མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐ་སྙད་གསར་བཟོ་མ་ཐུབ་ན་བོད་སྐད་ཟ་སྐད་འཐུང་སྐད་ནང་ལྷག་འགྲོ།

བོད་ཀྱི་དུས་བབ།
༢༠༡༠/༠༧/༠༡
Share on FacebookShare on TwitterShare on EmailShare on Whatsapp

བོད་རྒྱ་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་འཛོད་ཅེས་པ་འདི་ནི། བོད་ཆོལ་ཁ་གསུམ་མམ་ལྗོངས་དང་ཞིང་ཆེན་ལྔའི་དམངས་ཁྲོད་ནས་སེར་སྐྱ་གཉིས་ཀ་མཉམ་དུ་འཛོམས་ཏེ། སྐད་རིགས་གཉིས་སམ་གསུམ་ལ་བྱང་བའི་སྒྲ་སྒྱུར་པ་ལྔ་བཅུ་ལྷག་གིས་མ་བསྐུལ་དང་བླངས་ཀྱི་སྒོ་ནས་ལོ་ཧྲིལ་བོ་གསུམ་ཀྱི་རིང་ལ་དབྱར་དགུན་ལྟོས་མེད་དུ་འབད་ཅིང་གྲུབ་པར་བྱས་པ་ཡིན་ལ་འདིར་ཁྱོན་ཐ་སྙད་ ༡༠༠༠༠ ལྷག་ཡོད་ཟེར།

 

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ དང་ཕྱེད་ཀའི་སྟེང་གངས་སྐྱིད་ཁ་པ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་ཚོགས་ཁང་གསར་པའི་ནང་། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་གཙོ་འགན་རྩོམ་སྒྲིག་འོག བོད་ཡུལ་མདོ་དབུས་ཁམས་གསུམ་གྱི་མཁས་དབང་ལྔ་བཅུ་ལྷག་གིས་ཐ་སྙད་གསར་པ་གཏན་འབེབས་དང་གསར་བཟོ་གནང་བའི་ཚིག་མཛོད་༼ རྒྱ་བོད་དབྱིན་གསུམ་གྱི་གསར་བྱུང་རྒྱུན་བཀོལ་མིང་མཛོད ༽ ཅེས་པའི་དཔེ་དེབ་དེ་བསྐྱར་དཔར་གྱི་ཆོག་མཆན་འོག་དབུ་འབྱེད་གནང་ཡོད། སྐུ་མགྲོན་གཙོ་བོར་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིག་ཆོག་དང་དམིགས་བསལ་སྐུ་མགྲོན་དུ་བོད་གཞུང་ཤེས་རིག་རྩོམ་སྒྲིག་སྡེ་ཚན་གྱི་འགན་འཛིན་དང་། བརྡ་ཆད་གཏན་འབེབས་ལས་འཆར་ཚོགས་ཆུང་གི་འགན་འཛིན་གཅིག་ལྕོགས་ཀརྨ་སྨོན་ལམ་ལགས་ཕེབས་འདུག མིང་མཛོད་གསར་པ་འདིའི་མཇུག་བྱང་དུ། “བོད་རྒྱ་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་འཛོད་ཅེས་པ་འདི་ནི། བོད་ཆོལ་ཁ་གསུམ་མམ་ལྗོངས་དང་ཞིང་ཆེན་ལྔའི་དམངས་ཁྲོད་ནས་སེར་སྐྱ་གཉིས་ཀ་མཉམ་དུ་འཛོམས་ཏེ། སྐད་རིགས་གཉིས་སམ་གསུམ་ལ་བྱང་བའི་སྒྲ་སྒྱུར་པ་ལྔ་བཅུ་ལྷག་གིས་མ་བསྐུལ་དང་བླངས་ཀྱི་སྒོ་ནས་ལོ་ཧྲིལ་བོ་གསུམ་ཀྱི་རིང་ལ་དབྱར་དགུན་ལྟོས་མེད་དུ་འབད་ཅིང་གྲུབ་པར་བྱས་པ་ཡིན་ལ། འདིར་ཁྱོན་ཐ་སྙད་ ༡༠༠༠༠ ལྷག་ཡོད” ཅེས་བཀོད་འདུག  

 

མཛད་སྒོའི་ཐོག་མར་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་འགན་འཛིན་དང་བོད་ཀྱི་བང་ཆེན་གསར་ཤོག་གི་རྩོམ་སྒྲིག་པ་གསེར་རྟ་ཚུལ་ཁྲིམས་མཆོག་གིས་ངོ་སྤྲོད་གསུང་བཤད་གནང་དོན། སྤྱིར་ང་ཚོ་སྒྲིག་འཛུགས་ཆུང་ཆུང་ཞིག་གིས་ཤེས་རིག་བཀའ་བློན་མཆོག་གདན་འདྲེན་ཞུ་བའི་སྤོབས་པ་མི་འདུག་མོད། དེ་རིང་ང་ཚོས་དབུ་འབྱེད་བྱ་རྒྱུའི་མིང་མཛོད་འདི་བོད་ནང་གི་མཁྱེན་ཡོན་ལྷག་བསམ་ཅན་མང་པོ་ཞིག་གིས་འདས་པའི་ལོ་མང་རིང་དཀའ་ལས་བརྒྱབ་སྟེ་བསྒྲིགས་པའི་དཔེ་དེབ་ཅིག་ཆགས་ཡོད་སྟབས། ཁོང་རྣམ་པར་ཆེ་བསྟོད་དང་གུས་འདུད་མཚོན་ཕྱིར་བཀའ་བློན་ཁོང་གདན་ཞུ་བྱས་པ་ཡིན། དཔེ་དེབ་འདི་ལ་མཚོན་ན། ཐ་སྙད་གསར་པའི་རིགས་མང་པོ་ཞིག་ཕྱོགས་སྒྲིག་བྱས་འདུག སྔོན་མ་བོད་ཀྱི་ཆོས་རྒྱལ་ལོ་པཎ་རྣམ་པའི་བཀའ་དྲིན་ལ་བརྟེན་ཏེ། བོད་སྐད་ནང་ནང་པའི་གཞུང་ལུགས་གཙོས་པའི་བརྡ་དང་ཐ་སྙད་འབལ་འབལ་ལྷུག་ལྷུག་ཡོད་ཀྱང་། དུས་རབས་ཉེར་གཅིག་སླེབས་སྐབས། ཕྱི་དངོས་པོའི་ཡར་རྒྱས་ཀྱི་དབང་གིས་ང་ཚོའི་སྔོན་མའི་མིང་ཚིག་གིས་མ་འདང་བའི་དཀའ་ངལ་ཞིག་ཡོང་གིན་ཡོད་པ་རེད། འདིའི་ཐད་སྔོན་མ་ནས་བཙན་བྱོལ་བོད་གཞུང་གིས་དགོངས་པ་ཆེན་པོ་བཞེས་ཏེ་ཕྱག་ལས་གནང་གིན་ཡོད་པ་རེད། བོད་ནང་ནས་ཀྱང་མདོ་དབུས་ཁམས་གསུམ་གྱི་ཤེས་ཡོན་དང་ལྷག་བསམ་ཡོད་མཁན་མང་པོ་ཞིག་གིས་དགོངས་པ་ཆེ་བཞེས་ཀྱིས་ཕྱག་ལས་གནང་མུས་རེད། བཙན་བྱོལ་ནང་ཐ་སྙད་མང་པོ་ཞིག་བཟོས་པ་དེ་དག་ང་ཚོའི་ངོས་ནས་གང་ཐུབ་ཀྱིས་བོད་ནང་ལ་ཕུལ་བའི་མཐུན་སྒྱུར་ཞུས་པ་ཡིན། བོད་ནང་ནས་སྔོན་མ་དཔར་རིས་ཡོད་པའི་མིང་མཛོད་ཅིག་བཟོས་པ་རེད། ད་ཆར་དཔར་རིས་མེད་པའི་ཐ་སྙད་ཆིག་ཁྲི་ལྷག བོད་རྒྱ་དབྱིན་གསུམ་ཐོག་འབྲེལ་བཤད་ཡོད་པ་དང་། ཐ་སྙད་འཚོལ་སྟངས་དེ་ཡང་རྒྱ་ཡིག་དང་དབྱིན་ཡིག་བོད་ཡིག་གསུམ་ཀ་གསལ་བྱེད་གཞིར་བཟུང་འཚོལ་ཐུབ་པའི་ཁྱད་ཆོས་ཡོད་པ་ཞིག་རེད། ཅེས་གསུངས་བྱུང་།

 

དེའི་རྗེས་སུ་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་མཆོག་གིས་དཔེ་དེབ་དབུ་འབྱེད་དང་སྦྲགས་གསུང་བཤད་གནང་དོན། སྤྱིར་ང་ཚོའི་བོད་པའི་སྐད་ཡིག་དེ་ཧ་ཅང་ཕྱུག་པོ་ཞིག་རེད། སྒྲ་ཡི་ཐད་ནས་འཛམ་གླིང་ཐོག་ཕྱུག་ཤོས་ཀྱི་གྲས་རེད། འོན་ཀྱང་དེང་དུས་ཀྱི་རིག་གནས་གསར་པའི་ཐད་ནས་ང་ཚོས་ཡར་རྒྱས་གཏོང་མ་ཐུབ་པར་རྗེས་ལུས་ཐེབས་ཡོད་པ་ཏན་ཏན་རེད། འདིའི་སྐོར་ལ་༧གོང་ས་མཆོག་གིས་ཀྱང་ ༡༩༦༡ ཡས་མས་ནས་བཀའ་སློབ་ཕེབས་འདུག དྲུག་ཅུ་ཐམ་པ་ལོར་ང་ཚོས་ཐོག་མར་གཏན་འཇགས་སློབ་གྲྭ་འཛུགས་སྐབས་༧གོང་ས་མཆོག་གིས་མ་འོངས་པར་ང་ཚོས་མིང་ཚིག་གསར་པ་བཟོས་ཏེ། དེང་གི་ཐ་སྙད་གསར་པ་བོད་པའི་སྐད་ཡིག་ནང་སློབ་ཐུབ་པ་ཞིག་བཟོ་དགོས་པ་རེད་ཟེར་ནས་ལམ་སྟོན་གནང་འདུག དེ་ཙམ་དུ་མ་ཟད་ལྡི་ལིའི་བོད་ཁང་དེ་ཡང་ཐོག་མར་ཐ་སྙད་གསར་པ་ཕྱོགས་སྒྲིག་དང་གསར་བཟོའི་ཆེད་དུ་བཙུགས་པ་ཞིག་རེད། འོན་ཀྱང་ང་ཚོས་ལག་བསྟར་མ་ཐུབ་པར་ལྷག་པ་རེད། ༡༩༨༧ ལོར་བོད་ཀྱི་རིག་གནས་སྐོར་ལ་ཚོགས་འདུ་ཞིག་ཚོགས་སྐབས། ཡང་བསྐྱར་༧གོང་ས་མཆོག་གིས་ཐ་སྙད་གསར་བཟོ་མ་ཐུབ་ན་ནམ་ཞིག་བོད་སྐད་དེ་ཟ་སྐད་ཐུང་སྐད་ནང་ལྷག་འདུག་རྒྱུ་ལས་རིག་གནས་ཐོག་བེད་སྤྱོད་གཏོང་མི་ཐུབ་པ་ཆགས་གི་རེད་ཅེས་བཀའ་སློབ་ཕེབས་འདུག ཅེས་དང་།

 

བཀའ་བློན་མཆོག་གིས་མུ་མཐུད་གསུངས་དོན། རྗེས་སུ་ང་ཚོའི་ཤེས་རིག་ལས་ཁུངས་ནང་ཐ་སྙད་གཏན་འབེབས་ཀྱི་ལས་གཞི་མགོ་འཛུགས་བྱས་ཀྱང་ད་བར་དེབ་གཉིས་ཙམ་ལས་འདོན་ཐུབ་ཡོད་པ་མ་རེད། བོད་ནང་དཀའ་ངལ་མང་པོ་ཞིག་ཡོད་ཀྱང་། བོད་པའི་སྐད་དང་རིག་གནས་ཐོག་ཞབས་འདེགས་ཆེན་པོ་ཞུས་ཡོད། དེ་སྔོན་པར་རིས་ཡོད་པའི་དེབ་ཅིག་བཏོན་འདུག ང་ཚོ་རང་དབང་ལུང་པར་རང་དབང་ཡོད་པ་ལ་འབབ་པའི་ལས་ཀ་ཞིག་བྱ་ཐུབ་ཀྱི་མེད་པ་གསལ་བོ་རེད། བོད་ནས་བཏོན་པའི་མིང་འཛོད་འདིའི་ཐད་ཚོགས་འདུ་རིམ་པ་མང་པོ་ཚོགས་ཏེ། ས་ཁུལ་གཅིག་གཉིས་ཙམ་མིན་པར་བོད་ཆོལ་ཁ་གསུམ་གྱི་ཆེད་མཁས་པ་གདན་འདྲེན་ཞུས་ཏེ་བགྲོ་གླེང་གོ་བསྡུར་ཞིབ་ཚགས་གནང་རྗེས་མིང་ཚིག་གཏན་འབེབས་བྱས་པ་ཞིག་རེད། ཁོང་ཅག་ལ་ཡི་རངས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་དགོས་པ་ཞིག་རེད། དེབ་འདིའི་ནང་བོད་ཆོལ་ཁ་གསུམ་ལ་ཁྱབ་པའི་དེང་དུས་ཀྱི་ཉིན་རེ་འཚོ་བའི་ནང་བཀོལ་སྤྱོད་ཆེ་བའི་ཐ་སྙད་མང་པོ་ཞིག་གཏན་འབེབས་བྱས་ཡོད། གང་ཐུབ་ཀྱིས་ཁྱབ་གདལ་དུ་བཏང་སྟེ་གཅིག་གྱུར་ཐོག་བེད་སྤྱོད་ཐུབ་ན་དགེ་མཚན་ཆེ་སྐོར་གསུངས་འདུག དེ་དངོས་ཡོད་རེད། བཙན་བྱོལ་ནང་ལ་མཚོན་ན། བོད་ནས་དེབ་བསྐུར་རྒྱུ་སོགས་དཀའ་ངལ་ཆེན་པོ་ཡོད་པ་རེད། དེར་བརྟེན། བོད་ཀྱི་བང་ཆེན་གསར་ཁང་གིས་འགན་བཞེས་ཏེ་ཡང་བསྐྱར་དཔར་སྐྲུན་གནང་སྟེ་བཙན་བྱོལ་ནང་ཁྱབ་སྤེལ་གྱི་ཕྱག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདིས་ང་ཚོའི་ཤེས་རིག་ལས་ཁུངས་སུ་ཡང་ཐ་སྙད་གཏན་འབེབས་ཐོག་ཕྱག་གནས་གནང་གིན་ཡོད་པའི་ཐད་དུ་ཕན་ཐོགས་པོ་ཞིག་ཡོང་གི་རེད་བསམ་ཡོད། ཅེས་གསུངས་བྱུང་།

 

མཇུག་ཏུ་གསེར་རྟ་ཚུལ་ཁྲིམས་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་དོན། ང་ཚོ་བོད་གཞིས་བྱེས་གཉིས་ངོས་ནས་ཐ་སྙད་གཅིག་གྱུར་ཐད་འབད་བརྩོན་གནང་རྒྱུ་གལ་ཆེན་པོ་རེད། བཙན་བྱོལ་ནང་ནས་ཐ་སྙད་གསར་བཟོ་བྱས་རིགས་བོད་ནང་ལ་གཏོང་རྒྱུ་དང་། བོད་ནང་དུ་བཟོས་པ་ཁག་བཙན་བྱོལ་ནང་བཀྲམས་པ་ཡིན་ན། གང་དག་པ་དེ་རང་བཞིན་གྱིས་རྒྱུན་འཇགས་སུ་འགྲོ་བ་རེད། དེ་རིང་འདིར་ཕེབས་པ་མང་ཆེ་བ་གསར་འགྱུར་གྱི་ཕྱག་གནས་གནང་མཁན་རེད། གསར་ལམ་ཁག་ཏུ་ཚིག་གསར་པ་མང་པོ་ཞིག་སླེབས་ཀྱི་ཡོད་མོད། འོན་ཀྱང་ད་ཕན་ཆེད་དུ་འགན་འཁུར་ཏེ་གཅིག་གྱུར་ཡོང་རྒྱུར་ཕྱག་ལས་གནང་མཁན་དེ་འདྲ་བྱུང་ཡོད་པ་མ་རེད། མིང་ཚིག་སྒྱུར་སྐབས་སྒྲ་སྒྱུར་བྱེད་སྟངས་ལ་ལུང་པ་རེ་རེར་མ་འདྲ་བ་ཡོང་གིན་ཡོད་པ་རེད། གསར་འགྱུར་བརྒྱུད་ལམ་ཁག་ནས་དེ་དག་གཅིག་གྱུར་བཟོ་ཐུབ་པ་ཞིག་རེད། ཤེས་རིག་རྩོམ་སྒྲིག་སྡེ་ཚན་གྱི་འགན་འཛིན་ཀརྨ་སྨོན་ལམ་མཆོག་གིས་སྒྲ་སྒྱུར་གནང་བ་ཁག་དང་། དེ་མ་ཡིན་པའི་གསར་འགོད་པ་ཚོས་ཆེད་དུ་འགན་འཁུར་ཏེ་ཐ་སྙད་གཏན་འབེབས་དང་གཅིག་གྱུར་ཡོང་བའི་ཐོག་ལ་འབད་བརྩོན་བྱ་རྒྱུ་གལ་ཆེན་པོ་རེད། བགྲོ་གླེང་གོ་སྒྲིག་ཞུ་དགོས་པ་སོགས་ཀྱི་ལས་དོན་རིགས་ང་ཚོའི་ངོས་ནང་གང་ཐུབ་ཀྱིས་གྲ་སྒྲིག་ཞུ་རྒྱུའི་འཆར་གཞི་ཡོད། ཅེས་གསུངས་སོང་།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦
ལྕམ་སྐུ་པེ་ལོ་སི་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་ནང་༧སྐུའི་གོ་སྟོན་སྲུང་གཙི་གནང་།

༢༠༢༥/༠༦/༢༦

མཆན། 31

  1. ཐོག་མྱི། says:
    ལོ་ 15 སྔོན།

    འདི་ལྟར་ཡིན་ན་ང་ད་ལྟ་ཡི་རིང་ཙམ་འཚོ་ཐུབ་ངེས
    ཐུགས་རྗེ་ཆེ

    Reply
  2. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 15 སྔོན།

    མཁས་དབང་ཚུལ་ཁྲིམས་བློ་གྲོས་གཙོ་བྱས་བོད་བཞུགས་མཁས་དབང་ཡོངས་ལ་སེམས་བསམ་པའི་གཏིང་ནས་གུས་འདུད་ཞུ། ཁ་བ་དཀར་པོ་ཚང་ལ་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། བདག་གི་བསམ་ཚུལ་ལ་དེབ་འདི་རིན་མེད་ཐོག་སྤྲད་ན་ཡག་ཤོས་རེད། ཧ་ཧ་ངས་ངོ་མ་དེ་ལྟར་བསམ་གི་ཡ།

    Reply
  3. ནགས་མེ། says:
    ལོ་ 15 སྔོན།

    གསེར་ལྗོངས་བླ་མ་རུང་ནས་རྩོམ་སྒྲིག་གནང་བའི་མིང་མཛོད་འདི་སྒྲིག་སྟངས་གསར་པ་ཞིག་རེད་པས། འདི་རྒྱ་ཡིག་ཤེས་མཁན་རྐྱང་རྐྱང་གི་སྤྱོད་བྱ་རེད་ཅེས་
    འཁང་ར་མི་དགོས་པར་མིང་མཛོད་འདིའི་རྒྱབ་ཕྱོགས་ནས་བོད་ཡིག་དང་དབྱིན་
    ཡིག་གི་ལམ་ནས་ཀྱང་གསལ་བྱེད་ཀྱི་རིམ་པ་བཞིན་བསྒྲིགས་གནང་འདུག དེས་ན་འདི་རྒྱ་བོད་དབྱིན་གསུམ་གྱི་མིང་མཛོད་ཙམ་མིན་པར་བོད་རྒྱ་དབྱིན་
    གསུམ་དང་དབྱིན་བོད་རྒྱ་གསུམ་གྱི་མིང་མཛོད་ཅིག་ཀྱང་རེད།

    Reply
  4. སེར་གཙང་འཇམ་དབྱངས། says:
    ལོ་ 15 སྔོན།

    ངས་ལོ་མང་རིང་ལ་རེ་སྒུག་བྱས་པའི་རྒྱ་བོད་དབྱིན་གསུམ་གྱི་ཐ་སྙད་གསར་བའི་
    ཚིག་མཛོད་དེ་འུ་ཅག་བཙན་བྱོལ་ཚང་ནང་དངོས་སུ་འགྲེམས་སྤེལ་བྱེད་ཐུབ་པར་ལས་ཀྱི་སྣེ་མོར་གཏོགས་པའི་རྣམ་པ་ཚང་མ་ལ་
    སྙིང་དབུས་ནས་བཀའ་དྲིན་ཆེ་ལགས་

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    རྒྱ་བོད་ཨིན་གསུམ་བཟོ་ཡེ་ལས་འགན་རྒྱ་རིགས་ལ་ཡོད། བོད་རིགས་ཀྱི་ལས་འགན་ནི། བོད་རྒྱ་ཨིན་གསུམ་དང་། བོད་ཨིན་རྒྱ་གསུམ་བཟོ་ཡེ་དེ་མ་རེད་པེ།

    Reply
  6. ཕུན་ཚོགས ། says:
    ལོ་ 15 སྔོན།

    འདི་ནི་ངོ་མ་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན་པ་མ་ཟད་མི་རིགས་སྐད་ཡིག་སྐོར་ཀྱི་ལས་གཞི་གལ་ཆེན་ཞིག་རེད་ལདེ་ལྟར་དགོངས་ནས་1995ཡས་མས་ནས་བོད་ནང་གི་མཁས་པ་གང་མང་ཞིག་གིས་ལྗོངས་ཞིང་ལྔའི་བོད་ཀྱི་སྐད་ཡིག་སྐོར་གྱི་བཞུག་མོལ་ཚོགས་འདུ་ཞེས་པ་ཞིག་ལོ་རེར་རྣམ་པ་འདྲ་མིན་གྱི་འོག་ཏུ་འཚོག་གིན་ཡོད་པའི་ཚོགས་ཐོག་ནས་སྐད་ཡིག་གཅིག་གྱུར་ཀྱི་གླེང་སློང་དང་།ཐ་སྙད་གསར་བཟོ་དང་གཏན་འབེབ་ཀྱི་གྲོས་གཞི་མང་ཙམ་བྱུང་བའི་གླེང་གཞིའི་འོག་བཟོས་པ་ཞིག་ཡིན་ཚུལ་ང་རང་བོད་དུ་ཡོད་དུས་ནས་གོ་མྱོང་ཡོད་པས།བཙན་བྱོལ་བོད་གཞུང་རང་གི་ངོས་ནས་ཀྱང་གདེང་འཇོག་ངེས་ཅན་ཞིག་གནང་ན་ཤིན་ཏུ་འོས།

    སྤྱིར་ཐ་སྙད་གསར་བཟོའི་རིགས་ནི་དཀའ་ཚེག་ཧ་ཅང་ཆེ་ཞིང་ཉོག་དྲ་ཤིན་ཏུ་མང་བའི་ལས་རིགས་ཤིག་ཡིན་པར་བརྟེན།རོབ་ལྟ་ཙམ་དང་རགས་བཤད་ཙམ་གྱིས་མི་འཐུས་པ་ནི་སུ་ལའང་གསལ་ཀྱང་།ད་ལྟའི་བོད་ཀྱི་ལོ་ཙ་བ་ཚོས་གཞན་ཀྱིས་བསྒྱུར་བ་རང་གིས་མི་འདོད་པ་དང་རང་གིས་བསྒྱུར་བ་གཞན་གྱིས་མ་འདོད་པའི་དཀའ་ངལ་གྱི་ཞོར་ནས་ང་ནི་བདེན་ཞིང་གཞན་ནི་གཏི་མུག་གོ་ཞེས་པའི་མཁས་མདོག་སྟོན་མཁན་མང་བས་འདིས་ཀྱང་ཐ་སྙད་གཏན་འབེབ་ལ་བར་གེགས་མི་ཉུང་བ་ཞིག་བྱེད་ཀྱི་ཡོད།

    སྤྱིར་ཐ་སྙད་ཅེས་པ་ནི་དངོས་པོའི་ངོ་བོའམ་མིང་ཙམ་སྟོན་པ་དང་དངོས་པོ་རང་ཉིད་གོ་བར་བྱེད་པའི་མིང་ཙམ་ཡིན་པས།མིང་དེ་ཉིད་མང་མོས་ཀྱིས་ཐག་གཅོད་བྱས་པ་དང་།དོན་ལ་གནས་པ།གོ་བདེ་བ།ངག་ལ་བདེ་བ་སོགས་ཀྱི་ཁྱད་ཆོས་ཀྱི་ཐོག་ནས་ཐག་བཅད་ན་ཤིན་ཏུ་ལེགས་མོད།ད་ལྟའི་བོད་ཀྱི་སྐད་ཡིག་གི་གནས་བབ་དང་གཅིག་གྱུར་གྱི་དཀའ་ངལ་སོགས་ལ་གཞིགས་ཏེ་གང་ཞིག་མང་མོས་ཀྱིས་བེད་སྤྱོད་བྱེད་ཀྱིན་ཡོད་མེད་ལ་གལ་བོ་ཆེ་རུ་འཛིན་དགོས་པར་མཐོང་བས།ཐེངས་འདིའི་མིང་མཛོད་འདི་ཉིད་ཀྱང་བོད་ནང་གི་མང་ཚོགས་དཀྱུས་མ་དང་སྤྱི་ཚོགས་ཀྱི་ཆེ་སྤྱོད་ཐ་སྙད་རིགས་ལ་གཞོལ་བ་བྱས་འདུག་པར་བརྟེན་ཅུང་ཚད་ལྡན་དུ་བཟུང་ན་མི་ཆོག་པ་མི་འདུག་སྙམ།

    འོན་ཏེ་བཙན་བྱོལ་ཀྱི་མཁས་པ་ཚོ་དང་སྒོས་སུ་ལས་ཀྱི་སྣེ་མོ་བ་དག་ལ་ལྟ་ཚུལ་ཅི་ཞིག་ཡོད་པ་རེད་ཟེར་ན།བོད་ནང་གི་མཁས་པ་ཚོ་ནི་རྒྱ་མིའི་ཤན་ཞུགས་ཐེབས་ཡོད་པ་དང་།ཁོ་ཚོས་ཐ་སྙད་གསར་བཟོ་བྱས་པ་དག་ལའང་རྒྱ་མིའི་ཐ་སྙད་དག་སྒྱུར་གཞི་བྱས་ཡོད་པར་བསམ་ནས།ནམ་ཡང་ཁས་མི་ལེན་ཞིང་ཨུ་ཚུགས་མཐར་སྐྱེལ་བྱེད་པའི་གོམས་སྲོལ་ཞིག་ཡོད་ལ།བོད་ནང་གི་མཁས་པ་ཚོས་དབྱིན་ཡིག་སོགས་མི་ཤེས་པས་ཚད་ལྡན་མིན་ཚུལ་ཀྱི་བཤད་སྟངས་ཧ་ཅང་མང།དེས་ནི་བོད་ཀྱི་ཐ་སྙད་གཅིག་གྱུར་ཡོང་བར་གཏོར་བཤིག་ཚབ་ཆེན་ཐེབས་ཀྱི་ཡོད།

    བོད་ནང་གི་མཁས་པ་རྣམས་ལ་རྒྱ་ཤན་ཆེ་བ་དང་རྒྱ་མིའི་མིང་ཚིག་དག་སྒྱུར་གཞི་བྱས་ཡོད་པ་ནི་ཕྱོགས་གཅིག་ནས་བལྟས་ན་ཤིན་ཏུ་བདེན་ཀྱང་།དེ་བཞིན་བཙན་བྱོལ་ལའང་དབྱིན་ཤན་དང་ཧིན་ཤན་ཆེ་བ་ནི་ང་ཚོས་མངོན་སུམ་དུ་མཐོང་རྒྱུ་ཡོད་པ་འདི་བཞིན་ཡིན་པས།ངས་གོང་དུ་བཤད་པ་ལྟར་ཐ་སྙད་གཅིག་གྱུར་དང་གཏན་འབེབ་ཡོང་བ་ལ་སྤྱི་ཚོགས་སུ་གང་ཞིག་བེད་སྤྱོད་མང་བ་གཏོང་གི་ཡོད་པ་དང་།མཁས་པ་རྣམས་གང་ལ་མང་མོས་བྱེད་ཀྱི་ཡོད་པ་གཞི་རྩར་འཇོག་དགོས་པ་ལས།རྒྱ་མིའི་ཐ་སྙད་ཀྱིས་ཤན་ཞུགས་འདུག་ཅེས་འཕུད་རྐྱང་བྱེད་པ་ནི་བྱིས་པའི་རྩེ་མོ་ཞིག་ལས་ཅི་ཡང་མེད།འདི་ལྟའི་གནས་ཚུལ་ནི་ཤེས་རིག་གི་ཐ་སྙད་གཏན་འབེབ་ཚོགས་ཆུང་སོགས་ཀྱི་ར་བར་ལ་མང་ཙམ་བྱུང་རབ་ཐོས་རྒྱུ་འདུག

    འདི་ལྟར་བོད་ནང་དུ་ཐ་སྙད་གཏན་འབེབ་བྱས་པར་བཙན་བྱོལ་ནས་རྒྱ་ཤན་ཆེ་བར་བསྙད་དེ་ཁས་མ་བླངས།བཙན་བྱོལ་ནང་གི་མཁས་པ་དག་གིས་ཐ་སྙད་གཏན་འབེབ་གནང་བ་བོད་ནང་གིས་མ་གོ་བར་མུ་མཐུད་དུ་སོང་བའི་ཉིན་ཞིག་ལ།བཙན་བྱོལ་གྱི་ཐ་སྙད་དང་བོད་ནང་གི་ཐ་སྙད་ཅེས་པའི་དབྱེ་གཞི་ཆེན་པོ་གཉིས་རུ་གྱུར་ཏེ་གཞིས་བྱིས་གཉིས་ལ་སྐད་སྒྱུ་ལོ་ཙ་བ་གླ་དགོས་པའི་དུས་ཤིག་མི་སླེབས་པའི་ངེས་པ་སུ་ལ་ཡོད།རང་རེ་རྣམས་ལ་ཆོལ་ཁ་གསུམ་གྱི་སྐད་གདངས་མི་མཐུན་པའི་རྒྱུ་རྐྱེན་ཀྱིས་འཚོ་བའི་གོམས་གཤིས་དང་ཀུན་སྤྱོད་གོམས་ལུགས་སོགས་ལ་བར་ཁྱད་དཔེ་མེད་འབྱུང་བཞིན་པའི་སྒང་འདིར།བོད་ཀྱི་མཁས་པ་རྣམས་ཀྱིས་མཁས་མདོག་བསྟན་ཏེ་ཐ་སྙད་གཅིག་གྱུར་ལ་སོ་སོའི་ལྟ་བ་མཁྲེགས་འཛིན་བྱེད་པ་འདི་ནི་སུས་ཀྱང་ཧ་གོ་བ་བྱ་དགོས་པའི་གནད་དོན་གལ་ཆེན་ཞིག་རེད་སྙམ།

    Reply
  7. གངས་ལྷ་མེ་ཏོག says:
    ལོ་ 15 སྔོན།

    མཁས་དབང་དམ་པ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་རིན་པོ་མཆོག་གི་དབུས་པའི་གཞིས་བཞུགས་ཤེས་ཡོན་པ་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས་ལ་བདག་གི་
    ཐུགས་རྗེ་ཆེ་ཞུ་བཡིན། ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་ལ་བཀའ་
    དྲིན་ཆེ་ཞུ་བ་དང་སྒྲགས་དེབ་ཀྱི་རིན་གོང་ཐད་གང་ཆེན་པོ་མ་བྱས་ནས་ཁྱབ་སྤེལ་བྱས་ན་བཟང་།

    Reply
  8. འབའ་ཐང་གི་བུ། says:
    ལོ་ 15 སྔོན།

    གསར་འགོད་པ་ལགས།
    རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད། ཅེས་པའི་དེབ་དེ་བོད་ཀྱི་བང་ཆེན་གསར་ཁང་གིས་བསྐྱར་དཔར་བྱས་འདུག་ཀྱང༌། དམངས་ཚོགས་དང་ལྷག་པར་རིག་གཞུང་གི་བསྟི་གནས་ཁག་ལ་ཁྱབ་སྤེལ་ཐུབ་པ་ཞིག་ངེས་པར་དགོས་སྟབས། དེབ་དེ་ལ་རིན་གོང་ག་ཚོད་ཡིན་མིན་དང༌། སྒྲ་སྒྱུར་ཁང་དང་རྩོམ་སྒྲིག་ཁང༌། དེ་བཞིན་དཔེ་མཛོད་ཁང་སོགས་ལ་རིན་གོང་ཆག་བྱས་ནས་ཚོང་སྒྱུར་བྱེད་ཀྱི་ཡོད་མེད་བཅས་ལ་ལན་འདེབས་ཁ་གསལ་ཞིག་གནང་རོགས་ཞུ་རྒྱུ་ཡིན།

    Reply
  9. ཇོ་རུ་ཚེ་རིང་། says:
    ལོ་ 15 སྔོན།

    དྲ་ངོས་འདིའི་གསར་འགྱུར་གྱི་མཇུག་ཏུ་བསམ་ཚུལ་སྤེལ་མཁན་གྱི་གྲོས་སུ། ཚེ་རིང་ཟེར་བའི་མིང་འདི་སྤྱོད་མཁན་གསར་བ་ཞིག་ཀྱང་སླེབས་འདུག་པས་རྐྱེན་གྱིས། ཀློག་པ་པོ་དག་གི་མིག་མདུན་ནས་ཚེ་རིང་མིང་ཅན་གཉིས་གཞི་གཅིག་དུ་མི་འགྱུར་བར་སོ་སོར་སྣང་བའི་ཆེད་དང་། དེ་བཞིན་དུ་དགོས་མེད་བཏགས་མིང་རིགས་ཀྱི་བདག་དབང་ཧམ་བརྩོད་བྱ་འདུན་ཡེ་ནས་མེད་པས་ན། ཕྲན་གྱིས་དེ་རིང་ནས་བཟུང་། དྲ་མིང་བརྗེ་སྟེ་ཇོ་རུ་ཚེ་རིང་དུ་བཏགས་ཡོད་པས། ད་ནས་བཟུང་ཚེ་རིང་མིང་ཅན་དེའི་དགའ་སྐྱོ་ཆགས་སྡང་གི་ཚོར་འདུ་མཐའ་དག་དང་། ལེགས་ཉེས་གང་བྱུང་གི་འགན་ལེན་དག་ཕྲན་དང་འབྲེལ་བ་ཅི་ཡང་མེད་པ་མཁྱེན་པར་ཞུ།

    Reply
  10. གནམ་ལྕགས། says:
    ལོ་ 15 སྔོན།

    གངས་ལྗོངས་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གི་དྲན་དབང་བྱེ་བའི་གཙུག་ལ་གོམ་པའི་འདེགས་འཇོག་བསྒྱུར་བའི་བྱེད་པོ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གཙོས་མཉམ་བསྒྲིགས་གནང་བའི་མིང་མཛོད་འདིར་མཇལ་མྱོང་ཡོད། དེ་ད་རེར་བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་བསྐྱར་དཔར་གནང་བ་གོ་བས་ཤིན་ཏུ་ནས་དགའ་བ་དང་བསྟོད་པའི་གནས་སུ་ཆེ།

    ད་དུང་ཞུ་རྒྱུ་ཞིག་ལ། རང་རེའི་གཞུང་སྣེ་བ་དག་གིས་ཀྱང་ད་རེའི་འདི་ལ་དགྱ་མིའི་ཅིག་ཅིག་མུག་མུག་མ་ཟེར་བར་དབུ་འབྱེད་དང་བསྔགས་བརྗོད་གནང་བར་ཐུགས་རྗེ་ཆེ། རབས་ཡིན་ན་རང་གཞུང་གི་ལྷན་ཁང་སོ་སོ་དང་ཚོགས་སྡེ་ཁག་སོ་སོ། ལྷག་དོན་རྩོམ་སྒྲིག་ཁང་སོ་སོ་ནས་འདི་བཞིན་ལག་བསྟར་བྱས་ནས་གཅིག་གྱུར་ཡོང་ཐབས་ཀྱི་དཔང་བོར་འཇོག་འོས། འདི་ལས་དོན་བཟང་ཞིག་བསྒྲུབ་རྒྱུ་ག་ལ་ཡོད།

    དུས་བབ་ཀྱི་རྩོམ་སྒྲིག་པས་དབུ་ཁྲིད་ནས་འདིའི་ཐ་སྙད་བཀོལ་བའི་གནས་ཚུལ་གསུང་སྟེ་འབོད་སྐུལ་གྱི་རྣམ་པ་བསྟན་པར་དགའ་བསུ་དང་། མིང་མཛོད་འདི་ལ་འབྲེལ་ཐོགས་ཀྱི་ལུས་ཅན་ཐམས་ཅད་ཀྱིས་བོད་གངས་ཅན་ལ་ཕན་པའི་ལས་བྱས་པའི་འབྲས་བུས། མ་འོངས་པར་བོད་ལ་རང་བཙན་ཐོབ་པ་དང་རྒྱལ་ཁབ་དབུ་བརྙེས་པའི་སྐབས་སུ་དེ་ལ་ཕན་པའི་ཕྱི་ནང་གི་བློན་པོར་འགྱུར་བའི་སྨོན་ལམ་དང་བཅས།

    Reply
  11. ཇོ་རུ་ཚེ་རིང་། says:
    ལོ་ 15 སྔོན།

    མིང་མཛོད་གསར་མ་འདི་བསྐྱར་དཔར་གྱིས་བོད་རང་གི་སྐད་བརྡའི་ཕུང་ཞིང་དབུལ་གྱུར་ཏེ་རྒྱུན་སྤྱོད་སྐད་བརྡའི་བརྒྱ་ཆའི་༥༠ དབྱིན་ཧིན་བསྲེས་སྐད་སྨྲ་བར་གོམ་པའི་སྤྱི་ཚོགས་འདིར། སྐད་བརྡ་སྐྱར་གསོ་དང་ཡར་རྒྱས་ཡོང་བར་ཞབས་འདེགས་སྒྲུབ་པར་ཁ་ཞེ་གཉིས་མེད་ཀྱིས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། སྤྱི་སྒེར་སྒྲིག་འཛུགས་ཚང་མས་ཀྱང་དེ་བསྟུན་གྱི་བེད་སྤྱོད་དང་ཁྱབ་སྤེལ་གྱི་མཐུན་འགྱུར་བྱེད་རྒྱུ་ཤིན་ཏུ་གལ།

    Reply
  12. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ེདེ་རིང་གསར་འགྱུར་ཞིག་འབྲི་དགོས་ཀྱི་ཡོད་ལ། དེའི་ནང་གི་ཐ་སྙད་མང་པོ་ཞིག་ནི་ཚན་རིག་དང་འབྲེལ་བ་ཡོད་པའི་སྐོར་རེད། ངས་གསར་དུ་ཐོན་པའི་མིང་མཛོད་འདིའི་ནང་བཙལ་སྐབས་རྙེད་སོན་བྱུང་སོང་།

    Genes རྒྱུད་རྒྱུ།
    Altitude མཚོ་འཕགས།

    འདི་དག་བེད་སྤྱོད་བྱ་རྒྱུ་ཡིན་པས། ཚང་མས་ཚིག་དོན་ཇི་བཞིན་རྟོགས་པའི་རེ་བ་ཡོད།

    འདི་དག་བེད་སྤྱོད་གཏོང་གི་ཡིན།

    Reply
  13. ཚེ་རིང། says:
    ལོ་ 15 སྔོན།

    མིང་མཛོད་ཅེས་བཅོས་རོགས།

    Reply
  14. ཚེ་རིང། says:
    ལོ་ 15 སྔོན།

    བསྐྱར་པར་ཆོག་མཆན་གལ་ཆེན་པོ་རེད།
    མང་མཛོད་འདིའི་སྐོར་ལ་མང་པོ་ཞིག་གིས་དོ་སྣང་དང། བསྔགས་བརྗོད་གནང་འདུག ང་ཡང་དགའ་པོ་བྱུང། སྒོས་སུ་ལག་བསྟར་ཕྱོགས་ལ་འབད་བརྩོན་བྱེད་ཐུབ་ན་ཡག་པོ་འདུག བསྐྱར་པར་བྱེད་རྒྱུར་ཆོག་མཆན་ཡོད་མེད་ཁག་ཅིག་གིས་གླེང་འདུག་ལ། ཆོག་མཆན་ཧ་ཅང་གལ་ཆེན་པོ་རེད་མོད། ཁོང་ཚོར་འབྲེལ་ལམ་ཡག་པོ་ཡོད་པས། ཆོག་མཆན་ཡོད་ཀྱི་རེད་བསམས་སོང། ཡིན་ནའང། བོད་ཕྱི་ནང་གི་འབྲེལ་བ་འདི་གསང་བའི་ཐོག་ནས་བྱེད་དགོས་པས། ཆོག་མཆན་ཡོད་པ་ཕྱིར་བསྒྲགས་བྱེད་ཀྱི་ཁག་པོ་རེད་སྙམ།

    Reply
  15. གངས་རླུང་། says:
    ལོ་ 15 སྔོན།

    སྐྱེས་ཆེན་དམ་པའི་མཛད་པ་གངས་ལ་བཞག། ཅོལ་ཆུང་ང་ལ་འཚོ་བའི་ལམ་བཟང་རེག། བརྩོན་འགྲུས་རྟ་ལ་ལེ་ལོས་ལྕག་གྱིས་བཟུང་། གདོང་དམར་ཚང་གི་ང་ལ་ཧ་ཧ་ཟེར། གྲོང་པ་ཚང་གི་ང་ལ་བླུན་རྒན་ཟེར། ང་དང་ང་འདྲའི་རྗེས་འབྲང་མེད་པར་མཁྱེན།།།

    Reply
  16. མདོ་ལའི་འཁྱམས་པོ། says:
    ལོ་ 15 སྔོན།

    ངས་འདི་ནས་གངས་ལྗོངས་སྨྲ་བའི་དབང་པོ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་དང་བོད་ནང་བཞུགས་ཀྱི་དེབ་འདིའི་ཕྱིར་དུ་ཕྱག་ལས་གནང་མཁན་ཚང་མར་བཀའ་དྲིན་དང་ཐུགས་རྗེ་ཆེ་ཞུ་བ་དང་། ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གིས་རྒྱ་བོད་དབྱིན་གསུམ་གྱི་གསར་བྱུང་རྒྱུན་བཀོལ་མིང་མཛོད ༽ ཅེས་པའི་དཔེ་དེབ་དེ་བསྐྱར་དཔར་གྱི་ཆོག་མཆན་འོག་དབུ་འབྱེད་གནང་ཡོད་པའང་ཐུགས་རྗེ་ཆེ་ཞུ།
    མིང་མཛོད་ནང་གི་ཐ་སྙད་འགའ་རེར་མི་བདེ་བ་ཡོད་མོད། དེ་ནི་ཐ་སྙད་དེ་ཚོ་སོ་སོའི་ངག་ཐོག་ཏུ་མ་འཇགས་པས་རེད། བོད་ནང་བོད་སྐད་གཙང་མ་བཤད་སྐབས་འདིའི་ནང་གི་ཉིན་རེའི་འཚོ་བའི་ཁྲོད་ཀྱི་ཐ་སྙད་དག་བེད་སྤྱོད་བྱེད་འགོ་བཙུགས་འདུག་ལ། ད་དུང་མདོ་དབུས་ཁམས་གསུམ་ཡོངས་རྫོགས་པས་མིང་མཛོད་དེ་ལ་དམིགས་བསལ་དོ་སྣང་ཤུགས་ཆེན་པོའང་བྱེད་ཀྱིན་འདུག། དེའི་ཕྱིར་ང་ཚོས་ཀྱང་བོད་ནང་གི་སྤུན་ཟླ་ཚོར་གདུང་སེམས་མཉམ་བསྐྱེད་ཀྱི་ཆེད་བོད་སྐད་གཙང་མ་ཞིག་བཤད་ཆེད་རང་ཉིད་བསྒྱུར་བཅོས་བཏང་ནས་རང་ཉིད་ཀྱིས་འགོ་འཛུགས་བྱེད་པའི་རེ་བ་དང་འབོད་སྐུལ་ཞུ། ཁ་བྲོ། བཀྲ་ཤིས།

    Reply
  17. སྤང་མདའ་སྟོབས་རྒྱས། says:
    ལོ་ 15 སྔོན།

    མཁས་དབང་ཚུལ་ཁྲིམས་བློག་གྲོས་རིན་པོ་མཆོག་གི་དབུས་པའི་གཞིས་བཞུགས་ཤེས་
    ཡོན་ཅན་དང་མཁས་དབང་རྣམ་པ་ལ་སེམས་གཏིང་ནས་དགའ་བསུ་དང་ཐུགས་རྗེ་བླ་མེད་དུ་ཆེ་ཞུ།
    ཆབས་གཅིག་བང་ཆེན་ཚང་ལ་དེ་ལུགས་ཐུགས་རྗེ་ཆེ་ཞུ།

    Reply
  18. ཉི་མ་རྒྱལ། says:
    ལོ་ 15 སྔོན།

    གསེར་ཐང་བླ་རུང་ཆོས་སྒར་གྱི་མཁས་དམ་པ་སྨྲ་བའི་དབང་ཕྱུག་མཁན་ཆེན་
    ཚུལ་ཁྲིམས་བློ་གྲོས་མཆོག་གཙོ་བྱས་པའི་རྒྱ་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་
    མིང་འཛོད་ཅེས་པ་འདི་རྩོམ་སྒྲིག་པ་ཡང་ལ་གུས་པས་་སེམས་གཏིང་ནས་ཐུགས་
    རྗེ་ཆེ་ཞུ་བ་མ་ཟད། ད་རེས་ཁ་པ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་ལྷག་
    བསམ་ཆེན་པོའི་ངང་ནས་འགྲེམས་སྤེལ་བྱས་པ་ལ་ཐུགས་རྗེ་ཞུ་བ་ཡིན།

    Reply
  19. གླག་སྨྱོན། says:
    ལོ་ 15 སྔོན།

    ད་ཐེངས་བཙན་བྱོལ་གཞུང་གིས་ཡག་པོ་ཞིག་བྱས་འདག

    Reply
  20. ཞག་སྒྲོན། says:
    ལོ་ 15 སྔོན།

    འདི་དང་འདི་ལྟ་བའི་བོད་ནང་གི་དེབ་རིགས་མང་བོ་ཞིག་ཚོགས་སྡེ་རྣམས་ཀྱིས་བྱེས་བཞུགས་བོད་མི་ཡོངས་སུ་ཁྱབ་ཐུབ་ཞིག་བཟོ་ཐུབ་ན་དེ་ཡང་ཁ་བསྐོང་ཞིག་རེད་འདུག ངོ་མ་ཡག་པོ་འདུག ཁ་དྲོ།

    Reply
  21. སེམས་པ་རྨས་མ། says:
    ལོ་ 15 སྔོན།

    བོད་རྒྱ་དབྱིན་གསུམ་ཟེར་ན་ཅུང་བློ་ལ་འབབ་ནི་ཞིག་རེད

    Reply
  22. སེམས་པ་རྨས་མ། says:
    ལོ་ 15 སྔོན།

    ཧ་ཅང་དགའ་འོས་པ་ཞིག་རེད

    Reply
  23. མཁའ་དབུགས་གསར་བ says:
    ལོ་ 15 སྔོན།

    སྤྱིར་ན་འདི་ནི་དགའ་འོས་པའི་དོན་བཟང་ཞིག་རེད། ཡིན་ཡང་རབ་ཡིན་ན་བོད་ནང་གི་པར་བསྐྲུན་ཟིན་པའི་ཐ་སྙད་དག་གཞིར་བཞག་གི་སྟེང་ནས་སྒྲིག་ཡོད་ན་ལེགས་བསམ། རྒྱུ་མཚན་ནི་བཙན་བྱོལ་བོད་མི་ཚོར་བོད་ནང་གི་དཔེ་དེབ་ཀློག་པའི་རང་དབང་ཡོད་མོད། བོད་ནང་གི་བོད་མི་ཚོར་བཙན་བྱོལ་སྤྱི་ཚོགས་སུ་པར་བསྐྲུན་བྱས་དཔེ་དེབ་ཀློག་རྒྱུའི་རང་དབང་མེད་པས་སོ།

    Reply
  24. ཇ་མ་ says:
    ལོ་ 15 སྔོན།

    ཚིག་མཛོད་དེའི་ནང་དུ་སྔགས་ཡིག་མང་པོ་མེད་པའི་སྨོན་ལམ། ཚིག་མཛོད་ལ་ད་དུང་མཇལ་མ་མྱུང་དེས་རྐྱེན་པས་སྨོན་ལམ་རྒྱབ་པ་ཡིན།

    Reply
  25. ནགས་མེ། says:
    ལོ་ 15 སྔོན།

    བོད་ཀྱི་བང་ཆེན་གསར་ཁང་ཚང་སེམས་བསམ་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ།

    Reply
  26. གངས་བུ་ལྷག་བསམ་ཅན། says:
    ལོ་ 15 སྔོན།

    ཐོག་མར་དེ་ལ་གངས་ལྗོངས་སྨྲ་བའི་དབང་པོ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་དང་བོད་ནང་བཞུགས་ཀྱི་དེབ་འདིའི་ཕྱིར་དུ་ཕྱག་ལས་གནང་མཁན་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་ཡ་དང་། གཉིས་པ་དེ་ལ་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་ལ་ཐུགས་རྗེ་ཆེ་ཞུ་ཡ་ཡིན།

    Reply
  27. སྒོམ་སྡེ་དོན་གྲུབ་རྒྱལ་མཚན། says:
    ལོ་ 15 སྔོན།

    མིང་མཛོད་དེ་ལ་ང་ཚོས་ངེས་པར་དུ་དོ་སྣང་སྤྲད་དགོས། དེའི་ནང་གི་ཐ་སྙད་འགའ་རེར་མི་བདེ་བའི་ཚོར་སྣང་ཞིག་ཡོང་གི་འདུག་ཀྱང་། དེ་ནི་ཐ་སྙད་དེ་ཚོ་སོ་སོའི་ངག་ཐོག་ཏུ་མ་འཇགས་ཙང་རེད། བོད་ཀྱི་ནས་མདོ་དབུས་ཁམས་གསུམ་ཡོངས་རྫོགས་པས་མིང་མཛོད་དེ་ལ་དམིགས་བསལ་དོ་སྣང་ཤུགས་ཆེན་བྱེད་ཀྱིན་ཡོད། ད་རེས་ཁ་པ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གིས་ལྷག་བསམ་ཆེན་པོས་བྱེས་བཞུགས་ཀྱི་སྤུན་ཟླ་ཚོའི་སྤྱན་ལམ་སྟར་ཐུབ་པ་དེར་དམིགས་བསལ་གྱི་འཚམས་འདྲི་ཞུ། ལས་དོན་དེར་གཉེར་གནང་བར་བཀའ་དྲིན་ཆེ་ཞུ། ཐུགས་རྗེ་ཆེ།

    Reply
  28. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    དཔེ་དེབ་འདིའི་མགོར་། ཐུགས་སྣང་ཞེས་པའི་ནང་། “ཀློག་མཁན་རྣམས་ལ་ཐུགས་སྣང་ཞུ་རྒྱུར། བོད་ནང་ནས་རྩོམ་སྒྲིག་གནང་བའི་༼ རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད། ༽ འདི་ཉིད། འདི་ནས་བོད་ཀྱི་སྐད་ཡིག་རིག་གནས་ཡར་རྒྱས་དང་། གཞིས་བྱེས་གཉིས་ཀྱི་ཐ་སྙད་གསར་པ་རྣམས་གཅིག་གྱུར་ཡོང་སླད་དཔར་སྐྲུན་འགྲེམས་སྤེལ་ཞུས་ཤིང་། དེ་ཡང་མིང་མཛོད་འདིའི་གཙོ་འགན་རྩོམ་སྒྲིག་པ་སོགས་ཀྱི་རིག་རྩལ་བདག་དབང་དང་ཐོབ་ཐང་རྐུ་འཕྲོག ཆོག་མཆན་མེད་པར་ཧམ་སེམས་ཀྱིས་དཔར་སྐྲུན་བྱས་པ་ཞིག་གཏན་ནས་མིན་པས་དེ་ལུགས་དགོངས་འཇགས་ཡོང་བ་ཞུ་རྒྱུ་དང་། མིང་མཛོད་འདི་དཔར་སྐྲུན་ཆེད་མཐུན་འགྱུར་རོགས་རམ་གནང་མཁན་རྣམས་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས། ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲིད་ཞུ་ཁང་ནས” ཞེས་བཀོད་འདུག

    Reply
  29. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    འདི་ལྟར་ཕྱི་ནང་རོགས་འདེགས་དང་མཉམ་ལས་བྱས་ན་དགེ་མཚན་ཆེ། བསྐྱར་དཔར་གྱི་ཆོག་མཆན་ཞུས་ཡོད་མེད་སོགས་གནས་ཚུལ་དེ་ཙམ་ཁ་གསལ་བཀོད་མི་འདུག

    Reply
  30. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    དེའི་སྐོར་གསལ་བོ་ཞིག་མ་ཤེས་མོད། བང་ཆེན་གསར་ཁང་ལ་འབྲེལ་བ་གནོང་དང་། བསྐྱར་དཔར་བྱེད་མཁན་ཁོང་ཅག་ཡིན་སྟབས། དེ་ནས་ཁྱེད་ལ་རག་གི་རེད་སྙམ།

    Reply
  31. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ཚིག་མཛོད་དེ་གང་ཞིག་ནས་ཉོ་རྒྱུ་རག་གི་རེད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese