བཙན་བྱོལ་བོད་མི་ཚོས་ཟླ་འདིའི་ཚེས་ ༡༨ ནས་ཟླ་ ༨ ཚེས་ ༡༨ བར་གྱི་ཟླ་གཉིས་རིང་དུ་ངེས་པར་དུ་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་ཆེད་དུ་དེབ་སྐྱེལ་ཐོ་འགོད་བྱ་དགོས་པར་འདུག
ཕྱི་ཚེས་ ༡༠ ཉིན་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། ངྷ་ས་དབུས་འོས་བསྡུ་ལྷན་ཁང་གིས་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་གསར་འདེམས་བྱ་ཕྱོགས་ཐད་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། མི་མང་གིས་ཐད་ཀར་འོས་འདེམ་གྱི་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་གཉིས་ཀྱི་དངོས་གཞིའི་འོས་བསྡུའི་དུས་ཚེས་ཕྱིར་བསྒྲགས་གནང་ཡོད།
ཉིན་དེར་བོད་མི་ཚོས་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་ཁྲོད་ཆ་ཤས་ལེན་རྒྱུར། ཟླ་འདིའི་ཕྱི་ཚེས་ ༡༨ རེས་གཟའ་པ་སངས་ཉིན་ནས་མགོ་འཛུགས་ཀྱིས་ཟླ་ ༨ ཚེས་ ༡༨ རེས་གཟའ་ལྷག་པ་བར་ཟླ་གཉིས་རིང་དེབ་སྐྱེལ་བྱས་ཚར་དགོས་ཞེས་དང་། ཡང་ད་ལྟ་ནས་དེབ་སྐྱེལ་བྱས་ཀྱང་མི་ཆོག་པ་མེད་ཅེས་གསལ་འགྲེལ་གནང་ཡོད།
དེ་རིང་འདི་གའི་གསར་འགོད་པས་ངྷ་ས་དབུས་འོས་བསྡུ་ལྷན་ཁང་ལ་བཀའ་འདྲི་བརྒྱུད་ཤེས་གསལ་ལྟར་ན། སྐབས་དང་པོའི་བཀའ་བློན་ཁྲི་པའི་འོས་འདེམས་སྐབས། དེབ་སྐྱེལ་བྱེད་མཁན་མི་ ༦༧༣༧༦ བྱུང་བ་དང་། དངོས་གཞིའི་འོས་འཕེན་མཁན་མི་ ༣༥༡༨༤ དང་བརྒྱ་ཆ་ ༥༣་༢༢ ཡིན་འདུག
སྐབས་གཉིས་པའི་བཀའ་ཁྲིའི་འོས་འདེམས་སྐབས་དེབ་སྐྱེལ་བྱེད་མཁན་མི་ ༧༢༧༧༡ བྱུང་བ་དང་། དངོས་གཞིའི་འོས་འཕེན་མཁན་མི་ ༣༢༢༠༥ དང་བརྒྱ་ཆ་ ༤༤་༢༦ ཡིན་འདུག
རོབ་རྩིས་ལྟར་ན་བཀའ་ཁྲིའི་འོས་འདེམས་སྐབས་གཉིས་པའི་སྐབས་སུ་བཙན་བྱོལ་དུ་རང་ལོ་ ༡༨ ཡན་ཟིན་པའི་མི་ ༡༢༠་༠༠༠ ཡིན་པས། བཙན་བྱོལ་བོད་མིའི་མི་འབོར་ལས་དངོས་སུ་འོས་འཕེན་ནང་ཞུགས་མཁན་གྱི་བརྒྱ་ཆ་ ༢༦་༨ མ་གཏོགས་བྱུང་མི་འདུག
གསར་འགོད་པ། ཨ་རིག་འགྱུར་མེད།
ཆ་ཤས་མི་ལེན་མཁན་དག་ལ་ཁྲིམས་དང་སྒྲིགས་གཞིའི་ཐོག་ནས་ཆད་པ་གཅོད་རྒྱུ་ཡོད་པབྱས་ཀྱང་ཕན་ཐོག་མེད།
དཔེར་ན་དུས་ཐོག་དུ་དཔྱ་དངུལ་མ་སྤྲད་ན་སྒོར་གྱི་ཉེས་ཆད་ཡོད་ཀྱང་ཕན་ཐོག་མརེད་པ་འདི་རེད།
ངའི་བསམ་ན་་་་་་་་་འབྲེལ་ཡོད་ལས་བྱེད་པ་དག་གིས་དཔྱ་དེབ་འདིའི་དགེ་མཚན་དང་རང་ཉིད་བོད་མི་མཚོན་བྱེད་ཡིན་ཚུལ་སོགས་མང་ཚཽགས་ལ་འགྲེལ་བཤད་བྱས་དེ་གོ་རྟོགས་མཐོ་རུ་གཏོང་དགོས་བར་སེམས།
འབྲེལ་ཡོད་ལས་ཁུངས་ནས་་་་ཁྱེད་ཅག་གི་འདི་མ་བཟོས་ན་རྗེས་མར་ཕྱི་རྒྱལ་ལ་འགྲོ་དུས་དཀའ་ངལ་ཡོང་གི་རེད་ཟེར་བ་ལས་གཞན་པའི་གལ་ཆེན་ཡིན་ལུགས་གསུངས་རྒྱུ་མེད་པས།མང་དག་ཞིག་ཕྱི་རྒྱལ་ལ་འགྲོ་འདོད་མེད་དུས་དཔྱ་དེབ་དེ་ཕན་མེད་རེད་བསམ་བཞིན་ཡོད།
ང་ཚོ་བཙན་བྱོལ་བོད་མི་ཡོངས་ནས་རང་འཁྲིས་འགན་དེ་ཆུད་སོད་དུ་མ་གཏོང་རོགས་ཞུ་རྒྱུ་དང་། བཙན་བྱོལ་གཞུང་ནས་ཀྱང་རང་བཙན་ལག་དེབ་ལ་ཉམས་ཞིབ་ཀྱིས་འོས་འདུའི་ཆ་ཤས་སླང་ཡོད་མེད་དང་། ཆ་ཤས་མི་ལེན་མཁན་དག་ལ་ཁྲིམས་དང་སྒྲིགས་གཞིའི་ཐོག་ནས་ཆད་པ་གཅོད་རྒྱུ་ཡོད་པ་ཞིག་བྱུང་བ་ཡིན་འོས་འདུའི་ཆ་ཤས་མི་ལེན་པའི་སྐུ་ངལ་སེལ་ཐུབ་སྙམ་མོ།
༄༅།། ཐོག་མར་ཞུ་འདོད་པ་ཞིག་ལ་སྤྲོ་ཚོགས་དགེ་འདུན་དང་རྒྱརྡེའིའུ་དགེ་འདུན་མི་གཅིག་ཡིན།
དེ་ནས་ཨ་རིག་ལགས་ལ་ཞུ་རྒྱུར་ང་ས་གནས་གང་དུ་ཡོད་མེད་གཙོ་བོ་མ་རེད
ངའི་བཤད་པ་བདེན་པ་ཡིན་
དོ་དམ་བྱེད་མི་སུས་ཡིན་ན་དེས་འགེན་ལེན་དགོས་རེད
གཞི་བཅོལ་ས་སམ་ཁུངས་བཙན་པོ་ཡོད
མཚན་གཞུང་དང་དཔྱ་དངུལ་ལག་དེབ་ཨང་གྲངས་གཉིས་ནས་ཁྱད་པར་༢༠༠་ཙམ་ཐོན་ཡོད
འོན་ཀྱང་མི་༢༠༠ཙམ་འདིར་ཡོད་པའི་་ཁ་ཚོན་གཅོད་མི་ཐུབ་ན་ཡང་མ་མཐའ་ཡང་སུམ་ཆ་གཉིས་ལ་དེབ་མེད་ཞེས་བཤད་ཆོག
རེ་བ་ལ་སུ་ལ་འགན་ཡོད་པ་དེས་ཐུགས་འགན་ལེན་རོགས་
སྤྲོ་ཚིགས་དགེ་འདུན་ལགས། ཁྱེད་ད་ལྟ་ཡོད་སའི་ས་གནས་གང་རེད། ཁྱེད་ཀྱིས་གསུངས་བཞིན་པའི་མི་ ༢༠༠ དེ་ས་གནས་གང་དུ་ཡོད། ཁྱེད་ཀྱི་གནས་ཚུལ་འདིའི་ཡོང་ཁུངས་གང་ལ་གཞི་བཅོལ་བ་ཡིན། དེ་གསལ་བོ་དག་པོ་ཞིག་ཤེས་དགོས་འདུག
གལ་ཆེན་པོ་རེད།
འོན་ཀྱང་ད་དུང་green book་མེད་པའི་བོད་མི་ཧ་ཅང་མང་པོ་ཡོད
དེས་ཐོག་དོ་དམ་སུས་གནང་གི་རེད
དཔེར་ན་ས་གནས་འདི་གར་ངའི་ཤིས་གསལ་དེབ་མ་བཟོས་བོད་མི་༢༠༠་ཡོད་ཚོད་རེད
བོད་མི་ཚོས་རིམ་པ་སྒྲིམ་རོགས་གནང་ད་ནི་གནད་འགག་ཆེ་བས་དུས་ཚེས་འདིར་གོ་སྐབས་མ་ཤོར་བ་གནང་རོགས་གནང་།