་ཤི་ཡའི་བར་དུ་ཡོད་ལ། འབྲུག་རྒྱ་དཀར་ནག་གི་བར་དུ་ཡོད་སྟབས་རོགས་རམ་བྱ་ཁག་པོ་ཡིན། ནང་ཆོས་བརྒྱུད་དེ་རྒྱལ་ཁབ་གཞན་དང་མི་རིགས་གཞན་ནས་རྒྱབ་སྐྱོར་འཚོལ་དགོས། ཞེས་དང་།

 

ཁོང་གིས་དངུལ་གྱི་ནུས་པའི་སྐོར་གསུངས་དོན། སྤྱིར་ཨི་ཛི་རིལ་ལུང་པ་ཧ་ཅང་ཕྱུག་པོ་ཡིན་ཡང་། ཨ་རིའི་རྒྱལ་ཁབ་ཀྱིས་ཨི་ཛི་རིལ་ནང་གི་རྗེའུ་མི་རིགས་ལ་ལོ་རེར་ཨ་སྒོར་ཐེར་འབུམ་ ༣ རེ་སྤྲོད་ཀྱིན་ཡོད། དེ་བགོས་པ་ཡིན་ན་མི་གཅིག་ལ་ཨ་སྒོར་ ༥༠༠ རག་གིན་ཡོད། བལ་ཡུལ་དུ་མི་འབོར་ས་ཡ་སུམ་བཅུ་ལྷག་ཡོད་ཀྱང་ལོ་རེའི་ཡོངས་འབབ་ཨ་སྒོར་ ༤༠༠ ཙམ་ལས་མེད། དེ་དག་གི་བརྒྱ་ཆ་ ༡༧ དང་ཕྱེད་ཙམ་ཕྱིའི་རོགས་རམ་འོག་ཡོང་གིན་ཡོད། རྗེའུ་མི་རིགས་ས་ཡ་ ༥ ཙམ་ཨ་རིར་ཡོད་ལ། རྒྱལ་ཁབ་གཞན་དུའང་མང་པོ་ཡོད། ཁོང་ཚོས་སོ་སོའི་ལུང་པར་ལོ་རེར་ཨ་སྒོར་ཐེར་འབུམ་གཅིག་རེ་གཏོང་གིན་ཡོད། ལུང་པ་གཞན་དུ་ཡོད་པའི་མི་རིགས་ཀྱིས་སོ་སོའི་ལུང་པར་དངུལ་གྱི་རོགས་རམ་གནང་མཁན་མང་པོ་ཡོད། བོད་པར་མཚོན་ན་གཞུང་གི་དངུལ་གྱི་ཡོང་འབབ་ཆེ་ཤོས་དེ་རང་བཙན་ལག་དེབ་ཆགས་ཡོད། འདས་པའི་ལོ་ལྔ་བཅུའི་རིང་གཞན་གྱི་རོགས་རམ་ལ་བརྟེན་པ་རེད། འབྱུང་འགྱུར་ལོ་ལྔ་བཅུར་འཐབ་རྩོད་བྱ་དགོས་པ་ཡིན་ན། དངུལ་གྱི་འབྱུང་ཁུངས་བརྟན་པོ་བཟོ་དགོས་པ་རེད། ཅེས་དང་། བཞི་བ་དྲག་པོའི་ནུས་པ་ཟེར་བ་དེ་གང་ཡིན་ཟེར་ན། སྔོན་མ་དྲག་པོའི་ལས་འགུལ་སྤེལ་ཏེ་རང་བཙན་རག་ཟིན་པའི་རྒྱལ་ཁབ་མང་པོ་ཞིག་ཡོད། དེང་དུས་ཀྱི་ཁོར་ཡུག་ནང་དུ་དྲག་པོའི་ལས་འགུལ་སྤེལ་རྒྱུར་དཀའ་ངལ་འཕྲད་ཡོད། སྔར་དྲག་པོའི་ལས་འགུལ་སྤེལ་མཁན་དག་གིས་ཀྱང་ད་ཆར་ཞི་བའི་ལས་འགུལ་དུ་བསྒྱུར་ཡོད། མི་རིགས་རེ་ཟུང་གིས་དྲག་པོའི་ལས་འགུལ་སྤེལ་ཡང་སླར་ཡང་རང་ཉིད་ཕམ་སྟེ་རྩ་མེད་དུ་སོང་བའང་ཡོད། ཅེས་བསྟན་སོང་།

 

བློ་བཟང་སེང་གེ་ཡིས་ཁྲིམས་ལུགས་སྐོར་ནས་གླེང་དོན། རྒྱལ་སྤྱིའི་ཁྲིམས་ཐོག་ནས་ཁ་མཆུ་བརྩད་དེ་རང་བཙན་ཐོབ་པ་དང་རང་སྐྱོང་ཐུབ་པའི་ལུང་པ་མི་ཉུང་བ་ཞིག་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་པའི་སྟེང་གྲོས་ཆོད་ཐེངས་གསུམ་ལ་བཞག་ཡོད། དེའི་ནང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་བཀོད་ཡོད་ཀྱང་། གྲོས་ཆོད་དེ་དག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཚོགས་ནས་བཞག་པ་ཡིན་སྟབས། ལག་ལེན་བསྟར་གྱི་ཡོད་པ་མ་རེད། རྒྱལ་ཚོགས་ཀྱི་གྲོས་ཚོགས་དེ་སློབ་སྟོན་ཚོགས་ཆུང་ལྟ་བུ་ཆགས་ཡོད། དབང་ཆ་ཆེ་ཤོས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ཚོགས་ཆུང་གི་ལག་ཏུ་ཡོད། ང་ཚོའི་གྲོས་ཆོད་དེ་ལག་ལེན་བསྟར་མ་ཐུབ་པའི་རྒྱུ་མཚན་ཡང་། བདེ་འཇགས་ཚོགས་ཆུང་ནང་རྒྱ་ནག་གི་མཐུས་མིས་ལག་བསྟར་བྱེད་མ་བཅུག་པ་རེད། གལ་སྲིད་བོད་པ་ཚོས་རང་ཐག་རང་གཅོད་ཐོག་ནས་རྒྱལ་སྤྱིའི་ཁྲིམས་ཁང་ཞིག་ལ་ཁ་མཆུ་རྒྱག་གི་ཡིན་ན། རྒྱལ་ཁབ་གཅིག་གིས་ཁག་འཁུར་བྱ་དགོས་པ་རེད། འོན་ཀྱང་རྒྱ་ནག་གི་སྟོབས་ཤུགས་ཆེ་དྲག་པའི་དབང་གིས་ང་ཚོར་ཁེག་འཁུར་བྱེད་མཁན་གྱི་རྒྱལ་ཁབ་དཀོན་པོ་ཆགས་ཡོད། རྒྱལ་སྤྱིའི་ཁྲིམས་ཐོག་ནས་བོད་པར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་དམ་ཟེར་ན། ཐོབ་ཐང་ཡོད་བསྡད་པ་ཞིག་ཡིན་ལ། བོད་རང་བཙན་ཡིན་པ་དང་། ང་དགུ་ལོར་བོད་བཙན་བཟུང་བྱས་པ། གྲོས་མཐུན་དོན་ཚན་བཅུ་བདུན་ཁྲིམས་འགལ་ཡིན་པ་སོགས་ཀྱང་ང་ཚོར་ཁུངས་སྐྱེལ་ཡོད།

 

དྲུག་པ་ཁོར་ཡུག་གི་གལ་ཆེའི་རང་བཞིན་གསུངས་དོན། ཁོར་ཡུག་གི་ཐོག་ནས་བོད་དེ་འཛམ་གླིང་ལ་གལ་ཆེན་པོ་ཆགས་ཡོད། རྒྱ་དཀར་ནག་དང་བྷིང་ལ་རྡེ་ཤི ཐེ་ལན་ཌི་གཙོས་པའི་འཛམ་གླིང་མི་འབོར་གྱི་བརྒྱ་ཆ་ ༥༠ ཙམ་གྱིས་བོད་ཀྱི་ཆུ་འཐུང་གིན་ཡོད། འཛམ་གླིང་གི་གངས་ཕོན་ཆེ་ཤོས་གསུམ་པ་དེ་བོད་ཡུལ་ཆགས་ཡོད། སའི་གོ་ལའི་བྱང་སྣེ་དང་ལྷོ་སྣེ། དེ་བཞིན་སྣེ་མོ་གསུམ་པ་དེ་བོད་ཡུལ་ཆགས་ཡོད། སའི་གོ་ལའི་ལྷོ་བྱང་གཉིས་ཀྱི་གངས་བཞུ་ཡང་མིས་ལོངས་སུ་སྤྱོད་ཐུབ་ཀྱི་མེད། བོད་ཀྱི་གངས་ཆུ་དེ་མིའི་འཐུང་ཆུ་ཆགས་ཀྱིན་ཡོད། ཤིང་ནགས་ཀྱི་ཐད་ནས་ཀྱང་བོད་དེ་འཛམ་གླིང་གི་ཨང་གསུམ་པར་སླེབས་ཡོད། རྒྱལ་ཁབ་འགའ་རེ་ནང་ཁོར་ཡུག་དང་གཏེར་ཁའི་དགོས་མཁོའི་དབང་གིས་རང་བཙན་དང་རང་སྐྱོང་ཐོབ་པའང་བྱུང་ཡོད། དེ་བཞིན་བོད་ཀྱི་ཁོར་ཡུག་ལ་བདག་གཅེས་བྱས་ཏེ་རྩ་ཆེན་བཟོ་ཐུབ་པ་ཡིན་ན་འཛམ་གླིང་གི་རྒྱབ་སྐྱོར་རག་གི་རེད། ཅེས་དང་། བདུན་པ་ཞི་འཇམ་གྱི་ནུས་པ་གང་ཡིན་ཟེར་ན། བོད་པའི་མི་རྣམས་རང་བཞིན་གྱིས་ཡ་རབས་སྤྱོད་བཟང་དང་བྱམས་སྙིང་རྗེ། གཤིས་ཀ་འཇམ་པ་ཞིག་ཡོད། ཨ་རིའི་ནའེ་ཡོག་དུ། ཕྲུ་གུ་ལྟ་མཁན་བོད་པའི་བུད་མེད་ཚོ་ཡག་པོ་འདུག སོ་སོའི་ཕྲུ་གུ་བཞིན་ཤ་ཚ་དང་བྱམས་སྐྱོང་བྱེད་ཀྱིན་འདུག་ཟེར་ནས་ཕོགས་ཀྱང་ཆེན་པོ་སྤྲོད་ཀྱིན་ཡོད། དེ་བཞིན་ཕྱི་རྒྱལ་ཁག་གི་སྨན་ཁང་དུའང་བོད་པའི་སྨན་པ་དང་ནད་གཡོག་ཚོས་ནད་པར་ལྟ་སྐྱོང་ཡག་པོ་བྱེད་ཀྱིན་འདུག་ཟེར་ནས་སྨན་ཁང་འགའ་རེ་ནང་བོད་པའི་ལས་བྱེད་ཉིས་བརྒྱ་སུམ་བརྒྱ་ཡོད། བོད་པའི་འཐབ་རྩོད་བྱེད་ཕྱོགས་ཀྱང་འཚེ་མེད་ཞི་བའི་ལམ་ཡིན་སྟབས། གདུང་སེམས་མཉམ་སྐྱེད་བྱེད་མཁན་དང་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་མང་དུ་འགྲོ་བཞིན་ཡོད། ཅེས་གསུངས་བྱུང་།

 

ཁོས་མུ་མཐུད་དུ་མགོ་ཁྲིད་ཀྱི་ནུས་པ་དང་འབྲེལ་ཁོང་གི་དགོངས་ཚུལ་གསུངས་དོན། འཛམ་གླིང་ནང་ལེ་སོན་མན་ཌ་ལཱ་དང་། མཱ་ཊར་ལུ་ཏར་ཁཱན། བདག་ཉིད་ཆེན་པོ་གྷན་ངྷི། ཨིང་སིང་སུའུ་ཀཱེ་སོགས་མགོ་ཁྲིད་མང་པོ་ཞིག་ཡོད། བོད་པར་མཚོན་ན་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རེད། ཁོང་གིས་ལོ་ངོ་ ༥༠ རིང་སྐུ་ངལ་སྐྱོན་ཏེ་ད་ཆར་བོད་དོན་འཛམ་གླིང་གི་མཐོ་ས་ཞིག་ལ་བསྐྱལ་ཡོད། འོན་ཀྱང་མ་འོངས་པར་༧རྒྱལ་བ་རིན་པོ་ཆེའི་སྐུ་ཕྲེང་རིམ་བྱོན་འགྲོ་སྟངས་འདིའི་ཐད། ང་རང་གི་བསམ་པར་༧གོང་ས་བཅུ་བཞི་བ་འཚོ་བཞུགས་ཐོག་ལ་སྐུ་ཕྲེང་བཅོ་ལྔ་པ་ཐད་བསྐོས་གནང་ཐུབ་པ་ཡིན་ན་བར་སྟོང་ལྷག་གི་མ་རེད་ལ། ང་ཚོའི་ཁ་གཏད་ཚོས་༧གང་ས་མཆོག་མ་བཞུགས་པའི་ཉིན་མོ་བོད་དོན་བརླག་འགྲོ་བ་རེད་དྲན་ཡོད། སྔོན་མ་༧གོང་ས་སྐུ་ཕྲེང་རིམ་བྱོན་གྱི་སྔ་ཕྱིའི་བར་ནས་བོད་པ་ཚོས་ཡག་པོ་ཞིག་བྱས་ཡོད་པ་མ་རེད། ཅེས་དང་། ཆིག་སྒྲིལ་གྱི་ནུས་པའི་ཐད། འཛམ་གླིང་ནང་ད་བར་ཞི་བའི་ལམ་གྱི་ཐོག་ནས་འཐབ་རྩོད་བྱས་ཏེ་རང་བཙན་དང་རང་སྐྱོང་། དམངས་གཙོ་སོགས་རག་ཟིན་པའི་རྒྱལ་ཁབ་དང་མངའ་སྡེ་ ༥༠ ལྷག་ཡོད། དེ་དག་མང་ཆེ་བ་ཆིག་སྒྲིལ་གྱི་ནུས་པར་བརྟེན་པ་རེད། ཆིག་སྒྲིལ་དེ་ག་འདྲ་ཞིག་ཡིན་ཟེར་ན། སོ་སོ་བཟང་རབས་རྒྱན་རབས་ག་ཚོད་བཤད་ཀྱང་ཐོབ་ཐང་རེད། འོན་ཀྱང་། ཁུངས་ལུང་མེད་པའི་ཐོག་ནས་གཞན་ལ་དམའ་འབེབ་དང་མཐོང་ཆུང་བྱེད་མི་ཉན། དཔེར་ན། རང་བཙན་རྩོད་མཁན་ཚོས་༧གོང་ས་མཆོག་གི་བཀའ་ལ་རྒྱབ་འགལ་བྱེད་ཀྱིན་འདུག་ཟེར་བ་དང་། དབུ་མའི་ལམ་རྩོད་མཁན་ཚོས་རྒྱལ་ཁབ་དང་མི་རིགས་ཙོང་གིན་འདུག་སོགས་ལབ་ན། དེ་ནི་ཆིག་སྒྲིལ་མི་ཡོང་བའི་གཞིར་རྩ་ཡིན།

 

མཇུར་མཐར་བློ་བཟང་སེང་གེ་ལགས་ཀྱིས་ཤེས་ཡོན་གྱི་རིན་ཐང་སྐོར་ངོ་སྤྲོད་གནང་དོན། རྒྱ་གར་གྱི་རང་བཙན་རྩོད་མཁན་དང་། ལྷོ་ཨ་ཧྥི་རི་ཀའི་རང་དབང་རྩོད་མཁན་སུ་ཡིན་རུང་གཙོ་བོ་ཤེས་ཡོན་ལ་བརྟེན་པ་རེད། ཨ་རིའི་གཞུང་དུ་གློག་རིགས་དང་རྡོ་སྣུམ་རིགས་ཀྱི་བློན་ཆེན་ཞིག་ཡོད། ཁོང་ཨ་རི་ནས་སྐྱེས་པའི་རྒྱ་རིགས་ཤིག་རེད། ཁོ་ཁོར་ཡིག་དང་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ཆེད་མཁས་པ་ཡིན་ལ། ནོ་བྷེལ་གཟེངས་རྟགས་ཀྱང་ཐོབ་མྱོང་ཡོད། ཁོས་ཨོ་བྷ་མ་སྲིད་འཛིན་མ་ཆགས་སྔོན་ལ་ཞིབ་འཇུག་བྱས་ཏེ། ཨ་རི་དང་རྒྱ་ནག་གཉིས་ཁོར་ཡིག་ཐོག་མཉམ་ལས་བྱས་ན་འབྲེལ་ལམ་ཡག་ཏུ་འགྲོ་ཞིང་། འཛམ་གླིང་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཐད་ནུས་པ་ཆེན་པོ་ཐོན་གི་རེད་ཟེར་བའི་ཞིབ་འཇུག་སྙན་ཐོ་རིང་པོ་ཞིག་བཏོན་ཡོད། དེའི་དབང་གིས་ཨ་རིའི་ཕྱི་སྲིད་བློན་ཆེན་ཧེ་ལི་རཱེ་རྒྱ་ནག་ལ་ཐོག་མར་ཕེབས་སྐབས། གནད་དོན་དང་པོ་ཁོར་ཡུག་བཤད་ཡོད། ཨ་རི་དང་རྒྱ་ནག་གི་འབྲེལ་བའི་ཐད་ཨང་དང་པོ་དཔལ་འབྱོར་དང་གཉིས་པ་སྲུང་སྐྱོབ། གསུམ་པ་གནམ་གཤིས་འགྱུར་ལྡོག་བཤད་ཡོད། སྔོན་མ་འགྲོ་བ་མིའི་ཐོབ་བཤད་ཡོད་ཀྱང་ཐེངས་འདིར་འགྱུར་བ་ཕྱིན་ཡོད། མིའི་ཤེས་ཡོན་གྱིས་རྒྱལ་ཁབ་ཀྱི་སྲིད་བྱུས་ལ་འགྱུར་བ་བཏང་ཡོད། ཅེས་གསུངས་བྱུང་།  

གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༩ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡༡ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༢ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༣ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༣ སྔོན་ལ།

མཆན། 21

  1. ནད་པ says:
    ལོ་ 15 སྔོན།

    ཡག་པོ་གསུངས་འདུག དུ་དུང་བོད་དོན་འཐབ་རྩོད་ཀྱི་ནུས་པའི་འབྱུང་ཁུངས་འགའ་ཤས་ཤིག་འདུག ད་དུང་བསམ་བློ་གཏོང་རྒྱུ་མང་པོ་ཞིག་ལྷག་འདུག

    ཁོང་ཙམ་མ་ཟད་ཚང་མས་བསམ་བློ་གཏོང་དགོས་པའི་དུས་ཚོད་གཅིག་རེད།

    Reply
  2. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བློ་བཟང་སེང་གེ་ལགས་ཀྱིས་མ་འོང་བཀའ་བློན་ཁྲི་པ་བྱེད་འདོད་པ་མ་ཟད་སྐུ་ཉིད་ཀྱི་མ་འོང་སྒྲུབ་བྱ་འདི་དང་འདིར་རེད་ཞེས་འགྲེལ་བཤད་གནང་བ་དང་སེམས་ཤུགས་ཆེན་པོའི་ཐོག་ནས་འབད་བརྩོན་གནང་གི་ཡོད་པར་ཧ་ཅང་དགའ་པོ་བྱུང་།

    གཞན་བཀའ་བློན་ཁྲི་པའི་འོས་མི་ནང་དུ་བསླེབས་པ་རྣམས་ཀྱིས་ཁོ་རང་ཚོས་ངོས་ནས་བཀའ་ཁྲི་གནང་འདོད་པ་མེད་པ་མིན་འགྲོ་བསམ་བསམ་ཅི་ཡང་མི་བཤད་བསྡད་པར་འདིར་ཡག་པོ་མ་རེད།

    སེང་གེ་ལགས་ཀྱིས་མུ་མཐུད་ནས་བོད་མི་རིགས་ཀྱི་ལས་དབང་དང་འབྲེལ་བའི་མ་འོང་སྒྲུབ་བྱ་རྣམས་གསལ་པོ་གསུང་རོགས་ཞེས་རེ་བ་ཞུ་རྒྱུ་ཡིན། གལ་སྲིད་སྐུ་ཉིད་ཀྱིས་མ་འོང་ཆ་གཞི་སྣང་བ་འགྲོ་པོ་བྱུང་ན་རྒྱབ་སྐྱོར་བྱེད་ངེས་ཡིན།

    ཆོས་ལ་ལྟ་གི་ཡིན་མ་གཏོགས་གང་ཟག་ལ་ལྟ་གི་མིན།

    སྐུ་ཉིད་ཀྱིས་ངོས་ནས་མ་འོང་ཆ་གཞི་འདི་དང་འདི་ཡིན་ཞེས་གསུང་པ་ཡིན་ན་ང་ཚོང་མི་དམངས་རྣམས་ཀྱིས་ཀྱང་བསམ་བློ་གཏོང་ས་ཞིག་རྙེད་པ་རེད།

    Reply
  3. ཚེ་རིང་། says:
    ལོ་ 15 སྔོན།

    ཕྱི་ཚེས་ ༢༥ ཉིན་རིགས་གཅིག་རྐང་འཛིན་པ་ཨ་འབྲུག་དཀོན་མཆོག་གིས་གསུངས་པའི་༧གོང་ས་མཆོག་གིས་བོད་པའི་བདེན་དོན་འཐབ་རྩོད་ཀྱི་ནུས་པ་བརྒྱད་གཟིགས་ཀྱིན་ཡོད་པ་དང་། ཕྱི་ཚེས་ ༢༨ ཉིན་ཁྲིམས་ལུགས་མཁས་པ་བློ་བཟང་སེང་གེ་ཡིས་གསུངས་པའི་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ནུས་པ་བཅུ་ཟེར་བ་འདི་གཉིས་ལ་གཤིབ་བསྡུར་ཞིག་བྱོས་དང་།

    Reply
  4. རྟུལ་ཕོད། says:
    ལོ་ 15 སྔོན།

    བཤད་ལ་དགའ་བ་ལགས་ཀྱིས་མི་རིགས་ཀྱི་སྐད་ཡིག་མི་རིགས་ཀྱི་བླ་སྲོག་ལྟ་བུ་ཡིན་པ་ངོས་བཟུང་ནས་སྐད་ཡིག་བརླག་ན་མི་རིགས་བརླག་འགྲོ་བསམ་པ་ནི་དོན་མེད་ཀྱི་སེམས་ཁུར་ལྷག་མ་ཞིག་ཅི་ལ་མིན། དེ་ནི་འདུ་ཤེས་རྙིང་བ་ཞིག་དུས་རབས་གསར་བར་བཙན་འཛུལ་བྱེད་པ་ཡིན་པས།
    གལ་སྲིད་མི་རིགས་རིང་ལུགས་པ་འམ་དེར་ཕྱོགས་མཁན་ཞིག་ཡིན་ནའང་།དེང་གི་དུས་འདིར་མི་རིགས་ཀྱི་འདུ་ཤེས་ནི་མི་རིགས་ཀྱི་བླ་སྲོག་ཏུ་ངོས་འཛིན་ཐུབ་དགོས།ངས་འདི་བཤད་དུས་མཁྲེགས་པོ་དག་གིས་ཡར་རྒྱས་ཀྱི་རྩེར་སོན་པའི་མི་རིགས་དང་རྒྱལ་ཁབ་དག་མི་རིགས་ཀྱི་འདུ་ཤེས་ཇེ་ཟབ།ཆོས་ལུགས་ཀྱི་དད་འདུན་ཇེ་ཆེ་རེད་ཟེར་ནས་སྐད་ཡིག་བརླགས་ན་མི་རིགས་བརླག་འགྲོ་བར་དཔེ་ལུང་གང་མང་འདྲེན་སྲིད་ཀྱང་།ཁོ་བ་ཚོས་གནས་ལུགས་དང་གནས་བབ་ཁྱད་མ་ཕྱེས་ནས་དུང་ཞེན་གྱི་མིག་གིས་གནས་ལུགས་འདི་ལྟར་རབ་རིབ་གཏོང་གི་ཡོད་པའང་ཤེས་དགོས་ཚོད་རེད།

    Reply
  5. བཤད་སྒྲུབ says:
    ལོ་ 15 སྔོན།

    མཁས་དབང་བློ་བཟང་སེང་གེ་ལགས་ཀྱི་ནུས་པ་བཅུ་གསུངས་པ་ཚང་མར་རྒྱུ་མཚན་ཡོད་པ་དང་ཤག་ཅིག་རེད་འདུག། ཡིན་ཡང་བོད་པ་མགོ་འཁྲིག་པོ་འགས་གནས་ལུགས་འདི་ཡང་དག་པའི་གསར་བརྗེ་ཅིག་ལ་ངོས་འཛིན་བྱེད་དཀའ་བར་མཐོང་།

    Reply
  6. བྱ་དཀར་པོ། says:
    ལོ་ 15 སྔོན།

    འཇིགས་བྲལ་ལགས། ཁྱེད་རང་གིས་དུསབབ་ཚང་ལ་སྙིང་ནད་ཅིག་རྩོད་བསམ་ནི་མིན་ན། དེ་འདྲའི་དོགས་པ་རྣམ་རྟོག་སུ་ལ་ཡང་མི་འདུག

    Reply
  7. བཤད་ལ་དགའ་ says:
    ལོ་ 15 སྔོན།

    བློ་སེང་ལགས་ཁྱེད་ཀྱིས་རྒྱལ་སྤྱིའི་ཁྲིམས་ལུགས་དང་བོད་ཀྱི་བདེན་པའི་སྐོར་ལ་གཏམ་བཤད་ཅིག་བྱས་པ་ཉན་ནས་ང་ཧ་ལས་སོང། ཡིན་ནའང་ཁྱེད་ཀྱིས་བོད་ཀྱི་སྲོག་རྩ་སྐད་དང་ཡིག་ལ་གདེངས་འཇོགས་དེ་ཙམ་མ་བྱས་པར་མ་ཟད། སྐད་ཡིག་འགྱུར་ནའང་རང་བཙན་ཐོབ་ཐུབ།དཔེར་ན་ཨར་ལེན་ཌི་ལྟ་བུ་རེད་ཟེར་བ་ལ་བློ་ཕམ་སྐྱེས། གལ་སུ་ཁྱེད་བཀའ་ཁྲི་ལ་བསྡད་ན་བསམ་་གདོང་བླ་མའི་ཕྱིས་རྗེས་གྲགས་ཆེན་ཤེས་ཡོན་སྲིད་ཇུས་རྒྱུར་བཅོས་བཏང་མི་ངམ་བསམ་ནས་བློ་ཚུབས་སྐྱེས་ཀི་འདུག
    དེ་ཕྱིར་ང་ཁྱེད་ལ་དད་པ་མི་སྐྱེས་ཀི ངས་རི་བོང་ཅལ་འདྲོགས་མི་བྱེད། ད་དུང་ཁྱེད་ལ་བརྟག་དཔྱད་བྱེད་ཀི་ཡིན་ད།

    Reply
  8. བཀྲིས་བསམ་འཕེལ། says:
    ལོ་ 15 སྔོན།

    བློ་བཟང་སེང་གེ་ལགས་ནས་ཅི་ཙམ་གྱིས་འཕག་འཚག་བྱས་ན་དེ་ཙམ་གྱིས་ངའི་སེམས་སྤྲོ་གིན་འདུག

    Reply
  9. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    དོན་གྲུབ་བཀྲ་ཤིས་ལགས་ཀྱིས་ངས་བཤད་པ་གཅིག་ཀྱང་མ་རེད་གསུངས་འདུག འོ་ན་རྒྱུ་མཚན་གང་རེད།?????????
    འོ་ན་རྒྱུ་མཚན་གང་རེད།?????????
    འོ་ན་རྒྱུ་མཚན་གང་རེད།?????????
    འོ་ན་རྒྱུ་མཚན་གང་རེད།?????????

    Reply
  10. karma dorje says:
    ལོ་ 15 སྔོན།

    བློ་བཟང་སེང་གེ་ཡིས་ངོས་འཛིན་གནང་བའི་ནུས་པ་བཅུ་ནི།
    ཆབ་སྲིད་ཀྱི་ནུས་པ།
    མི་དམངས་ཀྱི་ནུས་པ།
    དངུལ་གྱི་ནུས་པ།
    དྲག་པོའི་ནུས་པ།
    ཁྲིམས་ཀྱི་ནུས་པ།
    ཁོར་ཡུག་གི་ནུས་པ།
    ཞི་བའི་ནུས་པ།
    གཟི་བརྗིད་ཀྱི་ནུས་པ།
    ཆིག་སྒྲིལ་གྱི་ནུས་པ།
    ཤེས་ཡོན་གྱི་ནུས་པ་བཅས་རེད།

    Reply
  11. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    བོད་ཀྱི་དུས་བབ་གསར་འགོད་པ་ཟུར་བ་འཇིགས་བྲལ་བསྟན་འཛིན་ལགས། ཁྱེད་ཀྱིས་གོང་དུ་བགྲང་བའི་རྒྱུ་མཚན་དེ་དག་གཅིག་ཀྱང་མ་རེད་ལགས།

    Reply
  12. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    བོད་ཀྱི་དུས་བབ་གསར་འགོད་པ་རྣམ་པ། ཉིན་གཉིས་གསུམ་ནང་གསར་འགྱུར་འབྲི་མཁན་སོ་སོའི་མིང་འབྲི་བཞིན་འདུག གང་ཟག་སྒེར་ངོས་ནས་བཏོན་པའི་གསར་འགྱུར་རེད་དམ། བོད་ཀྱི་དུས་བབ་ཀྱི་ངོས་ནས་བཏོན་པའི་གསར་འགྱུར་རེད། ཡང་ན། གསར་འགོད་པ་ཚོའི་གསར་འགྱུར་འབྲི་རྩལ་བསྡུར་གྱི་ཡོད། ཡང་ན། གསར་ཁང་གི་ལས་བྱེད་ཚོ་ནང་མ་མཐུན་པ་ཡིན། བྱེད་སྟངས་འདི་རིགས་བོད་ཀྱི་དུས་བབ་ལ་ལེན་པོ་མི་འདུག ཚང་མ་དབུས་ཀྱི་ལས་བྱེད་ཤ་སྟག་རེད་མ་གཏོགས། ས་གནས་གསར་འགོད་པ་ནི་མ་རེད།

    Reply
  13. རྟུལ་ཕོད། says:
    ལོ་ 15 སྔོན།

    ངས་ཉེ་སྔོན(ཐེངས་རྗེས་མའི་བཀའ་བློན་ཁྲི་བ་མི་ཡིན་དགོས)ཞེས་པ་ཞིག་བྲིས་པ་དེ་རིང་ཁྱེད་ཀྱི་(བོད་དོན་འཐབ་རྩོད་ཀྱི་ནུས་པ་བཅུ)ཞེས་པར་ལེགས་སྐྱེས་སུ་འབུལ་འདོད།
    ངས་ཉིན་འདི་དག་ལ་སྐྱབས་བཅོལ་བོད་མིའི་དྲ་རྒྱ་དང་ཚགས་ཤོག་སོགས་གཙོའི་བརྒྱུད་ལམ་ཁག་ལ་ཐེངས་རྗེས་མའི་བཀའ་ཁྲིའི་ཐད་ལ་བསམ་ཚུལ་འཚོལ་ཞིབ་ཏུ། ངའི་གྲོགས་ཀྱི་དེང་མ་འདི་དག་གི་སྒོ་རུ་ང་སྤྲང་ཉུལ་ལ་ཐེངས་ཤིག་ལ་ཕྱིན་པ་ཡིན། ཡིན་ནའང༌། { སྤྲང་ཉུལ་དང་སྐྱག་དྲི།} འུ་ཚོ་ནི་རིག་གནས་ཆིག་རྐྱང་གི་ཁོར་ཡུག་ནས་བསམ་བློ་སྣ་གཅིག་ལས་གཏོང་སྲོལ་མེད་པའི་སྲོལ་རྒྱུན་གྱི་འདུ་ཤེས་རྙིང་པའི་སྐྱག་དྲི་དེ་བརྒྱུད་ལམ་འདི་དག་ལ་ཁྱབ་ཡོད་པས། ང་ལྟོགས་པ་ཟས་འདོད་དང༌། སྐོམ་པ་ཆུ་འདོད་ཀྱི་གདུངས་བ་དེ་བསལ་མ་ཐུབ་པས་སྐྱུག་མེར་ཅུང་ཙམ་བྱུང༌། ལོ་མང་རིང་བསྐྱར་བཤད་ཡང་བཤད་བྱས་ནས་ཡོང་བའི་བསམ་ཚུལ་དེ་རིགས་བསྡུས་ན། ཤེས་ཡོན་ཅན་དང་འཇོན་ཐང་ཅན་ལས་གང་གདམ་དགོས་ཞེས་པ་དེ་ལས་བརྒལ་མ་ཐུབ་ནས་ད་དུང་འདམ་དུ་ལྷུང་འདུག་གོ། མ་ཟད་ཤེས་ཡོན་ཅན་དང་འཇོན་ཐང་ཅན་ཞེས་པ་འདི་ལའང༌། གོ་དོན་གཏིང་ཟབ་ཅིག་མ་ལོན་པར་གསོག་གསོབ་དང་ནང་སྟོང་གི་ཚུལ་དུ་ལས་ཡོད་པ་འདྲ།

    {གནད་འགག་གི་སྐབས་སུ་མི་འཚོལ་བ། }འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་དར་རྒུད་ཀྱི་དཀྱོགས་མཚམས་རེ་རེ་ན། མི་བུ་དག་ནི་ལམ་ཚད་ཀྱི་རྡོ་རིང་བཞིན་རང་ངོ་རང་གིས་ཟིན་ཅིང༌། རང་གཅེས་དང༌། རང་རྩིས། རང་ཚུགས་བརྟན་པོས་གྲོང་ངེར་འགྲེང་ཞིང༌། ལྷང་ངེར་གསལ་བས། ཡོ་རབ་མུན་ནག་གི་དུས་རབས་མཇུག་རྫོགས་ཤིང༌། ཨེ་ཤ་ཡའི་ནད་པའི་མི་རིགས་ཀྱི་མིང་ངན་ཡང་ཡལ་བཞིན་ཡོད་པའི་དོན་དངོས་ཀྱི་འགྲོ་མིའི་རྟོགས་སད་ཀྱི་གོ་རིམ་སྟོས་འཇོག་གི་རྩེར་སོན་ཏེ། དེང་གི་དུས་འདིར། མི་དང་རང་ཉིད་ཀྱི་དུས་རབས་ཟེར་སྐད། ཡིན་ནའང༌། དུང་ཞེན་དང་མཁྲེགས་འཛིན་མ་བྱས་ནས་གནས་ལུགས་བཤད་ན། འུ་ཚོ་ནི་མུན་བསྐལ་རིང་མོ་དང་ནད་པའི་མི་རིགས་ཀྱི་དུས་སྐབས་ལས་བརྒལ་ཐུབ་མེད་པའི་དོན་དངོས་ཀྱི་གནས་སྟངས་འདི་བསྒྱུར་ཐབས་སུ། ཐབས་ལམ་ཉག་གཅིག་ཡོད་པ་ནི་རབ་ཡིན་ན་རང་ཉིད་ཐེ་བའི་བོད་མི་རེ་རེ་མི་རུ་འགྲེང་དགོས་པ་དང༌། མ་ཐ་ཡང༌། འུ་ཚོའི་བཀའ་བློན་དང་སྤྱི་འཐུས་དག་གི་གཙོའི་ས་མིག་ཆེ་ཐག་ཆོད་རེ་བཟུང་བའི་བོད་མིའི་དབུ་འཁྲིད་དག མི་དོན་སྒྲུབ་མཁན་ཡིན་ཟེར་ན། མ་ཐ་ཡང༌། མིའི་བསམ་བློ་ཡོད་དགོས་པ་རེད། དེ་ལས་ལྡོག་སྟེ། འཇིག་རྟེན་ལྟ་ཚུལ། མི་ཚེའི་ལྟ་ཚུལ་སོགས། འཚོ་གནས་ལ་རྒྱབ་ཀྱིས་ཕྱོགས་པའི་རིག་གནས་ཤིག་གམ། སྐད་ཆ་གཞན་གྱིས་བཤད་ན། སྐྱོ་གར་སྙིང་སྟོབས་མེད་པའི་རིག་གནས་ཤིག་གི་རིན་ཐང་ལྟ་ཚུལ་གྱིས་ཡོད་ཚད་ཐག་གིས་གཅདཅིང་ཐུ་གུ་མདུད་རྒྱུ་ཡིན་ཟེར་ན། འུ་ཚོའི་འཕེལ་རྒྱས་ཀྱི་རྩ་བ་བཅད་བཞིན་དུ་ཡལ་འཚོལ་བའི་ངལ་བ་འབྲསཔ་མེད་ཀྱི་སྨྱོན་ལས། དཔྱོད་མེད་རིང་བཞིན་གྱི་རྨོངས་འཐོམ། དུང་ཞེན་མཁྲེགས་འཛིན་གྱི་ཨུ་ཚུགས་དག་ལ་ད་ནི་ཅིས་ཀྱང་འདང་རྒྱག་རན་ཡིན་པ་མ་ཟད་ཧ་ཅང་འཕྱིས་དྲགས་འདུག་གོ། འགྲོ་བ་མིའི་རིགས་ཀྱིས་མི་བོར་ཞིང་མི་འཚོལ་བའིོ་ལོ་རྒྱུས་ཀྱི་དོན་སྙིང་ནི། ཆེ་ས་ནས་ཤར་ནུབ་ཕྱོགས་ཀྱི་ཞེན་ལྟས་མཁྲེགས་འཛིན་བྱེད་རྒྱུ་ཞིག་མིན་ཞིང༌། འུ་ཚོའིསྐྱ་ཟད་སྔོ་སྡུག་གི་འཚོ་གནས་ཀྱི་གནས་བབ་དངོས་ལ་གཞིགས་ན། དུས་ལས་ཡོལ་བ་ཞིག་དེ་བས་ཀྱང་མིན་པས། མགོ་ཐོགས་ཡོངས་ཀྱི་སྐྱེས་ཆེན་དག་གིས་འགྲོ་མི་སྤྱི་ལ་ཕུལ་བའི་རིག་གནས་སྙིང་སྟོབས་འདི། འུ་ཚོ་དང་འུ་ཚོ་ལྟ་བུའི་ཤི་གསོན་གྱི་སོ་ཁ་ན་གནས་པའི་མི་རིགས་དག་གི་བླ་སྲོག་སྐྱོབ་བྱེད་ཀྱི་ལག་ཆ་ཁོ་ན་ཡིན་པས་དང་ལེན་མི་བྱེད་ཐུ་མེད་རེད། དེས་ན་འུ་ཚོས་ཀྱང་གནད་འགག་གི་སྐབས་སུ་བཀའ་བློན་ཁྲི་བ་མི་ཞིག་འཚོལ་དགོས་པས། སྐྱབས་བཅོལ་བོད་མིའི་སྤྱི་ཚོགས་ན་མི་ཞིག་རྙེད་རྒྱུ་ཡོད་དམ་ཞེ་ན། ངས་ཞིབ་འཇུག་བྱས་པ་ལྟར་ན་མི་ཁ་ཤས་ཡོད་ཀྱང༌། ཆེས་འོས་ཆོས་ཚང་པའི་མི་ནི་བློ་བཟང་སེང་གེ་རེད། གང་ཡིན་ཟེར་ན།

    ཁོང་{havard}གཙུག་ལག་སློབ་ཆེན་ལས་ཐོན་པའི་རྒྱུ་མཚན་ཁོ་ནས་ཀྱང༌། ཁོང་གི་སྐོར་ལ་ཞིབ་འཇུག་ཆེར་བྱེད་མི་ཐུབ་མཁན་དག་གིས་ཀྱང༌། ཁོང་མི་ཡིན་པའམ་མིའི་བསམ་བློ་ཡོད་པའི་གནས་ལུགས་རྙེད་རྒྱུར་འདང་རྒྱག་རྒྱུ་ཆེན་པོ་ཡོད་དེ། ས་སྒང་འདིའི་མི་ཆོས་རིག་གནས་ཀྱི་རྩེར་སོན་པའི་ཨ་རིའི་རྒྱལ་ཁབ་ནི་གཙུག་ལག་སློབ་ཆེན་འདིའི་ཁོར་ཡུག་ཡིན་པ་དང༌། འདིའི་བསླབ་ཚན་དག་ནི་མིའི་རིགས་ཀྱི་སྐྱོ་གར་ལ་གདོང་གཏོད་བྱེད་ཀྱི་རིག་གནས་ཡིན་པ་ལས། བདག་མེད་ཀྱི་སྲོག་བྱས་ཤིང༌། འཁོར་བའི་ཕུན་ཚོགས་བློས་བཏང་གི་བསམ་བློའི་མ་ལག་ཅིག་གིས་ཤན་ཤུགས་མེད་པས། འདིའི་སློབ་ཐོན་པ་དག་ཀྱང་མི་ཆོས་རིག་གནས་ཀྱི་ཐོན་རྫས་ཡིན་པ་ལས་ལྷ་མིན་མི་མིན་གྱི་ཕུང་སུམ་པ་ཞིག་ག་ལ་ཡིན་ཏེ། རིག་གནས་དང་མི་བུའི་རྒྱུ་འབྲས་ཆོས་ཉིད་དེ་སུས་ཀྱང་ཁས་ལེན་དགོས་པས་སོ།། ཡིན་ནའང༌། ཡང་བརྐྱར་འུ་ཚོས་རྟར་ཞོན་མཁན་ཞིག་བོང་ལིར་བཞོན་འཇུག་པ་མིན་ནམ་སྙམ་པའི་བློ་དོགས་ཤིག་ངང་གིས་འཁྲུངས་ཀྱང༌། ཨུ་ཐུག་པ་མི་འགྲོ།།

    Reply
  14. བྱ་དཀར་པོ། says:
    ལོ་ 15 སྔོན།

    བློ་བཟང་སེང་གེ་འདི་ད་ལྟ་སེང་གེ་བཞིན་མི་མང་གིས་བརྩི་བཀུར་བྱེད་ཀྱིན་འདུག འོན་ཀྱང་ད་ལོ་ཁོ་བཀའ་ཁྲི་ལ་མི་སླེབས་པ་གཏན་ཁེལ་བ་རེད། ད་ཐེངས་བཀའ་བློན་ཞིག་ལ་བསྡད། རྗེས་སུ་རིམ་གྱིས་བཀའ་ཁྲི་སོང་ན་ཧ་ཅང་འགྲིག་གི་བསམ། སྤྱི་ཚོགས་ཀྱི་ཉམས་མྱོང་གལ་ཆེ་བ་མི་མང་གིས་ཧ་གོ་དགོས་པ་རེད། འོན་ཀྱང་ཁོ་བཀའ་ཁྲི་ལ་སླེབས་ན་ཕྱི་རྒྱལ་ཁག་གིས་མཐཽང་སྣང་ལ་ཡག་པོ་ཆགས་ཀི་རེད།

    Reply
  15. ཆུ་ཤུར་མིག་དམར་ says:
    ལོ་ 15 སྔོན།

    མཁས་དབང་བློ་བཟང་སེང་གེ་མཆོག་བཀའ་ཁྲིར་འོས་ཤིང་མཚམས་པ་ཞིག་ཏུ་མཐོང་གི་འདུག
    ངས་ཀྱང་འོས་ཤོག་དེ་ཁྱེད་ལ་བླུག་རྒྱུའི་ཐག་གཅོད་བྱས་ཟིན་པ་ཡིན
    འོན་ཀྱང་ངའི་མཐོང་པྱོགས་ཤིག་ལ་ཁྱེད་ཕ་ཡུལ་གཅིག་པའི་གཞེན་ཁོག་ཤུགས་ཆེན་པོ་མེད་དམ་སྙམ།
    གལ་ཏེ་ཁྱེད་བཀའ་ཁྲིར་ཕེབས་ཐུབ་ན་ཆོལ་གསུམ་བོད་མི་ཡོངས་སུ་རྫོགས་པར་གཟིགས་གཏང་གཅིག་པ་ཞིག་ཡོངས་བའི་རེ་བ་ཆེ།

    Reply
  16. ཨ་སྤེན་ཚེ། says:
    ལོ་ 15 སྔོན།

    བཤད་དུས་འདྲ་པོ་འདྲ་པོ་བཤད་ཀྱི་རེད་དེ། དོན་དངོས་ཐོག་བྱ་བ་བསྒྲུབ་བཅུག་ན་འཇོན་ཨ་ཡོང་།

    Reply
  17. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    ༄༅།།་མཁས་དབང་བློ་བཟང་སེང་གེ་ལགས་ཀྱི་དུས་བབ་འདི་འདྲ་ཞིག་ལ་མང་གི་མདུན་དུ་མཆོང་དེ་མང་གིའི་བློ་ཁ་འབྱེད་པའི་བློ་སྟོབས་དང་ལྷག་བསམ་ལ་སྔགས་་བརྗོད་ཡོད།
    ད་དུང་ཁོང་དང་ཁོང་འདྲ་བའི་མིག་ལྡན་ཚོ་མི་མང་གི་མདུན་དུ་མངོན་ཏེ་འདི་ལྟར་མ་འོང་བའི་བཀའ་ཁྲི་འཚོལ་ན་དགེ་ཕན་ཆེ་བར་མཐོང་།

    Reply
  18. སྨར་དྷཱིཿཟེར། says:
    ལོ་ 15 སྔོན།

    བློ་བཟང་སེང་གེ་ལགས་ཁྱེད་རང་མ་འོངས་པ་བཀའ་ཁྲིར་སླེབས་དུས་བློ་གཟུར་བོ་གནས་པའི་ཐོག་ནས་ཆིག་སྒྲིལ་གྱི་ནུས་པ་ཞིག་འདོན་ཐབས་གནང་བའི་སྲིད་ཇུས་ཤིག་གཟུང་རོགས།

    Reply
  19. བོད་མིའི་ལས་དབང༌། says:
    ལོ་ 15 སྔོན།

    བློ་བཟང་སེང་གེ་ལགས་ཁྱེད་རང་བཀའ་ཁྲིར་བྱེད་འདོད་ཡོད་པའི་རྣམ་འབྱོང་གསལ་རུ་བྱེ་བྲག་འགྲོ་སོང༌། ངས་བལྟས་ན་ཁྱེད་རང་བཀའ་ཁྲིར་མ་ལང་དགའ་ཡི་རེད། ཁྱེད་ཤེས་ཚད་དང༌། ཉམ་མྱོང༌། འཇོན་ཐང༌། ཆབ་སྲིད་གོ་རྟོགས། སྤྱི་ཚོགས་གནས་སྟངས་སོགས་ལ་ཞན་ཆ་ཆེན་པོ་ཡོད་རེད། དེ་ལས་ཧ་ཝར་ལ་མཁས་དབང་གི་མིང་ཁུར་ནས་བསྡད་ན་ཡག་ཤོས་རེད། གལ་སྲིད་ཁྱེད་རང་ལ་བཀའ་ཁྲིར་འོས་ཐོབ་ན་མཐའ་མ་དེ་ངུ་མི་ཤེས་གད་མི་ཤེས་པ་ཞིག་ཆགས་རྒྱུ་ཉག་གཅིག་ཡིན་པ་ང་ཁྱེད་རང་ལ་རྒྱུས་ཡོད་ཡིན་པའི་ཆ་ནས་སེམས་ནང་གི་སྐད་ཆ་བཤད་ཀྱི་ཡོད། ལྷག་པར་ཁྱེད་རང་གཏམ་བཤད་བྱེད་དུས་ཁ་དོན་མི་མཚུངས་པ་དང༌། འུད་ཤུབ་མང་གྲགས་འདུག དེ་ཚོར་གཟབ་གཟབ་བྱེད་ན་བཟང༌།

    Reply
  20. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 15 སྔོན།

    ཁྲིམས་ལུགས་མཁས་པ་བློ་བཟང་སེང་གེ་ལགས་ཀྱིས་༼ རྩ་དོན་འཐབ་རྩོད་ཀྱི་ནུས་པ་བཅུ ༽ ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་བ་ལ་རང་སེམས་དགའ་བས་བསྟོད་བསྔགས་དང་གུས་འདུད་ཞུ།

    མ་འོངས་པར་ཁྱེད་བཀའ་བློན་ཁྲི་བར་འོས་འདེམས་བྱུང་སྐབས་སུ། བདག་གི་བསམ་ཚུལ་འདི་དག་ལ་ཐུགས་ཞིབ་ནན་པོར་གནང་ནས་ལག་བསྟར་ཐུབ་པ་མཛད་རོགས་ཞུ།

    གལ་ཏེ་ཁྱེད་ཀྱིས་གལ་གནད་ཆེ་བའི་ཐབས་ཇུས་ལས་ཁང་འདི་དག་གསར་འཛུགས་མ་ཐུབ་ན། ཁྱེད་ཀྱིས་བཀའ་བློན་ཁྲི་བའི་གོ་ས་ཐོབ་ན་ཡང་། ཕན་ནུས་ཡོད་པའི་བོད་དོན་གྱི་བྱ་བ་རླབས་ཆེན་ཞིག་གཏན་ནས་སྒྲུབ་མི་ཐུབ།

    བདག་གིས་ཡུན་རིང་ཆབ་སྲིད་ཚན་རིག་དང་སྤྱི་ཚོགས་ཚན་རིག་སོགས་ལ་སློབ་སྦྱོང་དང་སློབ་ཁྲིད་བྱས་པའི་་ཉམས་མྱོང་ལྟར་བསམ་ཚུལ་མདོར་བསྡུས་ཞིག་ཞུས་ན།
    བོད་གངས་ཅན་པའི་རྒྱལ་དམངས་ཀྱི་གནས་སྟངས་ཤིན་ཏུ་སྐྱོ་བའི་དུས་རབས་འདིར། མཁས་མཛངས་ལྡན་པའི་བོད་རིགས་རྣམས་ཀྱིས་གཞུང་སྒེར་གྱིས་མགྲོན་འབོད་བྱེད་པ་ལ་ནམ་ཡང་མི་སྒུག་པར། མ་བསྐུལ་དང་ལེན་གྱིས་བཙན་བྱོལ་བོད་གཞུང་གི་ལས་རིགས་ཁག་གི་ནང་དུ་གང་འགྱོགས་ཨུ་ཚུགས་སྒོས་ཞུགས་ཐུབ་པ་བྱས་ནས། རང་གི་ཤེས་འཇོན་ལྟར་བོད་དོན་རླབས་ཆེན་སྒྲུབ་དགོས་པ་ནི། རྒྱལ་སྤྱིའི་དུས་བབ་ཀྱིས་སྤྲད་པའི་སོ་སོ་མི་ཚེའི་ལས་འགན་རེད་ལ་ཤི་གསོན་བོད་འབངས་ཡོངས་ཀྱི་རེ་བ་ངོ་མ་ཡང་འདི་རེད།

    ང་ཚོའི་བོད་གཞུང་འདི་ང་ཚོས་བདག་པོ་བྱེད་དགོས་པ་ལས། བོད་གཞུང་གི་མགྲོན་འབོད་དང་རོགས་སྐྱོར་ཁོ་ན་ལ་སྒུག་ནས་བསྡད་པས་ཕན་པ་ཅི་ཡང་མེད

    དེར་བརྟེན་བདག་གིས་ཀྱང་མ་བསྐུལ་དང་བླང་གིས་འབད་བརྩོན་ཆེན་པོས་བོད་གཞུང་གི་ལས་རིགས་སུ་ཞུགས་ཏེ། དངོས་ཤུགས་བརྒྱུད་གསུམ་ནས་ཞབས་འདེགས་གང་ནུས་ཉིན་ལྟར་ཞུ་བཞིན་ཡོད།

    བདག་གི་ཤེས་རྟོགས་ལྟར་ན་ད་དུང་བཙན་བྱོལ་བོད་གཞུང་གི་ལས་ཁང་ཁག་ལ་ངེས་པར་དུ་ཐབས་ཇུས་ལ་མཁས་པའི་ཤེས་འཇོན་ཅན་གྱི་བོད་མི་མང་པོ་ཡོད་དགོས་པ་འདི་གལ་གནད་ཤིན་ཏུ་ཆེ་བའི་ཛ་དྲག་གི་འོས་འགན་ཞིག་ཏུ་མཐོང་།

    གལ་ཏེ་བཙན་བྱོལ་བོད་གཞུང་གི་ལས་བྱེད་ཚོས་རྙིང་ཞེན་ཕྱོགས་རིས་ཀྱིས། ཐབས་ཇུས་ལ་མཁས་པའི་ཤེས་འཇོན་ཅན་གྱི་བོད་མི་རྣམས་ལ། མཐོང་ཆུང་གིས་མཐོ་གནོན་དང་འབུར་འཇོམས་བྱས་ནས། ལས་གནས་མི་སྤྲད་པ་དང་། ཐབས་ཇུས་གོང་འཕེལ་ཀྱི་བྱ་འགུལ་སྣ་ཚོགས་པ་ཞིག་སྤེལ་མ་བཅུག་ན། ང་ཚོའི་བོད་གཞུང་འདི་སྔར་གྱི་ལོ་རྒྱུས་རྙིང་པ་བཞིན་འཕེལ་མེད་སོར་གནས་དང་། ནུས་མེད་ཉམས་རྒུད་ནས་རྩ་མེད་དུ་འགྲོ་ངེས་ཡིན་པ་ཀུན་གྱི་ཤེས་གསལ་རེད།

    ད་ལྟ་བཙན་བྱོལ་བོད་གཞུང་གིས་ཛ་དྲག་གིས་བསྒྲུབ་དགོས་པའི་བྱ་བ་གལ་ཆེན་ཞིག་ནི། ༼བོད་ཀྱི་ཆེས་མཐོའི་ཐབས་ཇུས་ཞིབ་འཇུག་ལྟེ་གནས༽ ཚད་ལྡན་ཕུན་སུམ་ཚོགས་པ་ཞིག་མྱུར་དུ་གསར་འཛུགས་བྱེད་རྒྱུ་འདི་རེད།

    ཤེས་རབ་གསལ་ཞིང་ཉམས་མྱོང་ཆེ་བའི་བོད་རིགས་ལྷག་བསམ་ཅན་རྣམས། བོད་ཀྱི་ཆེས་མཐོའི་ཐབས་ཇུས་ཞིབ་འཇུག་ལྟེ་གནས་འདིར་གང་འགྱོགས་ཕྱོགས་གཅིག་ཏུ་བསྡུས་ནས། འཆར་གཞི་ཡོད་པའི་སྒོ་ནས་ཉམས་ཞིབ་སྡེ་ཚན་དུ་མ་རྩ་འཛུགས་བྱས་ཏེ། ཞིབ་འཇུག་པ་རྣམས་ཀྱིས་ཉིན་ལྟར་ཆུ་ཚོད་བརྒྱད་རེ། བློ་དང་རིག་པ་སྣ་ཚོགས་པས་བོད་ཀྱི་རྒྱ་ཆེའི་ལས་དོན་སྤྱི་ལ་ཞིབ་དཔྱོད་བྱེད་རྒྱུ་དང་། ཡང་སྐབས་རེ་བློ་སེམས་རྩེ་གཅིག་གིས་ཟབ་མོའི་ལས་དོན་དམིགས་བསལ་ལ་ཞིབ་འཇུག་མཐར་ཕྱིན་པ་བྱས་ནས་ཐབས་ཇུས་ཀྱི་བསྡོམས་རྩིས་ཐོབ་པར་བྱེད་བཅུག་དགོས།

    བོད་ཀྱི་ཆེས་མཐོའི་ཐབས་ཇུས་ཞིབ་འཇུག་ལྟེ་གནས་འདིའི་ལས་འགན་ནི། བོད་དོན་ལེགས་འགྲུབ་ཀྱི་ཐབས་ཇུས་ལ་གནའ་དེང་ཟུང་འབྲེལ་གྱིས་ཞིབ་འཇུག་ལེགས་པར་བྱས་ནས། བོད་གངས་ཅན་ལྗོངས་ཀྱི་རྒྱལ་ཁབ་དང་མི་རིགས་འདིའི། གནས་སྐབས་དང་མཐར་ཐུག་གི་དམིགས་ཡུལ་རྣམས་སྒྲུབ་ཐུབ་པའི་མཐུན་རྐྱེན་དུ། གོ་རིམ་ཡོད་པའི་འཆར་གཞི་དང་། ཕན་ནུས་ཆེ་བའི་ཐབས་ཇུས། སྣ་ཚོགས་མཉམ་འབྲེལ་ཀྱི་ལས་འགུལ་སོགས་དུས་ཐོག་ཏུ་བོད་གཞུང་གི་ལས་རིགས་སོ་སོའི་ལས་བྱེད་པ་རྣམས་ལ་ཐབས་ཇུས་བསླབ་སྟོན་དང་གནས་ཚུལ་མཁོ་འདོན་བྱེད་རྒྱུ་དེ་ཡིན།

    བོད་ཀྱི་ཆེས་མཐོའི་ཐབས་ཇུས་ཞིབ་འཇུག་ལྟེ་གནས་འདིའི་མེད་ན་མི་རུང་བའི་འབྲེལ་ཡོད་ལས་ཁང་གལ་ཆེན་ཞིག་ནི། ཕྱི་ནང་གི་དགོས་ངེས་གནས་ཚུལ་རྣམས་འཚོལ་སྡུད་ཐུབ་པའི་༼བོད་ཀྱི་ཆེས་མཐོའི་གསང་བའི་ལས་ཁང༽ ཞིག་ཡོད་དགོས་ལ། བོད་ཀྱི་ཆེས་མཐོའི་གསང་བའི་ལས་ཁང་འདིས་ངེས་པར་དུ་གནས་ཚུལ་མཁོ་སྤྲོད་བྱེད་ཐུབ་པའི་མི་སྣ་སྤྱང་གྲུང་འཛོམས་པ་མང་པོ་སྦྱོང་བརྡར་བྱས་ནས། རྒྱལ་ཁབ་ཕྱི་ནང་གི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པའམ་སྒེར་བ་རྣམས་དང་། འབྲེལ་བ་མངོན་ལྐོག་གཉིས་ནས་བྱས་ཏེ་འབྲེལ་ཡོད་དགོས་ངེས་ཀྱི་གནས་ཚུལ་རྣམས་དུས་ཐོག་ཏུ་རག་ཐུབ་པ་བྱེད་དགོས།

    ཁྱད་པར་བོད་དོན་འཐབ་རྩོད་ཀྱི་ནུས་ཤུགས་གཅིག་སྒྲིལ་བྱེད་རྒྱུ་ནི། གཙོ་བོ་གཞུང་འཛིན་བཀའ་ཤག་གི་ལས་འགན་གལ་ཆེན་ཞིག་ཡིན་པར་བརྟེན། གཞུང་འཛིན་བཀའ་ཤག་གི་སྒྲོམ་གཞིའི་ནང་དུ་“མཉམ་འབྲེལ་ཆིག་སྒྲིལ་གྱི་ལས་ཁང་” མ་ལག་ཆ་ཚང་བ་ཞིག་གང་མྱུར་གསར་འཛུགས་བྱས་ཏེ། ཕྱོགས་ཡོངས་ནས་མཉམ་འབྲེལ་ཆིག་སྒྲིལ་གྱི་ལས་འགུལ་སྤེལ་ནས་བོད་དོན་འཐབ་རྩོད་ཀྱི་ནུས་ཤུགས་ཆེ་རུ་བཏང་དགོས། མཉམ་འབྲེལ་ཆིག་སྒྲིལ་གྱི་ལས་ཁང་འདིས་ཤེས་ཡོན་ཅན་གྱིས་གཙོས་པའི་བོད་མི་ཡོད་དོ་ཅོག་ལ་བདག་སྐྱོང་དང་། རྒྱུན་དུ་འབྲེལ་བ་ཟབ་མོ་བྱེད་ཐབས་ཀྱི་སྲིད་ཇུས་གསར་བ་ཞིག་གང་འགྱོགས་ཅི་འགྱོགས་ཀྱིས་གཏན་འབེབས་གསལ་པོར་བྱེད་དགོས་པ་དེ་བོད་ཀྱི་སྤྱི་ཚོགས་ལ་མཁོ་བའི་འགན་འཁྲི་གལ་ཆེན་ཞིག་མ་རེད་དམ ?

    ཀྱེ་མ་ད་ལྟ་བོད་གཞུང་ལ་༼ཐབས་ཇུས་ཞིབ་འཇུག་ལས་ཁང་༽ ཞིག་མི་འདུག་ལ་༼མཉམ་འབྲེལ་ཆིག་སྒྲིལ་གྱི་ལས་ཁང་༽ ཡང་མི་འདུག་པས་བོད་དོན་གྱི་་བྱ་བ་ཕན་ནུས་ལྡན་པ་ཞིག་སྒྲུབ་དཀའ།

    དེས་ན་ང་ཚོས་ཞུམ་པ་མེད་པའི་སྙིང་སྟོབས་དང་ལྷག་བསམ་རྣམ་དག་གིས་བོད་གཞུང་ལ་རྒྱབ་སྐྱོར་བྱས་ཏེ་སྔར་ལས་ལྷག་པའི་ཞིབ་འཇུག་དང་། སྔར་ལས་ལྷག་པའི་འཆར་གཞི་དང་། སྔར་ལས་ལྷག་པའི་ཐབས་ཇུས་དང་། སྔར་ལས་ལྷག་པའི་ལས་འགུལ་སྣ་ཚོགས་ཞིག་བོད་འབངས་ཡོངས་ཀྱི་མངོན་འདོད་མ་འགྲུབ་བར་དུ་ཕྱོགས་ཀུན་ནས་གཏིང་ཟབ་སྤེལ་དགོས་སོ།

    Reply
  21. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 15 སྔོན།

    ཁྲིམས་ལུགས་མཁས་པ་བློ་བཟང་སེང་གེ་ལགས་ཀྱིས་༼ རྩ་དོན་འཐབ་རྩོད་ཀྱི་ནུས་པ་བཅུ ༽ ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་བ་ལ་རང་སེམས་དགའ་བས་བསྟོད་བསྔགས་དང་གུས་འདུད་ཞུ།

    མ་འོངས་པར་ཁྱེད་བཀའ་བློན་ཁྲི་བར་འོས་འདེམས་བྱུང་སྐབས་སུ། བདག་གི་བསམ་ཚུལ་འདི་དག་ལ་ཐུགས་ཞིབ་ནན་པོར་གནང་ནས་ལག་བསྟར་ཐུབ་པ་མཛད་རོགས་ཞུ།

    གལ་ཏེ་ཁྱེད་ཀྱིས་གལ་གནད་ཆེ་བའི་ཐབས་ཇུས་ལས་ཁང་འདི་དག་གསར་འཛུགས་མ་ཐུབ་ན། ཁྱེད་ཀྱིས་བཀའ་བློན་ཁྲི་བའི་གོ་ས་བོབ་ན་ཡང་། ཕན་ནུས་ཡོད་པའི་བོད་དོན་གྱི་བྱ་བ་རླབས་ཆེན་ཞིག་གཏན་ནས་སྒྲུབ་མི་ཐུབ།

    བདག་གིས་ཡུན་རིང་ཆབ་སྲིད་ཚན་རིག་དང་སྤྱི་ཚོགས་ཚན་རིག་སོགས་ལ་སློབ་སྦྱོང་དང་སློབ་ཁྲིད་བྱས་པའི་་ཉམས་མྱོང་ལྟར་བསམ་ཚུལ་མདོར་བསྡུས་ཞིག་ཞུས་ན།
    བོད་གངས་ཅན་པའི་རྒྱལ་དམངས་ཀྱི་གནས་སྟངས་ཤིན་ཏུ་སྐྱོ་བའི་དུས་རབས་འདིར། མཁས་མཛངས་ལྡན་པའི་བོད་རིགས་རྣམས་ཀྱིས་གཞུང་སྒེར་གྱིས་མགྲོན་འབོད་བྱེད་པ་ལ་ནམ་ཡང་མི་སྒུག་པར། མ་བསྐུལ་དང་ལེན་གྱིས་བཙན་བྱོལ་བོད་གཞུང་གི་ལས་རིགས་ཁག་གི་ནང་དུ་གང་འགྱོགས་ཨུ་ཚུགས་སྒོས་ཞུགས་ཐུབ་པ་བྱས་ནས། རང་གི་ཤེས་འཇོན་ལྟར་བོད་དོན་རླབས་ཆེན་སྒྲུབ་དགོས་པ་ནི། རྒྱལ་སྤྱིའི་དུས་བབ་ཀྱིས་སྤྲད་པའི་སོ་སོ་མི་ཚེའི་ལས་འགན་རེད་ལ་ཤི་གསོན་བོད་འབངས་ཡོངས་ཀྱི་རེ་བ་ངོ་མ་ཡང་འདི་རེད།

    ང་ཚོའི་བོད་གཞུང་འདི་ང་ཚོས་བདག་པོ་བྱེད་དགོས་པ་ལས། བོད་གཞུང་གི་མགྲོན་འབོད་དང་རོགས་སྐྱོར་ཁོ་ན་ལ་སྒུག་ནས་བསྡད་པས་ཕན་པ་ཅི་ཡང་མེད

    དེར་བརྟེན་བདག་གིས་ཀྱང་མ་བསྐུལ་དང་བླང་གིས་འབད་བརྩོན་ཆེན་པོས་བོད་གཞུང་གི་ལས་རིགས་སུ་ཞུགས་ཏེ། དངོས་ཤུགས་བརྒྱུད་གསུམ་ནས་ཞབས་འདེགས་གང་ནུས་ཉིན་ལྟར་ཞུ་བཞིན་ཡོད།

    བདག་གི་ཤེས་རྟོགས་ལྟར་ན་ད་དུང་བཙན་བྱོལ་བོད་གཞུང་གི་ལས་ཁང་ཁག་ལ་ངེས་པར་དུ་ཐབས་ཇུས་ལ་མཁས་པའི་ཤེས་འཇོན་ཅན་གྱི་བོད་མི་མང་པོ་ཡོད་དགོས་པ་འདི་གལ་གནད་ཤིན་ཏུ་ཆེ་བའི་ཛ་དྲག་གི་འོས་འགན་ཞིག་ཏུ་མཐོང་།

    གལ་ཏེ་བཙན་བྱོལ་བོད་གཞུང་གི་ལས་བྱེད་ཚོས་རྙིང་ཞེན་ཕྱོགས་རིས་ཀྱིས། ཐབས་ཇུས་ལ་མཁས་པའི་ཤེས་འཇོན་ཅན་གྱི་བོད་མི་རྣམས་ལ། མཐོང་ཆུང་གིས་མཐོ་གནོན་དང་འབུར་འཇོམས་བྱས་ནས། ལས་གནས་མི་སྤྲད་པ་དང་། ཐབས་ཇུས་གོང་འཕེལ་ཀྱི་བྱ་འགུལ་སྣ་ཚོགས་པ་ཞིག་སྤེལ་མ་བཅུག་ན། ང་ཚོའི་བོད་གཞུང་འདི་སྔར་གྱི་ལོ་རྒྱུས་རྙིང་པ་བཞིན་འཕེལ་མེད་སོར་གནས་དང་། ནུས་མེད་ཉམས་རྒུད་ནས་རྩ་མེད་དུ་འགྲོ་ངེས་ཡིན་པ་ཀུན་གྱི་ཤེས་གསལ་རེད།

    ད་ལྟ་བཙན་བྱོལ་བོད་གཞུང་གིས་ཛ་དྲག་གིས་བསྒྲུབ་དགོས་པའི་བྱ་བ་གལ་ཆེན་ཞིག་ནི། ༼བོད་ཀྱི་ཆེས་མཐོའི་ཐབས་ཇུས་ཞིབ་འཇུག་ལྟེ་གནས༽ ཚད་ལྡན་ཕུན་སུམ་ཚོགས་པ་ཞིག་མྱུར་དུ་གསར་འཛུགས་བྱེད་རྒྱུ་འདི་རེད།

    ཤེས་རབ་གསལ་ཞིང་ཉམས་མྱོང་ཆེ་བའི་བོད་རིགས་ལྷག་བསམ་ཅན་རྣམས། བོད་ཀྱི་ཆེས་མཐོའི་ཐབས་ཇུས་ཞིབ་འཇུག་ལྟེ་གནས་འདིར་གང་འགྱོགས་ཕྱོགས་གཅིག་ཏུ་བསྡུས་ནས། འཆར་གཞི་ཡོད་པའི་སྒོ་ནས་ཉམས་ཞིབ་སྡེ་ཚན་དུ་མ་རྩ་འཛུགས་བྱས་ཏེ། ཞིབ་འཇུག་པ་རྣམས་ཀྱིས་ཉིན་ལྟར་ཆུ་ཚོད་བརྒྱད་རེ། བློ་དང་རིག་པ་སྣ་ཚོགས་པས་བོད་ཀྱི་རྒྱ་ཆེའི་ལས་དོན་སྤྱི་ལ་ཞིབ་དཔྱོད་བྱེད་རྒྱུ་དང་། ཡང་སྐབས་རེ་བློ་སེམས་རྩེ་གཅིག་གིས་ཟབ་མོའི་ལས་དོན་དམིགས་བསལ་ལ་ཞིབ་འཇུག་མཐར་ཕྱིན་པ་བྱས་ནས་ཐབས་ཇུས་ཀྱི་བསྡོམས་རྩིས་ཐོབ་པར་བྱེད་བཅུག་དགོས།

    བོད་ཀྱི་ཆེས་མཐོའི་ཐབས་ཇུས་ཞིབ་འཇུག་ལྟེ་གནས་འདིའི་ལས་འགན་ནི། བོད་དོན་ལེགས་འགྲུབ་ཀྱི་ཐབས་ཇུས་ལ་གནའ་དེང་ཟུང་འབྲེལ་གྱིས་ཞིབ་འཇུག་ལེགས་པར་བྱས་ནས། བོད་གངས་ཅན་ལྗོངས་ཀྱི་རྒྱལ་ཁབ་དང་མི་རིགས་འདིའི། གནས་སྐབས་དང་མཐར་ཐུག་གི་དམིགས་ཡུལ་རྣམས་སྒྲུབ་ཐུབ་པའི་མཐུན་རྐྱེན་དུ། གོ་རིམ་ཡོད་པའི་འཆར་གཞི་དང་། ཕན་ནུས་ཆེ་བའི་ཐབས་ཇུས། སྣ་ཚོགས་མཉམ་འབྲེལ་ཀྱི་ལས་འགུལ་སོགས་དུས་ཐོག་ཏུ་བོད་གཞུང་གི་ལས་རིགས་སོ་སོའི་ལས་བྱེད་པ་རྣམས་ལ་ཐབས་ཇུས་བསླབ་སྟོན་དང་གནས་ཚུལ་མཁོ་འདོན་བྱེད་རྒྱུ་དེ་ཡིན།

    བོད་ཀྱི་ཆེས་མཐོའི་ཐབས་ཇུས་ཞིབ་འཇུག་ལྟེ་གནས་འདིའི་མེད་ན་མི་རུང་བའི་འབྲེལ་ཡོད་ལས་ཁང་གལ་ཆེན་ཞིག་ནི། ཕྱི་ནང་གི་དགོས་ངེས་གནས་ཚུལ་རྣམས་འཚོལ་སྡུད་ཐུབ་པའི་༼བོད་ཀྱི་ཆེས་མཐོའི་གསང་བའི་ལས་ཁང༽ ཞིག་ཡོད་དགོས་ལ། བོད་ཀྱི་ཆེས་མཐོའི་གསང་བའི་ལས་ཁང་འདིས་ངེས་པར་དུ་གནས་ཚུལ་མཁོ་སྤྲོད་བྱེད་ཐུབ་པའི་མི་སྣ་སྤྱང་གྲུང་འཛོམས་པ་མང་པོ་སྦྱོང་བརྡར་བྱས་ནས། རྒྱལ་ཁབ་ཕྱི་ནང་གི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པའམ་སྒེར་བ་རྣམས་དང་། འབྲེལ་བ་མངོན་ལྐོག་གཉིས་ནས་བྱས་ཏེ་འབྲེལ་ཡོད་དགོས་ངེས་ཀྱི་གནས་ཚུལ་རྣམས་དུས་ཐོག་ཏུ་རག་ཐུབ་པ་བྱེད་དགོས།

    ཁྱད་པར་བོད་དོན་འཐབ་རྩོད་ཀྱི་ནུས་ཤུགས་གཅིག་སྒྲིལ་བྱེད་རྒྱུ་ནི། གཙོ་བོ་གཞུང་འཛིན་བཀའ་ཤག་གི་ལས་འགན་གལ་ཆེན་ཞིག་ཡིན་པར་བརྟེན། གཞུང་འཛིན་བཀའ་ཤག་གི་སྒྲོམ་གཞིའི་ནང་དུ་“མཉམ་འབྲེལ་ཆིག་སྒྲིལ་གྱི་ལས་ཁང་” མ་ལག་ཆ་ཚང་བ་ཞིག་གང་མྱུར་གསར་འཛུགས་བྱས་ཏེ། ཕྱོགས་ཡོངས་ནས་མཉམ་འབྲེལ་ཆིག་སྒྲིལ་གྱི་ལས་འགུལ་སྤེལ་ནས་བོད་དོན་འཐབ་རྩོད་ཀྱི་ནུས་ཤུགས་ཆེ་རུ་བཏང་དགོས། མཉམ་འབྲེལ་ཆིག་སྒྲིལ་གྱི་ལས་ཁང་འདིས་ཤེས་ཡོན་ཅན་གྱིས་གཙོས་པའི་བོད་མི་ཡོད་དོ་ཅོག་ལ་བདག་སྐྱོང་དང་། རྒྱུན་དུ་འབྲེལ་བ་ཟབ་མོ་བྱེད་ཐབས་ཀྱི་སྲིད་ཇུས་གསར་བ་ཞིག་གང་འགྱོགས་ཅི་འགྱོགས་ཀྱིས་གཏན་འབེབས་གསལ་པོར་བྱེད་དགོས་པ་དེ་བོད་ཀྱི་སྤྱི་ཚོགས་ལ་མཁོ་བའི་འགན་འཁྲི་གལ་ཆེན་ཞིག་མ་རེད་དམ ?

    ཀྱེ་མ་ད་ལྟ་བོད་གཞུང་ལ་༼ཐབས་ཇུས་ཞིབ་འཇུག་ལས་ཁང་༽ ཞིག་མི་འདུག་ལ་༼མཉམ་འབྲེལ་ཆིག་སྒྲིལ་གྱི་ལས་ཁང་༽ ཡང་མི་འདུག་པས་བོད་དོན་གྱི་་བྱ་བ་ཕན་ནུས་ལྡན་པ་ཞིག་སྒྲུབ་དཀའ།

    དེས་ན་ང་ཚོས་ཞུམ་པ་མེད་པའི་སྙིང་སྟོབས་དང་ལྷག་བསམ་རྣམ་དག་གིས་བོད་གཞུང་ལ་རྒྱབ་སྐྱོར་བྱས་ཏེ་སྔར་ལས་ལྷག་པའི་ཞིབ་འཇུག་དང་། སྔར་ལས་ལྷག་པའི་འཆར་གཞི་དང་། སྔར་ལས་ལྷག་པའི་ཐབས་ཇུས་དང་། སྔར་ལས་ལྷག་པའི་ལས་འགུལ་སྣ་ཚོགས་ཞིག་བོད་འབངས་ཡོངས་ཀྱི་མངོན་འདོད་མ་འགྲུབ་བར་དུ་ཕྱོགས་ཀུན་ནས་གཏིང་ཟབ་སྤེལ་དགོས་སོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese