ཏུན་ཧོང་གཏེར་ཡིག་གི་སྨན་དཔེའི་ཐོག་ཏུ་ཞང་ཞུང་གི་དཔྱད་ཡིག་ལ་དཔེ་བླངས་པ་གསལ་པོར་བྲིས་པ་དེས་རྒྱུ་མཚན་གལ་ཆེན་ཞིག་འགྲེལ་བརྗོད་བྱས་ཡོད་པ་རེད། དེ་བཞིན། ཞང་ཞུང་གི་དཔྱད་ཡིག་དེ་ཞང་ཞུང་གི་ཡི་གེའི་ཐོག་ནས་བྲིས་པ་སྨྲོས་མི་དགོས་ལ། ནང་དོན་ཡང་སྤྱི་ཚོགས་ཀྱི་ནད་རིགས་དང་སྨན་དཔྱད་སོགས་ཡིན་པ་བཤད་མི་དགོས། དེས་ན་ཞང་ཞུང་གི་ཡི་གེ་ཆོས་ཕྱོགས་ཁོ་ན་ལས་སྲིད་ཕྱོགས་ལ་བཀོལ་མི་ཐུབ་པའི་བཤད་སྲོལ་དེར་བརྡ་ལན་གསལ་པོ་ཞིག་སྤྲད་ཡོད་ཟེར།
ཟླ་འདིའི་ཚེས་ ༡༧ ནས་དེ་རིང་ཚེས་ ༢༣ བར་གྱི་བདུན་ཕྲག་གཅིག་རིང་། གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་དགོན་དུ་གཡུང་དྲུང་བོན་གྱི་བགྲོ་གླེང་སྐབས་ ༡༡ པ་དེ་ཚོགས་ཡོད་པ་དང་། དབུ་འཛུགས་མཛད་སྒོའི་སྟེང་སྨན་རིའི་ཁྲི་འཛིན་མཆོག་དང་བཙན་བྱོལ་བོད་གཞུང་གི་ཁྲིམས་ཞིབ་པ་ཟུར་བ་བྱ་དར་བསོད་ནམས་བཟང་པོ། གཡུང་དྲུང་བོན་བཤད་སྒྲུབ་འདུས་སྡེ་ཡི་མཁན་སློབ་རྣམ་གཉིས་དང་དགེ་བཤེས་རྣམ་པ། ཝ་རཱ་ན་སི་མཐོ་སློབ་དང་ཧི་མ་ལ་ཡའི་རི་རྒྱུད། ཅན་ངྷི་སྒར་བཅས་ཀྱི་མཐོ་རིམ་སློབ་མ་བཅས་ཁྱོན་བསྡོམས་མི ༡༥༠ ཙམ་ཚོགས་ཞུགས་གནང་ཡོད་འདུག དབུ་འཛུགས་ཀྱི་ཐོག་མར་སྨན་རིའི་དགོན་པའི་དུས་དེབ་༼ བོན་སྒོ ༽ ཡི་རྩོམ་སྒྲིག་པ་དང་བགྲོ་གླེང་གོ་སྒྲིག་པ་ཁྲི་གཡུང་དྲུང་ལགས་ཀྱིས་གཡུང་དྲུང་བོན་གྱི་བགྲོ་གླེང་སྔ་ཕྱི་ངོ་སྤྲོད་གནང་ཡོད།
ཁྲི་གཡུང་དྲུང་ལགས་ཀྱིས་བོན་གྱི་བསྟན་པ་ལ་བོད་རྒྱལ་གྲི་གུམ་བཙན་པོའི་སྐབས་དང་ཁྲི་སྲུང་སྡེ་བཙན་སྐབས། རིག་གནས་གསར་བརྗེ་སྐབས་བཅས་ཆག་འཇུག་རིམ་པ་གསུམ་བྱུང་ཡང་། ད་ཆར་སྤྱི་ནོར་༧གོང་ས་མཆོག་གི་རླབས་ཆེན་གྱི་ཐུགས་དཀྱེལ་འོག རང་དབང་དང་འདྲ་མཉམ། སོ་སོའི་བསྟན་པར་བདག་གཅེས་དགོས་པའི་ལམ་སྟོན་ལྟར། གང་ཐུབ་ཅི་ནུས་ཀྱིས་གཡུང་དྲུང་བོན་གྱི་བསྟན་པ་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་ལ་ཤུགས་རྒྱག་དགོས་སྐོར་དང་། ཞིབ་འཇུག་པ་དང་ཆེད་མཁས་པ་ཚོས་བོད་ཀྱི་ཆོས་དང་རིག་གཞུང་གི་རྩ་བ་བོན་ལ་ཐུག་ཡོད་པ་དང་། བོན་དེ་བོད་ཀྱི་ཕ་ཆོས་ཡིན་ཚུལ་ལུང་དང་རིག་པས་སྒྲུབ་ཡོང་སྐབས། ཡིན་མདོག་མདོག་གིས་བསྡད་ན་མི་འགྲིག་པར། ཡིན་ན་ཡིན་ལུགས་རྒྱུ་མཚན་བཤད་རྒྱུ་ཡོད་པ་ཞིག་དང་། ཁུངས་སྐྱེལ་ར་སྤྲོད་སྟོན་རྒྱུ་ཡོད་པ་ཞིག་གི་ཐད། འབད་བརྩོན་གནང་དགོས་སྐོར་སོགས་གསུངས་འདུག
བགྲོ་གླེང་གི་ཉིན་དང་པོར་བཤད་སྒྲུབ་མཁན་པོ་དགེ་བཤེས་གཤེན་བསྟན་རབ་གསལ་མཆོག་གིས་༼ སྙིང་པོ་རྣམ་གསུམ་གྱི་ཚིག་འགྲེལ་དང་དེའི་དགོས་པ། ༽ ཞེས་པའི་བརྗོད་གཞིའི་ཐོག་སྐུ་གསུམ་གྱི་སྙིང་པོ་སྤྱི་བྱེ་བྲག་གིས་འགྲེལ་བཤད་གནང་ཡོད་པ་དང་། བགྲོ་གླེང་གི་ཉིན་གཉིས་པར་བཤད་སྒྲུབ་སློབ་དཔོན་དགེ་བཤེས་ཉི་མ་དོན་འགྲུབ་མཆོག་གིས་༼ གཡུང་དྲུང་བོན་གྱི་ཐུན་མོང་མ་ཡིན་པའི་འདོད་སྟངས་དང་ཁྱད་བོན་སྐོར། ༽ ཞེས་པའི་བརྗོད་གཞིའི་ཐད། གཡུང་དྲུང་བོན་གྱི་ཐུན་མོང་མ་ཡིན་པའི་བརྡ་རྟགས་གཡུང་དྲུང་སྐོར་ལ། གཡུང་ཞེས་བྱ་བ་དོན་ལས་མི་གཡོ་བ། དྲུང་ཞེས་བྱ་བ་རྟགས་ལས་མི་འགྱུར་བ། ལོག་ལྟའི་གཉའ་བ་ཅོག་པས་ཆག། ཐར་ལམ་དྲངས་པོར་དཀྲི་བས་ཤིང༌ཞེས་གསུངས། གཡུང་དྲུང་བོན་གྱི་ཐུན་མོང་མ་ཡིན་པ་གོས་སླག་སྔོན་པོ་བྱེད་དགོས་པའི་དོན། བོན་མི་འགྱུར་བའི་རྟགས་ལྔ་དང་འབྲེལ་ནས་བཤད་ན། དགུན་གྱི་རྒྱལ་མོ་བསེན་དུ་བཟུང་ནས། གངས་དཀར་པོ་དབྱར་མི་བཞུ་བ། གཡུང་དྲུང་གི་བོན་དུས་གསུམ་དུ་མི་འགྱུར་བའི་རྟགས། དབྱར་གྱི་རྒྱལ་མོ་བསེན་དུ་བཟུང་ནས། རྒྱ་མཚོའི་འབྲི་མིག་དང་ཆུ་མིག་དགུན་མི་འཁྱག་པ། གཡུང་དྲུང་གི་བོན་དུས་གསུམ་དུ་མི་འགྱུར་བའི་རྟགས། ཤིང་ཤུགས་པ་ལ་ཞལ་གྱི་ངད་པ་ཧ་བྱས་པས། ཤིང་ལ་བདུད་རྩི་ཆགས་ཏེ། ཤུག་པ་དབྱར་སྔོ་དགུན་སྔོ་དབྱར་རློན་དགུན་རློན་པ། གཡུང་དྲུང་གི་བོན་དུས་གསུམ་དུ་མི་འགྱུར་བའི་རྟགས། མཚེ་ལ་ལྗགས་ཀྱི་འཆིལ་མ་བཏབ་པས་བདུད་རྩི་ཆགས་ཏེ། མཚེ་དབྱར་སྔོ་དགུན་སྔོ་དབྱར་རློན་དགུན་རློན་པ། གཡུང་དྲུང་གི་བོན་དུས་གསུམ་དུ་འགྱུར་བ་མེད་པའི་རྟགས། གཤེན་རབ་ཀྱི་རྫུ་འཕྲུལ་གྱི་སྐུ་གཡུ་བྱ་ཁུ་བྱུག་ཏུ་སྤྲུལ་པས། བོན་པོས་གོས་ལག་སྔོན་པོར་བྱེད་པ་ཡང༌། གཡུང་དྲུང་གི་བོན་དུས་གསུམ་དུ་འགྱུར་བ་མེད་པའི་རྟགས་སོ། ཞེས་ངོ་སྤྲོད་གནང་ཡོད་འདུག
ཉིན་གསུམ་པར་སྣང་རྒྱལ་དགེ་བཤེས་ཤེས་རབ་དགེ་ལེགས་མཆོག་གིས་༼ ཞང་ཞུང་གི་སྐད་ཡིག་བྱུང་རབས་དང་དེའི་དགེ་མཚན། ༽ ཞེས་པའི་བརྗོད་གཞི་ལས་སྨར་ཡིག་གི་བྱུང་རིམ་ཐད། མདོ་གཟེར་མིག་དང་དྲི་མེད་གཟི་བརྗིད་གཉིས་ལས་གང་གསལ་བ་རྣམས་ཡོངས་ཁྱབ་ཀྱི་བཤད་སྟངས་ཤིག་ཏུ་གྱུར་བར་བརྟེན་ནས་ཆུ་མགོ་གཅིག་པའི་ཆུ་ཕྲན་ལྟ་བུར་སོང་བ་རེད། སྟོན་པས་ཡི་གེའི་རྣམ་གཞག་མ་མཛད་པའི་སྔོན་དུ་བོད་ལ་ཡི་འབྲུ་འབུམ་གཉིས་དང་ཁྲི་གཅིག་ཡོད་པ་ལས། བདུད་ཁྱབ་པས་གཏོ་ཡི་བཀའ་སྒྲོམ་མེ་ལ་བསྲེགས་པའི་རྗེས་སུ་སྟོན་པས་དཔའ་བོ་འབྲུ་ལྔ་གཞི་རྩར་བཞག་སྟེ། འཕྲུལ་ཡིག་བཞི་བཅུའམ་ངེས་པའི་ཐོ་ཡིག་བཞི་བཅུ་གཏན་ལ་ཕབས། དེ་ཡང་འབྱུང་ཆེན་དང་འབྱུང་ཆུང་གི་ཁམས་གཉིས་སུ་དབྱེ་བར་མཛད། སྐབས་དེར་ཕོ་མོ་མ་ནིང་གི་དབྱེ་བ་ཕྱེས་མེད་ཀྱང་། སྒྲའི་སྐྱེ་གནས་དང་སྒྲ་དྲག་ཞན་གྱི་དབང་གིས་འབྱུང་ཆུང་ལྔའི་དབྱེ་བ་མཛད་ཡོད་། དོན་གྱི་ཆ་ནས་ཀྱང་མིང་དུ་ཕོ་མོ་མ་ནིང་ཞེས་བཏགས་མ་བཏགས་ཙམ་མ་གཏོགས། དབྱེ་བ་འབྱེད་པའི་རྒྱུ་མཚན་ལ་གཞི་རྩའི་ཆ་ནས་ཁྱད་པར་གང་ཡང་མེད། ཡིག་གཟུགས་དེ་ལ་བརྟེན་ནས་རིམ་བཞིན་ཡིག་གཟུགས་སྣ་ཚོགས་འཕེལ་རྒྱས་བྱུང་སྟེ་ད་ལྟའི་དབུ་ཅན་དང་དབུ་མེད་སོགས་ཀྱི་འབྲི་སྲོལ་འདི་བྱུང་། ལོ་རྒྱུས་མཁན་པོ་མང་པོ་ཞིག་གིས་འདི་ལ་ལྡོག་ཕྱོགས་ཀྱི་ལྟ་སྟངས་ཤིག་བཟུང་ཞིང་། ཡོངས་གྲགས་སུ་གྱུར་པའི་ལྟ་སྟངས་དེ་དུས་རབས་བཅུ་གཅིག་པའི་སྐབས་ནས་དར་སྲོལ་ཅན་དུ་གྱུར་འདུག འོན་ཀྱང་ཕྱིས་སུ་ཞིབ་འཇུག་གི་གནད་འགག་འགའ་རེ་དང་ས་འོག་ནས་ཐོན་པའི་གནའ་བོའི་དངོས་རྫས་སོགས་ལ་བརྟེན་ནས་བོད་རང་ལ་མ་མཐའ་ཡང་ལོ་བཞི་སྟོང་གི་སྔོན་ནས་ཡི་གེ་ཡོད་པ་གསལ་པོར་གྱུར། འོན་ཀྱང་ང་ཚོས་གསལ་པོར་ཤེས་དགོས་པ་ཞིག་ནི་ཐོག་མར་འདི་ལ་སྨར་ཡིག་ཅེས་མིང་བཏགས་མེད་ལ། སྟོན་པས་ཀྱང་དེ་ལྟར་བཏགས་མི་འདུག དེས་ན་མིང་འདི་ཕྱིས་སུ་བཏགས་པ་ཞིག་ཡིན་པར་ཐེ་ཚོམ་མི་དགོས། ཅེས་དང་།
ཁོང་གིས་མུ་མཐུད་དུ་སྨར་ཡིག་གི་རང་བཞིན་སྐོར་ལ། སྨར་ཡིག་ལ་ཁྱད་བོན་ཇི་འདྲ་ཞིག་ཡོད་མེད་ལ་བཤད་སྲོལ་འདི་འདྲ་ཞིག་ཡོད་དེ། ཆོས་ཕྱོགས་ཁོ་ན་ལས་སྲིད་ཕྱོགས་ལ་བཀོལ་སྤྱོད་བྱེད་རྒྱུའི་ནུས་པ་མེད་པ་དཔེར་ན་ཟ་ལར་གྱི་ཡི་གེ་དང་མཚུངས་པར་བཤད། དེ་ལྟར་ན་ཞང་ཞུང་གི་སྲིད་ལུགས་ཀྱི་ལོ་རྒྱུས་རྣམས་སྐབས་ཐོག་དེར་ཡིག་ཐོག་ཏུ་འགོད་ཐུབ་ཐབས་མེད་པ་ཞིག་རེད། མིག་སྔར་ང་ཚོས་མཐོང་དུ་ཡོད་པའི་ཞང་ཞུང་གི་ལོ་རྒྱུས་ཡིག་ཆ་རྣམས་དུས་རབས་བཅུ་གཅིག་ཡན་ཆད་དུ་འདེད་ཐུབ་པ་ཞིག་མེད་པས་རྐྱེན་གྱིས་བཤད་སྟངས་འདི་ལ་རྒོལ་རྒྱུའི་ནུས་པ་མེད་ནའང་། ཏུན་ཧོང་གཏེར་ཡིག་ནས་ཐོན་པའི་སྨན་དཔེའི་ཐོག་ཏུ་ཞང་ཞུང་གི་དཔྱད་ཡིག་ལ་དཔེ་བླངས་པ་གསལ་པོར་བྲིས་པ་དེས་རྒྱུ་མཚན་གལ་ཆེན་ཞིག་འགྲེལ་བརྗོད་བྱས་ཡོད་པ་རེད། དེ་བཞིན། ཞང་ཞུང་གི་དཔྱད་ཡིག་དེ་ཞང་ཞུང་གི་ཡི་གེའི་ཐོག་ནས་བྲིས་པ་སྨྲོས་མི་དགོས་ལ། ནང་དོན་ཡང་སྤྱི་ཚོགས་ཀྱི་ནད་རིགས་དང་སྨན་དཔྱད་སོགས་ཡིན་པ་བཤད་མི་དགོས། དེས་ན་ཞང་ཞུང་གི་ཡི་གེ་ཆོས་ཕྱོགས་ཁོ་ན་ལས་སྲིད་ཕྱོགས་ལ་བཀོལ་མི་ཐུབ་པའི་བཤད་སྲོལ་དེར་ཡང་བརྡ་ལན་གསལ་པོ་ཞིག་སྤྲད་ཡོད། ཅེས་བསྟན་འདུག
ཉིན་བཞི་བར་དགེ་བཤེས་སྦྱིན་པ་ཚེ་བརྟན་ལགས་ཀྱིས་ ༼ རླང་རྟ་དང་དར་ལྕོགས་ལས་འཕྲོས་ཏེ་བོན་གྱི་རིག་གཞུང་སྐོར་བཤད་པ། ༽ ཞེས་པའི་བརྗོད་གཞིའི་ཐོག་གསུངས་བཤད་གནང་སྐབས། གནའ་སྲོལ་བོན་གྱི་ཐུན་མིན་རིག་གཞུང་རླུང་རྟའི་འབྱུང་ཁུངས་དང་། རྒྱུད་རིམ་ནི་སྟོན་པས་བྲག་སེང་གེ་རྒྱབ་བསྣོལ་དུ་གསལ་བ་འོད་ལྡན་སོགས་ལ་གསུངས་ཤིང་། གཡུང་དྲུང་གཙུག་གཤེན་རྒྱལ་བ་ནས་རིམ་པས་བོད་རྒྱལ་མུ་ཁྲི་བཙན་པོ་སོགས་ལ་བརྒྱུད་རྟག་གཟིགས་ནས་བོད་དུ་དར་འཕེལ་བྱུང་བ་རེད། ཅེས་དང་དར་ལྕོག་ཐད། བོད་མིའི་སྐྱ་སེར་ཐུན་མོང་གི་སྤྱི་ཚོགས་ཁྲོད་གཤིན་དགེ་དང་གསོན་རིམ་ཆེད་ཆེས་དར་ཁྱབ་ཆེ་བའི་དར་ལྕོག་ལག་ལེན་གྱི་བྱུང་ཁུངས་དང་རྒྱུད་རིམ་ནི། སྟོན་པས་སྒྲིབ་སྦྱོང་དང་རྐྱེན་སེལ་ཆེད་མངོ་གཟུངས་ཀྱི་བོན་སྡེ་བསམ་ཀྱིས་མི་ཁྱབ་པ་གསུངས་པ་རྣམས་ད་བར་བོན་གཤེན་རིག་འཛིན་རྣམས་ཀྱིས་གཅིག་ནས་གཅིག་བརྒྱུད་དེ་སྲོལ་མ་ཉམས་པར་གནས་པ་རེད། ཅེས་དང་། ཡང་ཕྱི་ཚེས་ ༢༢ ཉིན་བོད་མི་མང་སྤྱི་འཐུས་དང་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་༼ ཉེ་བའི་དུས་རབས་ནང་བོད་གཞུང་དང་བོན་གྱི་འབྲེལ་བའི་སྐོར་གྱི་ས་བོན ༽ ཞེས་པའི་བརྗོད་གཞིའི་ཐོག བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་རྒྱལ་སྲིད་ལུགས་གཉིས་འབྲེལ་གྱིས་དར་རྒྱས་སུ་སོང་བའི་སྤྱི་བཤད་དང་། བོད་སིལ་བུར་ཐོར་རྗེས་ས་སྐྱ་དང་ཕག་གྲུ། རིན་སྤུངས་པ། སྡེ་སྲིད་གཙང་པ་བཅས་ཀྱི་དབང་སྒྱུར་སྐབས་བོད་གཞུང་དང་བོན་གྱི་འབྲེལ་བའི་སྐོར། དེ་བཞིན་ ༡༦༣༤ ལོ་ནས་དགའ་ལྡན་ཕོ་བྲང་བའི་དབང་སྒྱུར་རིང་གི་བོད་གཞུང་དང་བོན་གྱི་འབྲེལ་བ། ༧རྒྱལ་དབང་ལྔ་བ་ཆེན་པོས་བོན་ཐོག་གཟུགས་ཚུལ་བཅས་ངོ་སྤྲོད་གནང་ཡོད་འདུག
དེ་རིང་གཡུང་དྲུང་བོན་གྱི་བགྲོ་གླེང་མཇུག་སྒྲིལ་མ་ཐག འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བགྲོ་གླེང་གཙོ་སྐྱོང་བ་ཁྲི་གཡུང་དྲུང་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། ང་ཚོའི་སྨན་རི་དགོན་པར་དགེ་འདུན་པ་ ༤༠༠ ལྷག་ཡོད་ཅིང་། བཤད་སྒྲུབ་འདུས་སྡེ་ཞིག་དང་སྒྲུབ་སྡེ་ཅིག་བཅས་ཡོད། གཡུང་དྲུང་བོན་གྱི་བགྲོ་གླེང་འདི་ཐོག་མར་ཕྱི་ལོ་ ༢༠༠༠ ལ་མགོ་བཙུགས་པ་རེད། མཐོ་སློབ་ཁག་སློབ་ཕྲུག་ཚོར་དམིགས་ཏེ། གུང་གསེང་དང་སྟབས་བསྟུན་ལོ་ལྟར་བདུན་ཕྲག་གཅིག་རིང་གོ་སྒྲིག་ཞུ་བཞིན་ཡོད། བགྲོ་གླེང་གི་བརྗོད་གཞིའི་ཐད་སྨན་རིའི་ཁྲི་འཛིན་མཆོག་གི་ལམ་སྟོན་ལྟར། བོན་དང་འབྲེལ་བའི་རིག་གནས་སྤྱི་དང་། ཞང་ཞུང་གི་ལོ་རྒྱུས་དང་སྐད་ཡིག་བཅས་ཀྱི་སྐོར་ལ་མཁས་དབང་གདུན་ཞུས་ཀྱིས་བགྲོ་གླེང་གནང་གིན་ཡོད། སྔར་ལོ་ནས་རྩོམ་ཡིག་འགྲན་བསྡུར་དང་ཡིག་གཟུགས་འགྲན་བསྡུར་བཅས་ཀྱང་ཁ་སྣོན་བྱས་ཡོད། ད་ལོའི་སྐབས་བཅུ་གཅིག་པ་དེ་ཕྱི་ཚེས་ ༡༧ ཉིན་མགོ་འཛུགས་བྱས་ཏེ། དེ་རིང་ཉིན་གུང་ཡོངས་སུ་མཇུག་སྒྲིལ་བ་རེད། ད་ལོ་གདན་ཞུའི་མཁས་དབང་རྣམ་པའི་གསུང་བཤད་དང་། བགྲོ་གླེང་ཚོགས་ཞུགས་པའི་གྲངས་འབོར་སོགས་ཕྱོགས་ཡོངས་ནས་ཡར་རྒྱས་ཀྱི་རྣམ་ཆེན་པོ་འདུག ཅེས་ངོ་སྤྲོད་གནང་སོང་།
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།
མེག་རྒན་ལགས། བྲེལ་འཚུབ་ཀྱི་དབང་གིས་ཉིན་འགར་དྲྭ་ཚིགས་འདིར་ཉུལ་ཐུབ་མ་བྱུང་བས་དགོངས་འགལ་མེད་པར་ཞུ།
བོན་པོའི་གཞུང་ལུགས་ཡིན་ན་གཏེར་ནས་བྱོན་པ་ཡིན་པའི་ངེས་པ་མེད། གཏེར་དུ་མ་སོང་བའང་གང་མང་ཡོད།
ཉེ་ལམ་བོན་པོའི་དཔེ་རྙིང་སྙེད་ས་དེ་ད་ལྟའི་ཆར་ཀཱན་སུའི་རུ་འབོད་པའི་ཡུལ་ནས་རྙེད་པ་དང་རྒྱ་ནག་དྲ་རྒྱ་བོད་ཀྱི་གནས་ཚུལ་ཞབས་ཞུ་ (china’s online Tibet news service) ཁ་བྱང་འདི་ལྟར་ཁོད་པའི་ནང་ eng.tibet.cn ཕྱི་ལོ་༢༠༡༠ ཟླ་བ་ ༧ ཚེས་ ༡༣ ཉིན་གོང་གི་གནས་ཚུལ་སྤེལ་འདུག
གནས་ཚུལ་འདིས་བརྗོད་གསལ་ལྟར་ན་ད་ལན་དཔེ་རྙེད་འདི་ནི་ཤིན་ཏུ་རིན་ཐང་ཆེ་ལ་བོད་ཀྱི་ལོ་རྒྱུས་སྟེང་ཆེས་གལ་ཆེན་ཡིན་པ་སོགས་ཀྱི་གནས་ཚུལ་ཁོད་ཡོད་འདུག དེ་གའི་དགེ་འདུན་པ་རྣམ་པས་གསུང་པ་ལྟར་ན་དཔེ་རྙིང་དེའི་ནང་གི་བརྗོད་བྱ་ནི་གནའ་བོའི་བོད་ཀྱི་ཆོ་གའི་ལག་ལེན་དང༌། བོད་མིའི་ལོ་རྒྱུས། གོམས་གཤིས་བཅས་ཀྱི་སྐོར་ལ་ཡིན་པ་དང༌། ཡིག་ཆ་དེ་དག་ནི་རིན་ཐང་ཆེ་ལ། ཆེས་དཀོན་པའི་དུས་རབས་བར་མའི་བོད་ཀྱི་སྐད་ཡིག་དང༌། བོན་གྱི་ལྟ་གྲུབ། སྨན། རྩིས། ཡི་གེའི་གཟུགས་རིས་སྐོར་ལ་སློབ་སྦྱོང་བྱ་རྒྱུའི་རྒྱུ་ཆ་གལ་ཆེན་ཡིན་པ་འགྲེལ་བརྗོད་བྱས་གནང་འདུག
གནས་ཚུལ་འདིས་བརྗོད་གསལ་ལྟར་ན། སྔོན་ཏུན་ཧོང་ནས་བོན་དཔེ་ཁ་ཤས་རྙེད་པའི་རྗེས། ད་ལན་གྱི་ཀན་སུའུ་ཞིང་ཆེན་ནང་བོན་པོའི་དཔེ་ཆ་རྙེད་པ་འདི་གྲངས་འབོར་ཆེ་ལ་ཤིན་ཏུ་ནས་གཅེས་སྐྱོང་ཡག་པོ་གནང་ཡོད་པ་ཁོད་འདུག ཡང་སྐྱར་གནས་ཚུལ་འདིའི་ནང་དུ་ཁོད་གསལ་ལྟར་ན། དཔེ་རྙིང་གི་ཡི་གེ་རྣམས་གནའ་བོའི་བསྡུ་ཡིག་རྙིང་པའི་ནང་བྲིས་ཡོད་པ་དང༌། ཡིག་གཟུགས་རྣམས་ནི་ཤིན་ཏུ་མངོན་གསལ་དོད་ལ། ཧ་ལམ་མདང་དགོང་བྲིས་ཡོད་པ་དང་འདྲ། དཔེ་ཆའི་ནང་གི་རི་མོ་རྣམས་ད་དུང་ཚོན་མདངས་བཀྲག་མོ་ཡོད་པ་དང༌། ལྡེབ་མ་རྣམས་ཁམས་གཙང་ཞིང་གནའ་རྙིང་རྒྱུ་ཆ་གང་ཞིག་ལ་རྒྱས་སྤྲོས་མེད་པ་ཞིག་ཡོད་པ་ཡང་བྲིས་འདུག དཔེ་ཆ་དེ་དག་གི་རྩོམ་འགྲོས། ཚིག་བེད་སྤྱོད་བྱེད་སྟངས། ཤོག་བུའི་རྒྱུ་ཆ་དང་དེ་མིན་རྣམ་པ་གཞན་ངོས་མང་པོ་ནས་བསམ་ན་དཔེ་ཆ་དེ་དག་དུས་རབས་དགུ་པ་ནས་བཅུ་གཅིག་བར་བྲིས་ཡོད་པར་ཡིད་ཆེས་གནང་མུས་ཡིན་པ་ཁོད་འདུག
ཁོ་བོས་ཞང་ཞུང་གི་དཔྱད་ཡིག་གླེང་བ་དེ་ཁྲི་སྲོང་གི་སྔོན་ནས་བོད་ལ་གཞུང་ལུགས་ཡོད་པ་སྟོན་པའི་ཕྱིར་དུ་གླེང་བ་ལས་བོན་པོའི་གཞུང་ལུགས་ཡིན་པར་བརྗོད་པ་མིན། འོན་ཀྱང་བོན་པོའི་ལོ་རྒྱུས་ཁྲོད་དུ་ཞང་ཞུང་གི་གསོ་བ་རིག་པའི་ཁུངས་གཏུགས་ས་སྟོན་པ་གཤེན་རབ་ཀྱི་སྲས་དཔྱད་བུ་ཁྲི་ཤེས་ལ་གཏུགས་ཡོད་ཅིང་། དཔྱད་བུ་ཁྲི་ཤེས་ལ་སྟོན་པས་གཉེར་གཏད་བྱས་པའང་བཀོད་ཡོད།
ཁྲི་སྲོང་གིས་བོན་བསྣུབས་ཡོད་མེད་ལ་བོན་གྱི་ལོ་རྒྱུས་ཁག་ཁ་གཅིག་གྲགས་ལྟ་བུ་རེད། འོན་ཁྱོད་ཀྱིས་བཤད་པའི་ཡི་གེ་དེ་འདྲ་ཡོད་ན་ནི་ངེས་དོ་སྣང་བྱེད་དགོས་པ་ཞིག་རེད། རྡོ་རིང་གི་ཡི་གེར་དེ་ལྟར་མ་བྱུང་བ་ནི་ཁག་མེད་པ་ཞིག་ཡིན་ཏེ། རྡོ་རིང་འདི་རྒྱལ་ཁབ་གཉིས་ཀྱི་བར་དང་ཡང་བཙན་པོའི་བང་སོ་བྱས་རྗེས་ཅན་གྱི་བློན་པོ་དང་དམག་དཔོན་སོགས་ཀྱི་ཆེད་དུ་བྱས་པ་ཡིན་པས་བོད་ཀྱི་ལོ་རྒྱུས་ཐར་ཐོར་རེ་གླེང་ཡོད་ན་ལས་ཞིབ་ཚགས་པོ་དེ་འདྲ་གླེང་མེད་ལ་གླེང་བའི་སྐབས་ཀྱང་མ་ཡིན་སྙམ། ཕྱོགས་གཞན་ཞིག་ནས་བཤད་ན་སྐབས་དེར་བོན་པོ་ནུས་ཞན་དུ་གྱུར་ཟིན་པས་གླེང་རིན་མེད་པར་བརྩིས་པའང་ཨེ་ཡིན་སྙམ།
ངའི་བསམ་པར། བོད་རང་གི་ས་ནས་དར་ཞིང་ཕ མེས་ཡང་མེས་ཚོས་ལོངས་སུ་སྤྱད་པའི་ཆོས་ལུགས་ལ་ཕ་ཆོས་ཞེས་བཏགས་ན་ཆོག་པར་སྙམ། དེར་བརྟེན་ཁོ་བོས་གཡུང་དྲུང་བོན་འདི་བོད་ཀྱི་ཕ ཆོས་རེད་ཅེས་བཤད་པ་ཡིན།
ཤེར་དགེ་ལགས། ངས་ཐོག་མ་ཉིད་ནས་དྲི་བ་ཞིག་དྲིས་ཡོད་ དེ་ནི་ བོད་ཀྱི་ཕ་ཆོས་ཞེས་པ་དི་ག་འདྲ་ཅིག་ལ་གོ་དགོས་པ་རེད????? དེ་ནས་ང་ཚོས་གུ་དོགས་པའི་ལྟ་བ་སྤངས་ཏེ་བགྲོ་གླིང་བྱེད་དོ། གལ་སྲིད་ལན་མེད་ན་ཆོ་མེད་པའི་སྐད་ཆ་བཤད་འདོད་མེད་ དབེ་མོ།། ངས་སྲ་བྲིསཔའི་མཆན་ལ་ཡང་སྐྱར་ཅིག་གཟིགས།། །།
དྲ་ཁང་ཞིག་ནས་བྲེལ་འཚུབ་ངང་བྲིས་པ་ཡིན་པས་གོང་དུ་བཀོད་པའི་དྲི་ཚིག་ཁག་གི་ནང་ཡིག་ནོར་དང་ཆད་སྐྱོན་མང་པོ་ཤོར་འདུག་པས་སྣང་རྒྱལ་ཤེར་དགེ་ལགས་ཀྱི་གཙོས་ཀློག་པ་པོ་རྣམས་ལ་དགོངས་དག་ཞུ་བཞིན་འདིར་ནོར་བཅོས་བྱས་ནས་བཀོད་ཡོད། སྣང་རྒྱལ་ཤེར་དགེ་ལགས། ཕྲན་གྱི་དོགས་པར་ལན་གནང་པ་ཐུགས་རྗེ་ཆེ། ད་དུང་ཕྲན་ལ་འདིའི་སྐོར་གྱི་དོགས་པ་འགའ་ཞིག་འདུག་པ་འདི་ལྟར། གོ་ཐོས་ལ་བོན་པོའི་གཞུང་ལུགས་རྣམས་གཏེར་ནས་བྱོན་པ་ཤ་སྟག་རེད་ཟེར་མཁན་མང་པོ་འདུག་དེ་བདེན་ནམ། ཉེ་ལམ་བོན་པོའི་གཞུང་མང་པོ་རྙེད་པ་ཉིད་ཀྱི་གསུང་གནང་པ་ས་ཆ་གང་ནས་རྙེད་དང་། ཅི་ལྟར་རྙེད་པ། དེ་དག་གི་ཡིག་གཟུགས་དང་རྗོད་ཚིག་ནང་དོན་རྣམས་ངོ་སྤྲོད་ཐུང་ངུ་རེ་གནང་ན་མང་པོ་ཞིག་ལ་ཕན་རྒྱུ་རེད། ཉིད་ཀྱི་ཞང་ཞུང་དཔྱད་ཡིག་ཅེས་པ་བོན་གྱི་གཞུང་ལུགས་ཤིག་ཡིན་པར་གསུངས་གནང་འདུག་མོད། ཞང་ཞུང་གི་རིག་གནས་ཡིན་ན་བོན་ཡིན་ངེས་ཀྱི་སྒྲུབ་བྱེད་ཅི་ལྟར་བརྗོད་དགོས་པ་རེད། བཙན་པོ་ཁྲི་སྲོང་བོན་སྣུབ་མཁན་གྱི་གཙོ་བོ་རེད་ཅེས་བན་བོན་གཉིས་ཆར་གྱིས་བཤད་མོད། ཕྱིས་སུ་གཏེར་ནས་བཏོན་པ་མ་ཡིན་པའི་མཁན་སློབ་ཆོས་གསུམ་གྱི་གཞུང་ཚད་ལྡན་ཞིག་ན་བོན་བཀག་ཡོད་ས་གཅིག་ཀྱང་མེད་པ་འདྲ་བར་མ་ཟད། ཁྲི་སྲོང་ཡབ་སྲས་ཀྱི་དམ་པའི་ཆོས་ཀྱི་བཀའ་གཙུགས་རྡོ་རིང་གང་ན་ཡང་བོན་ཅེས་པའི་ཆོས་ལུགས་ཀྱི་མིང་ཙམ་ཡང་མེད་ན་ཁྲི་སྲོང་གིས་བོན་དགག་པ་རེད་ཅེས་ལོ་རྒྱུས་རིག་པའི་སྒོ་ནས་འགྲེལ་བཤད་ཅི་ལྟར་བྱེད། ད་དུང་དྲི་བ་ཆུང་ཆུང་ཞིག་ལ་ཕ་ཆོས་ཞེས་པ་བོད་ཀྱི་ཐོག་མའི་ཆོས་ལུགས་ལ་ཟེར་དགོས་ན་གཡུང་དྲུང་བོན་འདི་ཡང་ཕ་ཆོས་ཞིག་ཏུ་འཇོག་དཀའ་བར་སྣང་མོད། གང་ལྟར་བོད་ཀྱི་རིག་གནས་ཤིག་ཡིན་པའི་ཁྱད་པར་ཆེན་པོ་ཅང་མི་འདུག སྣང་རྒྱལ་ཤེར་དགེ་ལགས་ཀྱིས་ལན་གནང་སྟངས་ཡག་པོ་ཞེ་དྲག་ཡིན་པས་ལེགས་བཤད་ཀྱི་རོ་མྱོང་བར་འདོད་ནས་དྲི་བ་འདི་དག་ཕུལ་བ་ཡིན་མོད། ཞོར་དུ་གཞན་ལ་ཕོག་ཐུག་འདྲ་ཤོར་ཡོད་ན་བཟོད་གསོལ་ཞུ་ཆོག བཀའ་ལན་དག་ཏུ་གཏེར་མ་རྣམས་ཁུངས་སུ་མི་བྱ་རྒྱུ་ངས་རེ་བ་ཡིན།
སྣང་རྒྱལ་ཤེར་དགེ་ལགས། ཕྲན་གྱི་དོགས་པར་ལན་གནང་པ་ཐུགས་རྗེ་ཆེ། ད་དུང་ཕྲན་ལ་འདིའི་སྐོར་གྱི་དོགས་པ་འགའ་ཞིག་འདུག་པ་འདི་ལྟར། གོ་ཐོས་ལ་བོན་པོའིས་གཞུང་ལུགས་རྣམས་གཏེར་ནས་བྱོན་པ་ཤ་སྟག་རེད་ཟེར་མཁན་མང་པོ་འདུག་དེ་བདེན་ནམ། ཉེ་ལམ་བོན་པོའི་གཞུང་མང་པོ་རྙེད་པ་ཉིད་ཀྱི་གསུང་གནང་པ་ས་ཆ་གང་ནས་རྙེད་དང་། ཅི་ལྟར་རྙེད་པ། དེ་དག་གི་ཡིག་གཟུགས་དང་རྗོད་ཚིག་ནང་དོན་རྣམས་ངོ་སྤྲོད་ཐུང་ངུ་རེ་གནང་མང་པོ་ཞིག་ལ་ཕན་རྒྱུ་རེད། ཉིད་ཀྱི་ཞང་ཞུང་དཔྱད་ཡིག་ཅེས་པ་བོན་གྱི་གཞུང་ལུགས་ཤིག་ཡིན་པར་གནང་འདུག་མོད། ཞང་ཞུང་གི་རིག་གནས་ཡིན་ན་བོན་ཡིན་ངེས་ཀྱི་སྒྲུབ་བྱེད་ཅི་ལྟར་བརྗོད་དགོས་པ་རེད། བཙན་པོ་ཁྲི་སྲོང་བོན་བསྣུབས་མཁན་གྱི་གཙོ་བོ་རེད་ཅེས་བན་བོན་གཉིས་ཆར་གྱིས་བཤད་མོད། ཕྱིས་སུ་གཏེར་ནས་བཏོན་པ་མ་ཡིན་པའི་མཁན་སློབ་ཆོས་གསུམ་གྱི་གཞུང་ཚད་ལྡན་ཞིག་ན་བོན་བཀག་ཡོད་གཅིག་ཀྱང་མེད་པ་འདྲ་བར་མ་ཟད། ཁྲི་སྲོང་ཡབ་སྲས་ཀྱི་དམ་པའི་ཆོས་ཀྱི་བཀའ་གཙུགས་ཀྱི་རྡོ་རིང་གང་ན་ཡང་བོན་ཅེས་པའི་ཆོས་ལུགས་ཀྱི་མིང་ཙམ་ཡང་མེད་ན་ཁྲི་སྲོང་གིས་བོན་དགག་པ་རེད་ཅེས་ལོ་རྒྱུས་རིག་པའི་སྒོ་ནས་འགྲེལ་བཤད་ཅི་ལྟར་བྱེད། ད་དུང་དྲི་བ་ཆུང་ཆུང་ཞིག་ལ་ཕ་ཆོས་ཞེས་པ་བོད་ཀྱི་ཐོག་མའི་ཆོས་ལུགས་ལ་ཟེར་དགོས་ན་གཡུང་དྲུང་བོན་འདི་ཡང་ཕ་ཆོས་ཞིག་ཏུ་འཇོག་དཀའ་བར་སྣང་མེད། གང་ལྟར་བོད་ཀྱི་རིག་གནས་ཤིག་ཡིན་པའི་ཁྱད་པར་ཆེན་པོ་ཅང་མི་འདུག སྣང་རྒྱལ་ཤེར་དགེ་ལགས་ཀྱི་ལན་གནང་སྟངས་ཡག་ཞེ་དྲག་ཡོད་པས་ལེགས་བཤད་ཀྱི་རོ་མྱོང་འདོད་ཀྱིས་དྲི་བ་འདི་དག་ཕུལ་བ་ཡིན་མོད། ཞོར་དུ་གཞན་ལ་ཕོག་ཐུག་འདྲ་ཤོར་ཡོད་ན་བཟོད་གསོལ་ཞུ་ཆོག བཀའ་ལན་དག་ཏུ་གཏེར་མ་རྣམས་ཁུངས་སུ་མི་བྱ་རྒྱུ་ངས་རེ་བ་ཡིན།
ཕ་ཆོས་ལ་ཕྲག་ཏོག་ཡོད་མཁན་ག་ཚོད་ཡོད་ཀྱང་ཕེབས་ཤོག་དཱ་ང་ཚོ་མཉམ་ཏུ་བགྲོ་གླེང་བྱ་ན་འགྲིག་ལ་རྩོད་པ་བརྒྱག་ན་བརྒྱག་ཆོག
ཉེ་ཆར་ས་འོག་ནས་རྙེད་པའི་བོན་པོའི་དཔེ་ཆ་པོད་ལྔ་བརྒྱ་ཙམ་འདུག་པ་དེ་དག་ལས་འགའ་ཞིག་ལ་མ་མཐའ་ཡང་དུས་རབས་དགུ་བ་བར་དུ་འདེད་ཐུབ་པ་དང་དེར་བོན་གྱི་ལྟ་གྲུབ་དང་སྨན་དཔྱད་སོགས་ཀྱི་སྐོར་ཡོད་པའི་འགྲེལ་བཤད་བྱས་འདུག དེར་མ་ཟད་ཏུན་ཧོང་ཡིག་རྙིང་དུའང་སྨན་དཔེའི་མཇུག་ཏུ་ཞང་ཞུང་གི་དཔྱད་ཕུགས་པ་ལས་བཤུས་པ་ཡིན་ཞེས་གསལ་པོར་བཤད་འདུག འདི་དག་གཞུང་ལུགས་ཤིག་ཏུ་ངོས་བཟུང་ན་ཨེ་འགྲིག འདིའང་ཟུར་དུ་ཞུ་འདོད་བྱུང་།
མེག་རྒན་ལགས། འདིར་བོན་དེ་བོད་ཀྱི་ཕ ཆོས་ཡིན་མིན་སྐོར་བཤད་བཞིན་པ་རེད། ད་ཕར་འཐེན་ཚུར་འཐེན་ནས་གཏེར་ཆོས་ཀྱི་ཐོག་ཏུ་སླེབས་འདུག ཁྱོད་ཀྱིས་༼བོན་གྱི་གཞུང་ལུགས་རྣམས་དང་རྙིང་མའི་གཏེར་ཆོས་དག་དུས་རབས་བཅུ་བ་དང་བཅུ་གཅིག་པ་ཙམ་ནས་དར་ཡོང་ནི་ཏག་ཏག་རེད། འདི་ཚོ་བོད་ཀྱི་གདོད་མའི་རིག་གཞུང་དང་ཕ་ཆོས་རེད་ཟེར་དགོས་ན་དཀའ་ནི་རེད། དེ་ལས་འདི་དག་བོད་ཀྱི་རིག་འཕྲུལ་དང་ཐུན་མིན་གྱི་ཁྱད་ཆོས་སུ་བཤད་ན་འོས་པར་སྣང་། ངས་ཆོས་དང་བོན་ལ་ཆགས་སྡང་བྱས་པ་མིན་ཡང་ལོ་རྒྱུས་ལ་འཁྱོག་བཤད་བྱས་ན་ཡག་པོ་མི་འདུག་ག༽འདི་འདྲ་ཤིག་བཤད་པ་དྲན་གྱི་འདུག འོན་ཀྱང་ཕ་ཆོས་ཡིན་མིན་དེ་གཏེར་ཆོས་ལ་ཐུག་མི་འདུག་སྙམ། གཏེར་ཆོས་འདི་དག་ལ་ཚན་རིག་གི་ཐོག་ནས་ཁུངས་སྐྱེལ་གྱི་ནུས་པ་ཅི་ཙམ་ཡོད་རུང་། གཉའ་ཁྲི་བཙན་པོའི་ལོ་རྒྱུས་དང་སྐབས་དེའི་བོན་ཤེས་པ་ཅན་བཅུ་གཉིས་ཟེར་བ་སོགས་དང་དེའི་ལོ་རྒྱུས་ལ་ལོ་རྒྱུས་ཞིབ་འཇུག་པ་ཚོས་སྤྱིའི་ཆ་ནས་ཡིད་མི་ཆེས་པའི་རྣམ་པ་གང་ཡང་མི་འདུག་སྙམ། ནང་གསེས་ཀྱི་དུམ་མཚམས་དཔེར་ན་གཉའ་ཁྲི་གནམ་ནས་བྱོན་ཚུལ་སོགས་ལ་དངོས་གནས་ཡིད་མ་ཆེས་པའི་ཚུལ་ཡོད་པ་རེད། འོན་ཀྱང་དེ་དག་ཀྱང་རྒྱུ་མཚན་མེད་པ་ཞིག་མ་རེད། དེས་མ་མཐའ་ཡང་སྐབས་དེའི་བོད་མིའི་སེམས་ཁམས་ལ་འགྲེལ་བཤད་ཅིག་བྱས་འདུག་སྙམ། གཞན་ཡང་ཞིབ་འཇུག་པ་ཚོས་གཉའ་ཁྲིའི་རིང་ནས་བོད་རང་ལ་ཐུན་མིན་གྱི་རིག་གཞུང་ཡོད་པ་དང་དེ་ཡང་བོན་ཡིན་པའི་བཤད་ཚུལ་ལ་དོགས་པ་ཟོས་པ་ཞིག་གོ་མ་མྱོང་། དེར་བརྟེན་ཞིབ་འཇུག་པའི་མིག་ནང་དུའང་བོན་འདི་བོད་ཀྱི་ཕ་ཆོས་ཡིན་པ་ལ་དོགས་གནས་ཤིག་མེད་པ་འདྲ། དེར་མ་ཟད་གཏེར་ཆོས་རྣམས་ཤོག་བུ་དེ་ག་རང་དུ་དུས་རབས་དེ་དུས་སུ་བྲིས་པ་ཁས་མི་ལེན་ཡང་དེའི་ནང་དོན་ཡོད་ཚད་ལ་དགག་པ་རྒྱག་པའི་ཞིབ་འཇུག་པ་འདྲ་ཨེ་ཡོད། ཡིད་མི་ཆེས་པའི་གནས་གཅིག་གཉིས་ཤིག་ཡོད་པ་ཙམ་གྱིས་ཡོད་ཚད་ཧྲིལ་གྱིས་འདོར་དགོས་ན་འུ་ཚང་ལོ་རྒྱུས་ཤིག་ཡོད་རྒྱུ་མ་རེད་ལ་འཛམ་གླིང་འདིར་ལོརྒྱུས་ཤིག་རྙེད་དཀའ་རྒྱུ་རེད།
ཏུན་ཧོང་ཡིག་རྙིང་ཕུད་པའི་ད་ཡོད་བོད་ཀྱི་ལོ་རྒྱུས་དག་དུས་རབས་བཅུ་བ་ཙམ་ནས་བྲིས་པ་རྐྱང་རྐྱང་ཡིན་པས། འདི་དག་གིས་ལོ་ངོ་ཁྲི་སྟོང་གི་ལོ་རྒྱུས་ལ་འགྲེལ་བཤད་ཇི་ལྟར་བྱས་ཀྱང་དེ་དག་དོན་དངོས་ཡིན་པར་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ཡིད་ཆེས་བྱེད་མི་ཐུབ། ངོ་མ་བཤད་ན་ཕྱིས་སུ་གཏེར་ནས་བཏོན་པ་མ་ཡིན་པར་སྔོན་གྱི་བཙན་པོ་དག་གི་དུས་ནས་ཡོད་པའི་བོན་གྱི་གཞུང་ལུགས་གང་དག་ད་ལྟ་བཞུགས་ཡོད། གཏེར་མ་ཞེས་པ་ལ་ཁོ་རང་ཚོའི་ཁོར་ཡུག་ན་ཟབ་ལ་རྟོགས་དཀའ་བའི་འགྲེལ་བཤད་རེ་ཡོད་སྲིད་ཀྱང་། ལོ་རྒྱུས་རིག་པ་སྨྲ་བ་ཚོའི་ཁས་ལེན་ཐུབ་པའི་རྒྱུ་མཚན་ཞིག་ཧ་ཅང་དཀའ་རྒྱུ་རེད་སྙམ། ཁྲི་སྲོང་སོགས་ཀྱི་དུས་ཆོས་མ་དར་ཞེས་བཤད་ཀི་མེད་ལ། ཕྱིས་ཀྱི་གཏེར་མ་རྣམས་དེ་དུས་ཀྱི་རེད་ཟེར་བ་ལ་ལོ་རྒྱུས་རིག་པས་འགྲེལ་བཤད་མི་ཐུབ་པར་བཤད་ཀི་ཡོད། འདི་དག་ལོ་རྒྱུས་རིག་པའི་སྒྲུབ་ཐུབ་ན་ངོ་མ་ངོ་མཚར་ཆེ་ལ་བོད་དག་གི་ང་རྒྱལ་བྱ་ཆོག་པ་ཞིག་རེད། འོན་ཀྱང་ཕྱོགས་ཞེན་གྱིས་ཧམ་བཤད་བྱས་ན་སྙིང་པོ་ཅང་མི་འདུག་སྙམ།
བོད་རྒྱལ་གཉའ་ཁྲིའི་དུས་སུ་བོན་ཤེས་པ་ཅན་བཅུ་གཉིས་ཟེར་བ་ཞིག་ཡོད་པ་ལོ་རྒྱུས་ཚང་མར་གསལ་འདུག དེར་གཞུང་ལུགས་མི་འདྲ་བ་རེ་རེ་ལ་མཁས་པ་ཡིན་པའི་རྒྱུ་མཚན་གྱིས་ཁོང་རྣམས་ལ་མཚན་རེ་རེ་གསོལ་ཡོད་པའང་དེ་མཚུངས་རེད། འདི་ལོ་རྒྱུས་ལ་འཁྱོག་བཤད་བྱས་པར་བརྩི་རྒྱུ་ཡིན་ན་འུ་ཚང་གི་ལོ་རྒྱུས་ཚང་མ་འདི་འདྲ་རེད་ཡ། རྙིང་མ་པའི་གཏེར་ཆོས་རྣམས་ཀྱང་དེ་བཞིན་ཡིན་ཏེ། ཁྲི་སྲོང་གི་སྐབས་ནས་ཡོད་བཞིན་པའི་གཞུང་ལུགས་རྣམས་གཏེར་དུ་སྦས་ཏེ་ཕྱིས་སུ་ཕྱིར་བཏོན་པ་རེད། ཁྱོད་ཀྱིས་འདི་ཁས་ལེན་མིན་མི་ཤེས། འོན་ཀྱང་ཁྲི་སྲོང་གི་སྐབས་ནས་རྙིང་མ་པའི་བསྟན་པ་བོད་དུ་དར་ཡོད་པ་ཡང་ལོ་རྒྱུས་ཀུན་གཅིག་མཐུན་དུ་གླེང་བཞིན་པ་དེ་རེད། འདི་ལོ་རྒྱུས་ལ་འཁྱོག་བཤད་བྱས་པར་བརྩི་དགོས་པ་ཨེ་ཡིན།
བོན་གྱི་གཞུང་ལུགས་རྣམས་དང་རྙིང་མའི་གཏེར་ཆོས་དག་དུས་རབས་བཅུ་བ་དང་བཅུ་གཅིག་པ་ཙམ་ནས་དར་ཡོང་ནི་ཏག་ཏག་རེད། འདི་ཚོ་བོད་ཀྱི་གདོད་མའི་རིག་གཞུང་དང་ཕ་ཆོས་རེད་ཟེར་དགོས་ན་དཀའ་ནི་རེད། དེ་ལས་འདི་དག་བོད་ཀྱི་རིག་འཕྲུལ་དང་ཐུན་མིན་གྱི་ཁྱད་ཆོས་སུ་བཤད་ན་འོས་པར་སྣང་། ངས་ཆོས་དང་བོན་ལ་ཆགས་སྡང་བྱས་པ་མིན་ཡང་ལོ་རྒྱུས་ལ་འཁྱོག་བཤད་བྱས་ན་ཡག་པོ་མི་འདུག་ག
མཁས་དབང་བློ་མཐའ་ལགས་རིག་པའི་ལམ་ལ་སྦྱོང་རྩོད་བྱེད་ན་ལེགས་ཧཧཧཧ་་་་་་་་་་་་་་་་་་་་་་་་་་་་་་་་་ཀུ་རེ་ཡིན་དཱ།
མཁས་དབང་བློ་མཐའ་ལགས་ཁྱོད་ཀྱིས་རིག་གནས་ཅུང་ཟད་ཙམ་ཤེས་དུས་བོད་ཀྱི་ཕ་ཆོས་ལ་རྩོད་པ་རྒྱག་རྒྱུ་ཅི་ཡོད།
མ་ཟད་བོད་ཀྱི་ནང་པ་ཞེས་པའི་དོན་དེ་ཡང་སྟོན་པ་ཤཱཀྱ་ཐུབ་པའི་རྗེས་འཇུག་ལ་གོ་རྒྱུ་རེད་དྲན་བྱུང་ངམ་།
ནང་པ་ཡིན་ན་སྟོན་པ་ཤཱཀྱ་ཐུབ་པའི་རྗེས་འཇུག་ཡིན་པའི་མ་ཁྱབ་།
གལ་སྲིད་ཁྱབ་ཟེར་ན།
བོད་ཀྱི་ཕ་ཆོས་མ་ཤེས་་པའི་རྟག་དེ་ཡིན།
ཧ་ཧ་ཧ། ད་ལྷོ་མཐའི་མཁས་པ་འདི་སྤྲོ་ལང་ནས་འགད་གྲབས་བྱེད་ཀྱི་འདུག་ག ཁྱོད་ལ་ཁག་མི་འདུག རང་ཚིགས་སྔ་ཕྱི་མི་འབྱོར་བ་འདི་ཚོ་བསྒྲིལ་ཏེ་ཁྱོད་བཙིར་ཡོང་ན་གཞན་ལ་ངན་དམོད་བྱེད་རྒྱུ་ལས་ཐབས་གཞན་ཅི་ཡོད།
ཐོག་མར་ངས་ཁྱོད་ལ་ཁྱབ་མཐའ་ཞིག་དྲིས་ཡོད། དེ་ཁྱོད་ཀྱིས་མི་ཤེས་ཟེར། དེའི་རྗེས་ངས་ཁྱོད་ལ་ཕ ཆོས་འདི་རེད་འདི་མ་རེད་ཅེས་གཅིག་ཀྱང་བཤད་མེད། དེར་བརྟེན་ངས་ཐག་བཅད་པ་གང་ཡང་མེད། འོན་ཀྱང་ངས་ཐག་མ་བཅད་པ་དེས་ངས་ཐག་མི་ཆོད་པ་མཚོན་མི་ཐུབ། དེ་སེམས་ལ་ཞོགས། ངས་ཐག་མི་ཆོད་པ་ནི་ཁྱོད་ཀྱི་སྐད་ཆ་དེ་དག་རེད། ཐོག་མར་དྲི་བ་འདྲ་ཞིག་ལ་དེ་མ་ཐག་ཐག་བཅད་ནས་བཤད་པར་མ་ཟད་ཞར་དང་ཞོར་ལ་གཞན་ལ་ངན་སྨྲས་ཀྱང་བྱས།
དེ་རིང་ཡང་ཉམས་ཚོད་ཡིན་པའི་བཟོ་འདྲ་ཞིག འདི་ད་དངོས་གནས་མགོ་རྨོངས་དགོས་པ་ཞིག་རེད།
གཅིག་བྱས་ན་ལྷོ་ཕྱོགས་མཁས་དབང་ལགས་ཀྱིས་བཞེས་ལག་མཆོད་ཉེས་ཤོར་བ་མིན་འགྲོ། ལྷོ་ཕྱོགས་ན་རྫས་རིགས་འདྲ་མིན་ཟ་རྒྱུ་འདུག་གཱ། ་་་་་་རྩེད་མོ་ཡིན་དཱ། ག་ལེ་བཞུགས་ཨཱ།
ཤེར་དགེ་ལགས། ཁྱེད་རང་གིས་ངའི་དྲི་བར་ལན་རྒྱག་ཐུབ་ཀྱི་མེད་པ་འདྲ། ཁྱེད་རང་གིས་རང་གར་ཐག་བཅད་ཐུབ་ཀྱི་ཡོད་ན་ ངས་ཁྱོད་རང་གིས་ཐག་བཅད་པའི་གྲུབ་དོན་ལ་རྒྱུ་མཚན་དང་ཁུང་ལུང་དྲི་མ་ཆོག་པ་ག་རི་རེད། དེའི་ཐད་ང་ལ་ཐེ་ཚོམ་དང་རྣམ་རྟོགས་གང་ཡང་མེད་ན་ཡང་ངས་རྒྱུ་མཚན་ཞིག་དྲིས་པ་ཡིན་ཡང་ལན་མི་འདུག་ ཁྱེད་རང་མིག་གཅིག་དེ་ཞ་ར་སོང་ཙང་ཕྱོགས་གཅིག་མ་གཏོགས་མཐོང་ཐུབ་ཀྱི་ཡོད་མ་རེད།།
ལྷོ་མཐའ་བ། སེམས་ལ་ལྷོད་ལ་ཕོབས་དང་། ཁྱོད་ཀྱིས་ཐོག་མར་༼བོད་ཀྱི་ཕ་ཆོས་ཨེ་་་་་་་་་་་་་་བོད་ཀྱི་ཕ་ཆོས་ཟེར་ན་ག་རི་རེད་་་་་་་་་་་ཁྱོད་ཚོའི་བོད་ཀྱི་ཕ་ཆོས་དེ་བོད་དུ་ནང་ཆོས་དབུ་མ་མཉེས་པའི་སྔོན་དུ་ཡོད་པའི་ཆོས་ལུགས་དེ་ལ་གོ་བ་ཡིན་ནམ་་་་་་་་ཡངས་ན་ཕ་ཆོས་ཞེས་པ་དེ་བོད་ཀྱི་མེས་པོ་ཚོས་བྱེད་པའི་ཆོས་ལུགས་དེ་ལ་གོ་བ་རེད་་་་༽ཅེས་དྲིས་པ་བདེན་པ་རེད། ཡང་དེའི་རྗེས་སུ་ཁྱོད་ཀྱིས་ ༼བོན་ནི་བོད་ཀྱི་ཕ་ཆོས་ཡིན་ཞེས་ཨུ་ཚུགས་ག་ཚོད་རྒྱབ་ཀྱང་འབྲས་བུ་ཡོད་མ་རེད་་་་་་་་་་་་་་་་་་་་་་་་བོན་ཆོས་གཉིས་ནི་ཐ་དད་པའི་གྲུབ་མཐའ་གཉིས་རེད་་་་བྱས་ཙང་བོན་ནནི་ཆོས་མ་རེད་ལ་ཕ་ཆོས་དེ་བས་མ་རེད་་་་་་་་བོད་ཀྱི་ཕ་ཆོས་ནི་ནང་པ་སངས་རྒྱས་པའི་ཆོས་རེད་་་་་་་་་་་་་་་་་་་་་་།༽ཅེས་ཐག་བཅད་ནས་བཤད་པ་རེད། འདིའི་གོ་རིམས་ལ་གཞིག་ན་ཐོག་མར་ཐེ་ཚོམ་སྐྱེས། དེ་ནས་རིམ་བཞིན་ཐག་བཅད་པ་རེད་འདུག ད་ཡང་ཐེ་ཚོམ་གྱི་ཐོག་ལ་ཡར་འགྲོ་རྒྱུ་ཨེ་ཡིན། ངས་ཁྱོད་ཀྱི་སྐད་ཆ་ཕྱི་མ་འདི་ལ་ཆ་བཞག་པ་ཡིན། ད་ཨོ་ན་ཁྱོད་ཀྱིས་ང་ལ་གསལ་པོ་ཞིག་ཤོད་དང་། སྐད་ཆ་སྔོན་མ་དེ་ཕྱིར་འཐེན་བྱེད་རྒྱུ་ཡིན་ནམ་ཕྱི་མ་དེ་ཕྱིར་འཐེན་བྱེད་རྒྱུ་ཡིན། ཐག་ཆོད་པ་དང་ཐེ་ཚོམ་ཟ་བ་གཉིས་མཉམ་དུ་ཡོང་གི་མ་རེད། བློ་རྩེ་གཉིས་པའི་རྣམ་པ་ཅན་དང་རྩེ་གཅིག་པའི་རྣམ་པ་ཅན་གཉིས་གང་ཟག་གཅིག་ལ་ཤེས་རྒྱུད་གཉིས་ཡོད་ན་མ་གཏོགས་དུས་གཅིག་ལ་ཡོང་མི་ཐུབ། ཁྱོད་ཀྱིས་བློ་རིག་སྦྱངས་མ་མྱོང་ན་ཁག་མི་འདུག བློ་རིག་སྦྱངས་མྱོང་མཁན་ཚོར་དྲིས་དང་ཤེས་ནི་རེད། འདི་བློ་རིག་གི་རྨང་གཞིའི་ཤེས་བྱ་རེད་ཡཱ།
མཁས་ཚང་ཤེས་རབ་ལགས་ ཁྱབ་མཐའ་དང་རིག་གནས་མི་ཤེས་པའི་བོད་པ་མཐོངདུས་ཁྱེད་རང་སྐྱིད་པོ་འདུག་ཨེ་ དངོས་གནས་ཡ་མཚན་རེད།།
༼བོད་ཀྱི་ཕ་ཆོས་ཨེ་་་་་་་་་་་་་་བོད་ཀྱི་ཕ་ཆོས་ཟེར་ན་ག་རི་རེད་་་་་་་་་་་ཁྱོད་ཚོའི་བོད་ཀྱི་ཕ་ཆོས་དེ་བོད་དུ་ནང་ཆོས་དབུ་མ་མཉེས་པའི་སྔོན་དུ་ཡོད་པའི་ཆོས་ལུགས་དེ་ལ་གོ་བ་ཡིན་ནམ་་་་་་་་ཡངས་ན་ཕ་ཆོས་ཞེས་པ་དེ་བོད་ཀྱི་མེས་པོ་ཚོས་བྱེད་པའི་ཆོས་ལུགས་དེ་ལ་གོ་བ་རེད་་་༽ ཤེར་དགེ་ལགས་འདི་དྲི་བ་མིན་ན་ག་རི་རེད་ཨ་ ཁྱེད་རང་གིས་འདི་མ་མཐོང་བ་ག་རི་རེད ཕལ་ཁྱེར་མིག་གཅིག་མ་གཏོགས་མེད་པ་ཡིན་པ་འདྲ་་་་ཧ
ཁྱབ་པ་དང་རིག་ལམ་མི་ཤེས་པའི་བཀའ་ངལ་ནི་སྐྱིད་པོ་འདུག་ཨ་གྲོགས་པོ་ཚོ་ཧཧཧཧཧཧཧ་༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ཀུ་རེ་ཡིན།
མཁས་དབང་བློ་མཐའ་ལགས་ཀྱིས་ཕ་ཆོས་མི་ཤེས་པའི་བཀའ་ངལ་ནི་བགྲོ་གླིང་དབང་གིས་རྭ་འཕྲད་མི་ཐུབ།
ཁྱབ་མཐའ་དབང་གིས་བཤད་ན་མི་ཤེས་པའི་བཀའ་ངལ་།
གྲོགས་པོ་ཚོ་ཁྱབ་པ་གང་ཡང་མ་ཤེས་ན་ལོ་རྒྱུད་ཚོ་ལ་དཔྱད་པར་ག་ཚེད་བྱེད་ཀྱང་གཏན་པོ་མེད་པ་གོ་མ་ཆག
གྲུབ་མཐའི་རྒྱལ་པོ་སངས་རྒྱས་གཡུང་དྲུང་བོན་ལ་མཆོག་ལ་ན་མོ།
ལྷོ་མཐའི་མཁས་དབང་ལགས། ཁྱོད་ཀྱིས་དོགས་འདྲི་བྱས་པ་ཡིན་ན་དོགས་འདྲི་བྱེད་སྟངས་ཤིག་ཡོད་པ་རེད། ཁྱོད་རང་གིས་གང་བྲིས་པ་འདི་དག་ལ་༼བོད་ཀྱི་ཕ་ཆོས་ཡིན་ཞེས་ཨུ་ཚུགས་ག་ཚོད་རྒྱབ་ཀྱང་འབྲས་བུ་ཡོད་མ་རེད་་་་་་་་་་་་་་་་་་་་་་་་བོན་ཆོས་གཉིས་ནི་ཐ་དད་པའི་གྲུབ་མཐའ་གཉིས་རེད་་་་བྱས་ཙང་བོན་ནནི་ཆོས་མ་རེད་ལ་ཕ་ཆོས་དེ་བས་མ་རེད་་་་་་་་བོད་ཀྱི་ཕ་ཆོས་ནི་ནང་པ་སངས་རྒྱས་པའི་ཆོས་རེད།༽་གཟིགས་དང་དོགས་འདྲིའི་རྣམ་པ་གཏན་ནས་མེད་པར་མ་ཟད་ཚང་མ་ཐག་བཅད་པ་ཤ་སྟག་རེད། ཐག་བཅད་པ་དེ་དམ་བཅས་པའམ་ཁས་བླངས་པ་ཡིན་ཕྱིན་ངས་ཁྱོད་ལ་ཐལ་བ་འཕང་པ་ཡིན། ད་ཁྱོད་ཀྱིས་རང་གི་སྐད་ཆར་བཟོ་བཅོས་ཤིག་བརྒྱབ་སྟེ་དྲི་བའི་རྣམ་པ་ཅན་ཞིག་བྱེད་རོགས། དེ་ལྟར་བྱས་ན་ངས་ཁྱོད་ལ་ལན་འདེབས་ཆོག
ལྷོ་མཐའི་མཁས་དབང་ལགས།
ད་དུང་སྣང་རྒྱལ་ཤེར་དགེ་ལ་ཡ་ལན་མི་སྟེར་བ་ཅི
ཤེར་དགེ་ལགས། ང་མཁས་པ་མིན་ལ་ཁྱབ་མཐའ་དེ་བསཤེས་ཀྱི་མེད ་ངས་བགྲོ་གླིང་དང་དོག་འདྲི་ཞིག་བྱས་པའི་ཁུལ་ཡིན། ཡིན་ན་ཡང་ཁྱིད་རང་གིས་ངའི་དྲི་བར་ལན་ཞིག་སྐྱབ་མཇུག་མ་གནང་བར་ཐལ་བ་མང་པོ་ཞིག་བཏང་འདུག།། ངས་རིག་པ་སྔ་མ་དེར་དྲི་བ་ཁ་ཤས་དྲིས་ཡོད་དེ་ཚོར་་ལན་ཞིག་ངེས་པར་དུ་དགོས་ཡོད་ དེ་ནས་ངས་ཁྱོད་ཀྱི་དྲེ་བར་ལན་འདེབ་བྱེད་ངེས་ཡིན།
ཕ་ཆོས་ཡིན་ན་བུ་ཆོས་ཡིན་པའི་ཁྱབ་པར་ཐལ། ཆོས་ཡིན་ན་ནང་ཆོས་ཡིན་པའི་ཁྱབ་པར་ཐལ། ཕ་ཆོས་ཡིན་མིན་གྱི་ཚད་དང་། ཆོས་ཡིན་མིན་གྱི་ཚད་ཅི་ལྟར་འཇོག་དགོས་སམ། འདི་ལ་ལྷོ་མཐའི་མཁས་པ་དེས་ལན་ཞིག་གནང་རོགས།
ཐོག་མྱི་ལགས་བོན་ནི་བོད་ཀྱི་ཕ་ཆོས་ཡིན་ཞེས་ཨུ་ཚུགས་ག་ཚོད་རྒྱབ་ཀྱང་འབྲས་བུ་ཡོད་མ་རེད་་་་་་་་་་་་་་་་་་་་་་་་བོན་ཆོས་གཉིས་ནི་ཐ་དད་པའི་གྲུབ་མཐའ་གཉིས་རེད་་་་བྱས་ཙང་བོན་ནནི་ཆོས་མ་རེད་ལ་ཕ་ཆོས་དེ་བས་མ་རེད་་་་་་་་བོད་ཀྱི་ཕ་ཆོས་ནི་ནང་པ་སངས་རྒྱས་པའི་ཆོས་རེད་་་་་་་་་་་་་་་་་་་་་་།
བོད་ཀྱི་ཕ་ཆོས་ཨེ་་་་་་་་་་་་་་བོད་ཀྱི་ཕ་ཆོས་ཟེར་ན་ག་རི་རེད་་་་་་་་་་་ཁྱོད་ཚོའི་བོད་ཀྱི་ཕ་ཆོས་དེ་བོད་དུ་ནང་ཆོས་དབུ་མ་མཉེས་པའི་སྔོན་དུ་ཡོད་པའི་ཆོས་ལུགས་དེ་ལ་གོ་བ་ཡིན་ནམ་་་་་་་་ཡངས་ན་ཕ་ཆོས་ཞེས་པ་དེ་བོད་ཀྱི་མེས་པོ་ཚོས་བྱེད་པའི་ཆོས་ལུགས་དེ་ལ་གོ་བ་རེད་་་་
བོན་པོ་ཚང་ལ་གནས་ལུགས་བགྲང་རྒྱུ་འདུག་གཱ།
གྲོགས་པོ་ཚོ་མཁས་པ་ག་ཚད་ཡིན་ཀྱང་གྲུབ་མཐའ་ལ་ཕྱོགས་རིས་བྱེད་བསྡས་པ་ཡིན་ན་ཕན་ཐོག་གང་ཡང་མེད།
ལོ་རྒྱུས་ཀྱི་ཡིག་ཆ་གང་ལ་གཟིགས་ཀྱང་བོན་ན་ིབོད་ཀྱི་ཕ་ཆོས་ངོ་མ་ཡིན་པ་དེ་ནི་སྨོས་མེད་རེད།
དེ་ལྟར་ཟེར་བ་དེ་ཙམ་ཧ་ལས་དགོས་གལ་མི་འདུག
ཐིག་ལགས ཕྱོགས་ཞེན་གྱིས་སླད་པའི་ཚིག་ངན་དག་མ་བགྲངས་ན་ཡག་ཚོད་རེད།
རང་བཞིན་གཉིས་ཀར་སྐྱོན་དང་ཡོན་ཏན་རེ་ཡོད་ཡོད་པ་རེད། མཁས་པ་མི་མཐུན་བདེན་དོན་གྱི་གཏན་ཚིགས་རེ་ཀུན་ལ་ཡོད་རེད། མི་རིགས་ནང་ཁུལ་ལ་ཐུགས་བསམ་བཞེས་རྒྱུ་གལ་ཆེན་རེད་ལོ།
དེ་མ་རེད་ཟེར་ན། སྟག་སྟག་ངར་ངར་དང་ཝ་བརྒྱལ་བརྒྱལ་བྱོས་དང་། ཕ་རོལ་ན་གྲ་སྒྲིག་གང་འཚམས་ཡོད་ཚོད་རེད། ཨ་མའི་བུ་ཡིན་ན་རིགས་པའི་བགྲོ་གླེང་ཡག་པོ་ཡོང་ན་ཐང་། ང་ཚོས་ཉན་འདུག་གོ
འོ་ད་རུང་གསལ་པོ་ཞུ་རྒྱུ་ཞིག་ལ།
དེ་རིང་ཁོ་བོས་ཀྱང་གཡུང་དྲུང་རྒྱ་མདུད་དུ་བཅིངས་པའི་མགྲིན་པའི་ཨོལ་མདུད་དེ་ཅུང་ལྷོད་དགོས་ཙམ་བྱུང་། དང་པོ་བོན་གྱིས་དམར་མཆོད་བྱེད་ལུགས་ཤིག་གང་ན་ཡོད། དེ་ལ་ཁུངས་གསལ་པོ་ཞིག་བསྐྱེད་རོགས། དེ་མིན་བོན་དེ་རྒྱ་གར་གྱི་ཆོས་ལུགས་Vedicདང་གཅིག་མཚུངས་ཡིན་པའི་རྒྱུ་མཚན་ཅི་ཡོད། ལོ་རྒྱུས་ཀྱི་ཁུངས་མེད་ན་ཁྱི་རྒྱགས་སྐར་མར་ཟུག་པ་དང་གཅིག་མཚུངས་སུ་འཁུམས།
ཡང་ཁྱོད་ཀྱིས་༼ རྒྱལ་ཁབ་ཞིག་གི་དཔལ་འབྱོར་དང་ཆབ་སྲིད་ཐོན་སྐྱེད་ལ་གནོད་འཚེ་ལྡན་པ་ཡིན་པ་དེ་རེད་ལ། ༽ཞེས་ཡང་ཧ་ཅང་གིས་མཐོང་མདོག་མཁས་མདོག་གིས་སྨད་ར་གནང་དོན་ཅི་ཡིན། བོན་གྱི་བསྟན་པ་དང་དེའི་རིག་གཞུང་ཁག་ནི་བོད་རང་གི་ཕ་ནོར་དུ་དེང་རྒྱལ་ཁབ་ཕྱི་ནང་གི་མཁས་དབང་དུ་མས་ངོས་འཛིན་གནང་གི་ཡོད་པ་ཁྱེད་ཀྱིས་ཡང་མ་གོ་མ་ཐོས་པ་ཨེ་རེད། ཡང་ན་རི་བོང་ཅལ་འདྲོག་གི་བརྟུལ་ཞུགས་བཟུང་བ་ཡིན།
ཡང་ཁྱོད་ཀྱི་ཆགས་སྡང་ཁོ་ནའི་གཏམ་ཞིག་སྟེ། ༼ བོན་གྱི་བླ་ཆེན་དང་རྗེས་དྲངས་པ་དེ་ཚོས་ཀྱང་རང་ཉིད་མདོད་ “གདོད” མིའི་ཆོས་ལུགས་ལ་རྨོངས་དད་ཀྱིས་གཅེས་སྲོང་དང་མཁྲེགས་བཟུང་བྱེད་པ་དེའི་རྐྱེན་པས་བོན་ཆོས་ནི་ཧ་ལམ་རྩ་མེད་དུ་སོང་གྲབས་བྱས་པ་རེད། ༽ ཅེས་པའི་དོན་ཅི་ཡིན། བསམ་གཟས་ནས་གསེག་འབྲི་བྱས་པ་ཨེ་ཡིན།
དེ་ན་བན་དེ་ཚོས་ཀྱང་རང་གི་ཆོས་ལུགས་ལ་རྨོངས་དད་ཀྱིས་གཅེས་སྲོང་དང་མཁྲེགས་བཟུང་བྱེད་པ་དེའི་རྐྱེན་པས་བན་ཆོས་ནི་བོད་རྒྱལ་ཞེ་གཉིས་པའི་སྐབས་ཧ་ལམ་རྩ་མེད་དུ་སོང་གྲབས་བྱས་པ་རེད་དམ། སྐད་ཆ་འདི་བཞིན་བཤད་ན་ཡག་པོ་མ་རེད། མི་རིགས་ནང་ཁུལ་གྱི་མཐུན་སྒྲིལ་ལ་རྒྱབ་ཕྱོགས་དང་། རང་གི་རིག་གཞུང་དང་མི་རིགས་ལ་ཤ་ཚ་དང་ལ་རྒྱ་མེད་པའི་ཐ་ཤལ་གྱི་རང་མཚང་རེད།
སྤྱིར་ཁོ་བོས་འདིར་རེ་རེ་བཞིན་མ་བཤད་ཀྱང་ཁྱོད་ཀྱིས་ལོས་ཤེས། 《བོན་སྒོ་》འདོན་ཐེངས་བཅོ་བརྒྱད་པའི་གླེང་བརྗོད་ལས། “ཆོས་རྒྱལ་དང་བླ་མར་གྲགས་པའི་རང་མི་དག་གིས་ཐ་ན་སོག་པོ་རྒྱ་ནག་ལ་ཡང་ལག་སྦྲེལ་གྱིས་ང་ཚོ་བོན་པོ་རྣམས་རང་ཁྱིམ་ལས་ཕྱི་རུ་འཕུད་འགོ་བཙུགས་ནས་ད་བར་མི་ལོ་སྟོང་ཕྲག་འདས་པའི་རིང་། ལུས་སེམས་མནར་མེད་དུ་མྱང་བའི་སྡུག་བསྔལ་ཡོད་ཚད་ང་ཚོས་བྱང་ཁོག་ཏུ་སྦས་ཏེ་གསང་རྒྱར་བཏབ་ཀྱང་། ད་རུང་གཞན་ཡུལ་ནས་ཀྱང་ཁོ་ཚོས་ངེད་རྣམས་ཕྱི་མིར་བསྙད་དེ་སླར་ཡང་འཕུད་འགོ་འཛུགས་པར་བརྟེན་བཟོད་པའི་མཐའ་ལ་ལྷུང་བའི་བོན་འབངས་དག་གིས་གཡུང་དྲུང་རྒྱ་མདུད་དུ་བཅིངས་པའི་མགྲིན་པའི་ཨོལ་མདུད་དེ་ཉིད་དེ་རིང་འདི་ནས་མི་གྲོལ་ཐབས་མེད་དུ་གྱུར།” ཞེས་བྲིས་གནང་ཡོད་པ་དེ་ཡང་ཁྱོད་དང་ཁྱོད་འདྲའི་རིགས་ལ་དམིགས་ཏེ་ཆེད་དུ་བྲིས་པ་ཡིན་པ་སྨྲས་མེད་རེད།
དེ་རིང་དུས་ཚོད་ཀྱིས་དེ་ཙམ་ཡིན།
ལན་ཡོད་ན་ཕེབས་ཤོག་དང་རིགས་པའི་བགྲོ་གླེང་ཚ་བོ་ཡོང་ས་རེད་ཞུས་པ་ཡིན།
ཐིག་ཟེར་བའི་མིང་རྫུན་ཅན་ལགས།
འོག་གི་དབྱིན་མིང་གཡུང་དྲུང་སྐལ་བཟང་མཆོག་གིས་སྒུག་འདུག་ལགས།
ངའི་མིང་དངོས་ལ་ཀརྨ་རྡོ་རྗེ་ཡིན་ཞེས་ཁ་གསལ་ཞིག་བརྗོད་ན་མི་དགའ་འམ།
རིགས་པའི་བགྲོ་གླེང་ཚ་བོ་ཡོང་ས་རེད།
ཀརྨ་རྡོ་རྗེ་ལགས། འདིའི་སྐོར་རྒྱལ་རབས་གསལ་པའི་མེ་ལོང་སོགས་ཆོས་ཕྱོགས་ཀྱི་ལོ་རྒྱུས་འགའ་རེ་དང་། བོན་གྱི་ལོ་རྒྱུས་ཕལ་མོ་ཆེའི་ནང་གསལ་པོར་གསུང་འདུག་པ་དེ་དག་ཉིད་ཀྱིས་མཐོང་ཡོད་ལས་ཆེ། འོན་ཀྱང་དེ་རྣམས་མང་པོ་ཞིག་གིས་ཚད་ལྡན་ཞིག་ཏུ་ཁས་ལེན་གྱི་མེད་ལ་དེ་ཡང་ཁག་མེད་པ་ཞིག་རེད། སུས་ཀྱང་ཁས་ལེན་ཐུབ་པ་ཞིག་ནི་ལོ་འགའི་སྔོན་ལ་བོད་དུ་ས་འོག་ནས་རྡོ་བརྐོས་མང་པོ་ཞིག་རྙེད་འདུག་པ་དེ་དག་གི་ཐོག་ཏུ་ཡོད་པའི་ཡི་གེ་རྣམས་ཞང་ཞུང་སྨར་ཡིག་ཡིན་པ་དང་། དེར་མ་མཐའ་ཡང་ལོ་བཞི་སྟོང་གི་ལོ་རྒྱུས་འདུག་ཅེས་རྒྱ་ནག་གི་རིག་དངོས་ཞིབ་འཇུག་པ་དག་གིས་ཁྱབ་བསྒྲགས་བྱས་འདུག་ཅིང་། བཙན་བྱོལ་སྤྱི་ཚོགས་ནང་དུའང་བོད་ཀྱི་བང་ཆེན་དང་བོད་མིའི་རང་དབང་སོགས་ཀྱི་ཐོག་ཁྱབ་བསྒྲགས་བྱས་སོང་བར་མ་ཟད། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་ཆོས་དང་ཚོགས་འདུ་སོགས་ཀྱི་སྐབས་ལན་འགར་བཀའ་གནང་སོང་། མ་མཐའ་ལོ་བཞི་སྟོང་གི་ལོ་རྒྱུས་ཡོད་ན་ཡ་མཐའ་ག་ཚོད་ཅིག་ཏུ་འདེད་ཐུབ་མིན་སུས་ཤེས། དེས་ན་ཐོན་མི་ཕར་ཟད་གཉའ་ཁྲིའི་ཡང་སྔོན་དུ་ཡོད་འདུག་ལ་ཚུལ་འདི་ནི་བོན་གྱི་ལོ་རྒྱུས་ཁག་དང་ཤིན་ཏུ་འབྱོར་བ་ཞིག་ཡིན་ནོ།
ཐུ་མིའི་སྔོན་ལ་ཞང་ཞུང་གི་ཡི་གེ་ཡོད་པའི་ཁུངས་ག་རེ་ཡོད་དམ། འདིར་འབྲི་རོགས་གནོངས།
དྲ་གྲོགས་ཐིག་ལགས་ཀྱིས་ལན་གྲ་སྒྲིག་ཨང་གསར་ཡོད་ཡོད་པ་རེད་བཱ།
ད་ག་རེ་བྱས་སོང་། ང་འདིར་རང་ནས་མུ་འཐུད་སྒུག་གི་ཡིན་དཱ།
གལ་སྲིད་ཁྱེད་རང་གིས་ཁ་སང་མཆན་དེ་བཟི་གཏམ་འདྲ་ཡིན་ན་དྲ་ཐོག་འདི་ནས་དགོངས་དག་ཞུས་ན། ངས་ཁྱེད་རང་ལ་ཐེག་ཆེན་གཡུང་དྲུང་བོན་གྱི་གྲུབ་མཐའ་རིན་པོ་ཆེའི་བྱུང་རིམ་དང་དེའི་ཆེ་བའི་ཡོན་ཏན་སྐོར་སོགས་ངོ་སྤྲོད་ལོག་ལྟ་སེལ་ཐུབ་པ་ཞིག་བྱེད་ཆོག་གཱ།
སྤྱིར་བཏང་དེང་སང་༸སྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོས་བོད་གངས་ཅན་གྱི་ཆོས་ལུགས་དང་ཆོལ་ཁ་ཡོངས་ལ་ཐོབ་ཐང་འདྲ་མཉམ་གྱི་བགོ་སྐལ་བཟང་པོ་འདི་བཞིན་བཀའ་དྲིན་སྐྱབས་འཇུག་གནང་བར་བརྟེན། ཐམས་ཅད་མཐུན་སྒྲིལ་ཞོ་ལྟར་ཆགས་བཞིན་པ་ལ། སྔར་མཁན་སློབ་ཆོས་གསུམ་དང་བླ་བྲང་དབང་འཛིན་དུས་རབས་ཀྱི་ཀླད་རྙིང་ཅན་གྱི་མི་ངན་ཁག་ཅིག་གིས་སྤུན་ཟླའི་མི་རིགས་ནང་ཁུལ་ཁྲག་བཞིན་མི་དཀྲུག་པའི་ངེས་པ་མི་འདུག་པས་ན། སྡེ་ཚན་སོ་སོས་དོ་དམ་དང་སྟངས་འཛིན་བྱེད་རྒྱུ་དེ་ཆེས་དོ་གལ་ཆེན་པོ་ཞིག་ཏུ་མཐོང་།
ད་དེ་རིང་དེ་ཙམ་ཡིན་མ་གཞི་རྒྱས་པར་མུ་འཐུད་འགོད་ངེས་ཡིན།
ཐོག་མར་ངས་དྲ་གྲོགས་ཐིག་ལགས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
དེ་དང་ཆབས་གཅིག་ཏུ་དེ་རིང་ངས་གོ་སྐབས་ཐུང་ངུ་འདི་རྒྱུད་དེ་སྐུ་ཉིད་ཀྱིས་
《བོན་དེ་བོད་ཀྱི་ཕ་ཆོས་ཡིན་སྐོར་བརྗོད་ཀྱི་ཡོད་པ་རེད། 》ཅེས་པའི་གནས་བསྡུས་ངོ་སྤྲོད་འདི་ལ་མཆན་བཀོད་པ་དེ་དང་འབྲེལ་བའི་ངས་དྲི་བ་ཁག་གཅིག་འགོད་འདོད་བྱུང་བས་སྐུ་ཉིད་ཀྱིས་ཁ་གསལ་གཏིང་གསལ་གྱི་སྒོ་ནས་ལན་ཞིག་བསྐྱོན་རྒྱུའི་རེ་བ་དང་ཡིད་ཆེས་བྱེད་བཞིན་ཡོད།
ཅི་ཡི་ཕྱིར་ན་ཐོག་མར་ཁྱེད་ཀྱིས་མཆན་བུ་འདི་བཞིན་བཀོད་པར་ཡང་དག་པའི་རྒྱུ་མཚན་དང་ལུང་རིག་གི་རྒྱབ་རྟེན་མཐོང་ནས་བཀོད་པ་ལས་འོལ་ཚོད་དང་གཡམ་རྒྱུགས་ཡང་ན་སྨྱོན་པའི་ལབ་བརྡོལ་ལྟ་བུ་ནི་ཡིན་གྱི་མ་རེད།
དེས་ན་དང་པོ་ཁྱེད་ཀྱིས་“བོན་ཆོས་ནི་གངས་ལྗོངས་ཡུལ་ཏུ་ཐོག་མར་དར་བའི་ཆོས་ལུགས་སྔ་ཤོས་ཤིག་ཡིན་པ་དང་། དེ་ནི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་ཞིག་ཀྱང་ལོས་ཡིན།”ཞེས་ཚིག་ཐག་ཆོད་པོས་གསུངས་འདུག་པ་དེས་བོན་ཆོས་འདི་ཉིད་ཐོག་མའི་དུས་ནས་བོད་གངས་ཅན་གྱི་ཡབ་མེས་རྣམས་ཀྱིས་ལོངས་སུ་སྤྱོད་པའི་ཆོས་ལུགས་ཤིག་ཡིན་པ་རང་ཤུགས་ཀྱིས་ཁས་བླངས་འདུག་མོད་ཀྱང་། ད་དུང་དེ་ཉིད་བོད་ཀྱི་ཕ་ཆོས་ཡིན་མིན་ཐེ་ཚོམ་སྐྱེ་དགོས་པའི་རྒྱུ་མཚན་གང་ལ་ཐུགས་སམ།
གཉིས་པ་“བོན་ཆོས་ཀྱི་བྱེད་ཕྱོགས་དང་དེའི་དགོངས་ཚུལ་ཁ་ཤས་ནི་རྒྱ་གར་གྱི་Vedic་ཆོས་ལུགས་དང་གཅིག་མཚུངས་ཡིན་པ་དང་། དེ་གཉིས་ཉམ་རྒུད་དུ་སོང་བའི་རྒྱུ་མཚན་ཀྱང་གཅིག་མཚུངས་རེད་སྙམ།” ཞེས་གསུངས་འདུག་པས་ཐོག་མར་རྒྱ་གར་(Vedic་)ཆོས་ལུགས་གཅིག་མཚུངས་ཏུ་སོང་བའི་བོན་ཆོས་དེ་དག་སྟོན་པ་གཤེན་རབ་མི་བོའི་བསྟན་པའི་ཁོངས་སུ་གཏོགས་སམ་མི་གཏོགས། མ་གཞི་ཆོས་ལུགས་དེ་བོན་གཞུང་གང་ལས་གསལ་ཡོད་དམ།
གསུམ་པ་“དེ་ཡང་ཆོས་ལུགས་དེ་གཉིས་ཀྱིས་དུད་འགྲོ་སེམས་ཅན་དམར་གསོད་གཏོང་ནས་ཆོས་འབུལ་དང་ཆོས་བྱིན་བྱེད་པ་དེ་ནི་རྒྱལ་ཁབ་ཞིག་གི་དཔལ་འབྱོར་དང་ཆབ་སྲིད་ཐོན་སྐྱེད་ལ་གནོད་འཚེ་ལྡན་པ་ཡིན་པ་དེ་རེད་ལ།” ཞེས་གསུངས་པར་གཞིག་ན་བོན་པོས་དམར་མཆོད་བྱས་པའི་རྐྱེན་གྱིས་རྒྱལ་ཁབ་གང་ཞིག་གི་དཔལ་འབྱོར་དང་ཆབ་སྲིད་ཐོན་སྐྱེད་ལ་བཅས་ལ་གནོད་ཤུགས་སྤྲད་ཡོད་ཚོད་འདུག་པས་དེའི་དུས་རབས་དང་རྒྱལ་ཁབ་གང་ཡིན་ལོ་རྒྱུས་དེ་དག་གང་དུ་གསལ་ཡོད་པ་བཅས་ཀྱི་སྐོར་རོབ་ཙམ་གསུང་རོགས་གནང་།
བཞི་པ་“བོན་གྱི་བླ་ཆེན་དང་རྗེས་དྲངས་པ་དེ་ཚོས་ཀྱང་རང་ཉིད་མདོད་མིའི་ཆོས་ལུགས་ལ་རྨོངས་དད་ཀྱིས་གཅེས་སྲོང་དང་མཁྲེགས་བཟུང་བྱེད་པ་དེའི་རེྐྱན་པས་བོན་ཆོས་ནི་ཧ་ལམ་རྩ་མེད་དུ་སོང་གྲབས་བྱས་པ་རེད།”ཅེས་པའི་ཡིག་ནོར་གྱི་ཕུང་པོས་ཁེངས་པ་འདིའི་ནང་གསལ་བཞིན་བོན་གྱི་བླ་ཆེན་དེ་དང་དེའི་རྗེས་འབྲང་པ་དེ་དག་ངོས་བཟུང་ནས་ཁོ་ཚོས་གདོད་མའི་ཆོས་ལུགས་ལ་རྨོངས་དད་དང་གཅེས་བསྲུང་སོགས་བྱས་པའི་རྐྱེན་གྱིས་བོན་ཆོས་རྩ་མེད་དུ་འགྲོ་གྲབས་བྱས་པའི་དུས་རིམ་དང་དེ་དག་གང་དུ་གསལ་མིན་བཅས་གསུངས་རོགས་གནང་།
མཐར་ཞུ་རྒྱུ་ནི་ངས་དེ་རིང་ནས་བཟུང་གཏམ་ལ་གཏམ་ལན་དང་། ཟས་ལ་ཟས་ལན་ཞིག་ཡོད་དགོས་ཕྱིར་མུ་འཐུད་སྒུག་ངེས་ཡིན།
་་་་ཏུན་ཧོང་གཏེར་ཡིག་གི་སྨན་དཔེའི་ཐོག་ཏུ་ཞང་ཞུང་གི་དཔྱད་ཡིག་ལ་དཔེ་བླངས་པ་་་་་། གསུངས་པ་འདིའི་ཁུངས་ལུང་དྭ་གྲོགས་སུས་གསུངས་ཐུབ་བམ། ཤིན་ཏུ་ནས་ཉན་འདོད་ཆེན་པོ་ཡོད། ཐུགས་རྗེ་གཟིགས། ཞང་ཞུང་གི་དཔྱད་ཡིག་ཟེར་བ་དེ་དཔེ་མཛོད་ཁང་གང་དུ་ཡོད་དམ། མེད་ན་སྔར་བྱུང་མྱོང་བའི་རྟགས་མཚན་ལ་རྒྱུ་མཚན་ག་ཚད་གྲངས་རྒྱུ་ཡོད་དམ།
བོན་ཆོས་ནི་བོད་ཀྱི་ཕ་ཆོས་ཡིན་མིན་བཤད་ཚོད་མི་ཐིག་ནའང་། བོན་ཆོས་ནི་གངས་ལྗོངས་ཡུལ་ཏུ་ཐོག་མར་དར་བའི་ཆོས་ལུགས་སྔར་ཤོས་ཤིག་ཡིན་པ་དང་། དེ་ནི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་ཞིག་ཀྱང་ལོས་ཡིན། བོན་ཆོས་ཀྱི་བྱེད་ཕྱོགས་དང་དེའི་དགོངས་ཚུལ་ཁ་ཤས་ནི་རྒྱ་གར་གྱི་Vedic་ཆོས་ལུགས་དང་གཅིག་མཚུངས་ཡིན་པ་དང་། དེ་གཉིས་ཉམས་རྒོད་དུ་སོང་བའི་རྒྱུ་མཚན་ཀྱང་གཅིག་མཚུངས་རེད་སྙམ། དེ་ཡང་ཆོས་ལུགས་དེ་གཉིས་ཀྱིས་དུད་འགྲོ་སེམས་ཅན་དམར་གསོད་གཏོང་ནས་ཆོས་འབུལ་དང་ཆོས་བྱིན་བྱེད་པ་དེ་ནི་རྒྱལ་ཁབ་ཞིག་གི་དཔལ་འབྱོར་དང་ཆབ་སྲིད་ཐོན་སྐྱེད་ལ་གནོད་འཚེ་ལྡན་པ་ཡིན་པ་དེ་རེད་ལ། བོན་གྱི་བླ་ཆེན་དང་རྗེས་དྲངས་པ་དེ་ཚོས་ཀྱང་རང་ཉིད་མདོད་མིའི་ཆོས་ལུགས་ལ་རྨོངས་དད་ཀྱིས་གཅེས་སྲོང་དང་མཁྲེགས་བཟུང་བྱེད་པ་དེའི་རེྐྱན་པས་བོན་ཆོས་ནི་ཧ་ལམ་རྩ་མེད་དུ་སོང་གྲབས་བྱས་པ་རེད།
འོན་ཀྱང་ཕྱིས་སུ་ཞིབ་འཇུག་གི་གནད་འགག་འགའ་རེ་དང་ས་འོག་ནས་ཐོན་པའི་གནའ་བོའི་དངོས་རྫས་སོགས་ལ་བརྟེན་ནས་བོད་རང་ལ་མ་མཐའ་ཡང་ལོ་བཞི་སྟོང་གི་སྔོན་ནས་ཡི་གེ་ཡོད་པ་གསལ་པོར་གྱུར། ཟེར་བ་དེ་བདེན་སྟངས་མང་ཙམ་གསུང་མཁན་ཡོང་བའི་རེ་བ་ཡོད།
བཀུར་འོས་གསར་འགོད་པ་ལགས།
ཡག་པོ་བཀོད་གནང་འདུག་པས་བཀའ་དྲིན་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གཡུང་དྲུང་བོན་གྱི་བགྲོ་གླེང་སྐབས་ ༡༡ པ་དེ་བདེ་བླག་ཏུ་ཚོགས་པར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཡི་རངས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། རྒྱལ་བ་དགེ་འདུན་གྲུབ་ཀྱིས། སྤྱིར་ལུས་ཅན་ཀུན་ལ་བཀའ་དྲིན་སོམས། །སྒོས་ཆོས་མཛད་ཡོངས་ལ་དག་སྣང་སྦྱོངས། །དགྲ་ནང་འདུས་པའི་ཉོན་མོངས་ཐུལ། །མི་ཁོ་བོའི་རྗེས་འཇུག་གྲོགས་པོ་རྣམས། །ཡིད་ཕྱོགས་སུ་ལྷུང་བས་མ་འཆིང་བར། །བློ་གཟུ་བོར་གནས་པའི་རྟོག་དཔྱོད་ཀྱིས། །ཞེས་སྐབས་དེ་དུས་ཀྱང་ཆོས་སྲིད་གཉིས་ཀའི་ཐད་ནས་དགེ་མཚན་ཆེ་བའི་ལམ་སྟོན་ཕེབས་པ་དང་དེའི་རྗེས་༸རྒྱལ་དབང་ལྔ་པ་དང་༸གོང་ས་སྐུ་ཕྲེང་བཅུ་གསུམ་པའི་སྐབས་ནས་ཀྱང་རིམ་བཞིན་བོད་ཀྱི་གནས་ཚུལ་ཕྱོགས་ཡོངས་སུ་གུད་ཡངས་རུ་ཕྱིན་ཏེ། ད་ཆ་གོང་དུ་བགྲོ་གླེང་གི་ངོ་སྤྲོད་དུ་བཀོད་པ་ལྟར་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་འདིའི་སྐབས་སུའང་བོད་ཀྱི་སྤྱི་ཚོགས་འདི་ཆེས་གུད་ཡངས་ཅན་གྱི་སྤྱི་ཚོགས་སུ་འགྱུར་བཞིན་པའི་སྐབས་དང་བསྟུན་ནས་སྐྱེས་འགྲོ་སྤྱི་ལ་སྨན་པའི་གཡུང་དྲུང་གི་བསླབ་བྱ་ཁག་འཇིག་རྟེན་འདིའི་སྟེང་རིག་གསར་དང་འགྲན་སེམས། ཕྲག་དོག་དང་ལྟོ་རྩོད་ཀྱིས་འཛམ་གླིང་འདི་ཆུང་དུ་གཏོང་བཞིན་པའི་དུས་ངན་འདིར་བོད་ཙམ་མ་ཡིན་པར་འཛམ་གླིང་སྤྱི་ལ་དར་ཁྱབ་གཏོང་རྒྱུ་ནི་ཁ་ཚ་དགོས་བསྟུག་གི་གནས་སྟངས་ཤིག་ལོས་ཡིན། ཕྱོགས་གཅིག་ནས་བོན་སྒོ་བརྒྱུད་དེ་བོད་ཀྱི་གུད་ཡངས་གཞོན་སྐྱེས་ཚོའི་ཁྲོད་དུ་བོན་ཆོས་ཀྱི་ལེགས་ཆ་དང་དེ་ཡང་ལོ་རྒྱུས་དང་ཁ་མ་འབྲལ་བའི་ཐོག་ནས་ཁྱབ་སྤེལ་བྱེད་ཐུབ་ན་དགེ་མཚན་ཆེ་བར་མཐོང་། བཀྲ་ཤིས་བདེ་ལེགས།