མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་བློན་ཁྲི་པའི་འོས་མི།

བོད་ཀྱི་དུས་བབ།
༢༠༡༠/༠༨/༠༢
Share on FacebookShare on TwitterShare on EmailShare on Whatsapp

བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་གི་ལོ་རྒྱུས་སྙིང་བསྡུས།

བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ནི་བོད་ཀྱི་རྒྱལ་ས་ལྷ་ས་ནས་འཁྲུངས་ཤིང་། དགུང་གྲངས་དྲུག་ཅུ་ལ་ཕེབས་ཡོད་པ་དང་། ད་ལྟ་ཨ་རིའི་མངའ་སྡེ་ཁེལ་ལ་ཧོ་ནི་ཡའི་ནང་ཡོད་པའི་སྙན་གྲགས་ཅན་གྱི་སུ་ཌན་ཧྥོ་ཌི་(Stanford  University) གཙུག་ལག་སློབ་གཉེར་ཁང་དུ་བོད་ཀྱི་རྒྱལ་རབས་དང་ཆབ་སྲིད། ཚན་རིག་དང་ནང་ཆོས་བར་ཞིབ་འཇུག་གི་ལས་རིགས་གསར་འཛུགས་དང་འབྲེལ། བོད་ཀྱི་རྒྱལ་རབས་དང་ཆབ་སྲིད་སྐོར་གྱི་སློབ་ཁྲིད་པ་གནང་མུས། ཐོག་མར་སྤྱི་ལོ་ ༡༩༦༠ ལོ་ནས་མ་སུ་རི་བོད་གཞུང་གཏན་སློབ་ཏུ་སློབ་སྦྱོང་གནང་བཞིན། ལས་ཞོར་དགེ་རྒན་གྱི་ཕྱག་ལས་གནང་བ་དང་། དེ་བཞིན་རྡོ་རྗེ་གླིང་གླིང་དབྱིན་ཇིའི་སློབ་གྲྭ་ཞིག་ཏུ་ཕྱི་རྒྱལ་གྱི་སྐད་ཡིག་དང་རིག་གནས་སློབ་སྦྱོང་གནང་། སྤྱི་ལོ་ ༡༩༦༧ ལོར་ངྷ་རམ་ས་ལ་བཞུགས་སྒར་ཤེས་རིག་ལས་ཁུངས་དང་བཀའ་དྲུང་ཡིག་ཚང་བཅས་སུ་དབྱིན་ཇིའི་དྲུང་ཡིག་དང་གསུང་སྒྱུར་གཅིག་ལྕོགས་ཀྱི་ལས་ཁུར་བཞེས། སྤྱི་ལོ་ ༡༩༦༨ ལོར་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱས་ལགས་དང་ཁོང་གི་སྐུ་མཆེད་བཀའ་ཟུར་དང་སྐུ་སྒེར་དྲུང་ཆེ་ཟུར་བ་བཀྲས་མཐོང་བསྟན་འཛིན་དགེ་བྱེད་ལགས་བཅས་ནས་འགན་བཞེས་ཀྱིས་བཙན་བྱོལ་ཁྲོད་ཀྱི་གསར་ཤོག་ཐོག་མ་༼ཤེས་བྱ༽་གསར་དེབ་འདོན་སྤེལ་གནང་། སྤྱི་ལོ་ ༡༩༧༠ ལོར་གོང་གསལ་མཛད་གཙོ་ཟུར་པ་རྣམ་པ་གསུམ་དང་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་བཅས་ཀྱིས་བོད་ཀྱི་གཞོན་ནུ་ཚོགས་པའི་སྒྲིག་འཛུགས་གསར་བཏོད་དང་འབྲེལ་ཚོགས་ཆེན་བསྡུ་སྐོང་གི་འགན་བཞེས་ཏེ། གཞོན་ནུའི་ཚོགས་ཆེན་ཐེངས་དང་པོ་ཚོགས་སྐབས་གཞོན་ནུའི་དབུས་སྤྱི་ཁྱབ་རྒྱུན་ལས་ཀྱི་ཚོགས་མིར་འདེམས་ཐོན་བྱུང་བ་བཞིན་ལས་ཁུར་བཞེས་། དེ་བཞིན་དབྱིན་ཡིག་གསར་དེབ་༼བོད་གནས་བསྐྱར་ཞིབ༽ (Tibetan Review) རྩོམ་སྒྲིག་པའི་འགན་བཞེས་གནང་། སྤྱི་ལོ་༡༩༧༣ ནས་ ༡༩༨༦ བར་ཨ་རིའི་གྲོང་ཁྱེར་ནིག་ཡོག་ཏུ་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མའི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་དུ་བསྐོ་བཞག་དང་། དེ་རྗེས་དོན་གཅོད་ལས་ཚབ་དང་རིམ་བཞིན་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་། སྐུ་ཚབ་དོན་གཅོད་ཀྱི་མཛད་ཁུར་སྐབས་བོད་ཀྱི་ཐེབས་རྩ་ཁང་དང་། པོ་ཏཱ་ལ་པར་སྐྲུན་ཁང་། ནིའུ་ཡོག་བོད་ཁང་། ཨ་རི་དང་ཁེ་ན་ཌ་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། བོད་རིགས་མཐུན་ཚོགས་ཁག་གསར་འཛུགས་གནང་། སྤྱི་ལོ་ ༡༩༧༩ ལོར་ཨ་རིའི་གཞུང་ལ་འབྲེལ་མོལ་གྱིས་༸གོང་ས་མཆོག་ཨ་རིར་ཐོག་མའི་ཆིབས་བསྒྱུར་འགོ་འཛུགས་ཐུབ་པ་བྱུང་ཡོད། སྤྱི་ལོ་ ༡༩༨༧ ནས་སྤྱི་ལོ་ ༡༩༩༠ བར་ཨ་རིའི་རྒྱལ་ས་ཝ་ཞིན་ཀྲོན་ཏུ་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་མཛད་འཁུར་བཞེས་ཏེ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་(International Campaign For Tibet)གསར་འཛུགས་ཐུབ་པ་ལ་བརྟེན་ནས་ད་ཆ་ཨ་རིའི་གཙོས་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་གིས་བོད་དོན་རྒྱབ་སྐྱོར་གྱི་ནུས་ཤུགས་ཇེ་ཆེར་གྱུར། དེ་བཞིན་བོད་མི་ཆིག་སྟོང་ཐམ་པ་ཨ་རིར་གཞིས་ཆགས་སུ་ལེན་ཐུབ་པ་བྱུང་བ་དང་། བོད་སྐད་རླུང་འཕྲིན་ཁག་གཉིས་ Voice of America and Radio Free Asia ཨ་རིའི་རྒྱང་བསྲིང་རླུང་འཕྲིན་གྱི་བོད་སྐད་སྡེ་ཚན་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གཉིས་གསར་འཛུགས་ཐུབ་པ་བྱུང་ཡོད། ཨ་རིའི་གཞུང་ནས་སྐྱབས་བཅོལ་བོད་མིའི་འཕྲོད་བསྟེན་དང་ཤེས་ཡོན་སློབ་སྦྱོང་ཐད་རོགས་དངུལ་ཞུས་ཐོབ་བྱུང་སྟེ་ད་བར་མུ་མཐུད་རོགས་རམ་ཐོབ་མུས་ཡིན། སྤྱི་ལོ་ ༡༩༨༠ ལོར་རང་ཡུལ་བོད་ནང་གཟིགས་སྐོར་སྐུ་ཚབ་ཐེངས་གཉིས་པའི་ཚོགས་གཙོའི་ཐུགས་འགན་བཞེས་ཏེ་བོད་ས་སྟོད་སྨད་བར་གསུམ་དུ་གཟིགས་སྐོར་གནང་། སྤྱི་ལོ་ ༡༩༩༠ ལོ་ནས་བཀའ་བློན་རྣམ་པ་༸གོང་ས་མཆོག་གིས་ཐད་བསྐོས་གནང་མ་དགོས་པར་འོས་བསྡུའི་ལམ་ནས་བསྐོ་སྲོལ་མཛད་པ་བཞིན་། དམིགས་བསལ་ཚོགས་འདུའི་ཐོག་ནས་བཀའ་བློན་འོས་བསྡུ་གནང་བར་བཀའ་བློན་གསུམ་འདེམས་ཐོན་བྱུང་ཁོངས་སུ་ཕེབས་ཐུབ་པ་བྱུང་བ་དེ་ནས་བཟུང་། སྐབས་གསུམ་རིང་བཀའ་བློན་གྱི་ལས་ཁུར་བཞེས་པ་མ་ཟད་། སྤྱི་ལོ་ ༡༩༩༣ ་ནས་ ༡༩༩༥ ་བར་ལོ་ངོ་གསུམ་རིང་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པའི་མཛད་འགན་གཞེས། བཀའ་བློན་ལས་བགོས་ཁོངས་ནས་དཔལ་འབྱོར་དང་ནང་སྲིད་། ཕྱི་འབྲེལ་བཅས་ཀྱི་མཛད་ཁུར་བཞེས། སྤྱི་ལོ་ ༡༩༩༥ ལོར་བཀའ་བློན་གྱི་མཛད་ཁུར་འཁྱུར་ནས། ཨ་རིར་གནས་སྤོ་སྐབས་༼བོད་ནང་ལོ་བདུན༽་ཞེས་པའི་གློག་བརྙན་གསར་བཟོའི་སློབ་སྟོན་པ་དང་། དེ་བཞིན་ཏྭ་ལའི་བླ་མའི་ཐེབས་རྩ་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་གྱི་གྲས་དང་། ད་ཆ་ཚོགས་པའི་འགན་འཛིན་གྱི་མཛད་ཁུར་གནང་མུས། དེ་བཞིན Committee of 100 for Tibet ཞེས་པའི་བོད་དོན་སྒྲིག་འཛུགས་ཀྱི་ཚོགས་གཙོའི་མཚན་གནས་ནས་བོད་དོན་ཕྱག་ལས་གནང་མུས་བཅས། མདོ་དོན། བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ནི་སྐྱེས་སྦྱངས་ཀྱི་ཤེས་ཡོན་ལྡན་ཞིང་། ཆབ་སྲིད་ཐད་མཁྱེན་རྒྱ་ཆེ་ལ་རང་གཞུང་དང་ཚོགས་སྡེ་འདྲ་མིན་ཁོངས་ཕྱག་ལས་སྣེ་མང་གནང་བའི་ཉམས་མྱོངས་ཕུན་སུམ་ཚོགས་པ་ལྡན་པ་མ་ཟད། ༸གོང་ས་མཆོག་གི་བཞེད་དགོངས་དང་། བོད་དང་བོད་མིའི་རྕ་དོན་ཐོག་ལངས་ཕྱོགས་བརྟན་ཞིང་དམངས་གཙོར་མོས་པ་ཆེ་ལ། མང་ཚོགས་ཀྱི་བསམ་ཚུལ་གཙིགས་སུ་འཛིན་མཁན། ལྷག་པར་གཞིས་བྱེས་བོད་མིའི་བར་གྱི་འབྲེལ་ལམ་གལ་ཆེ་དོན་ཆེན་དུ་ངོས་འཛིན་གནང་ཐུབ་མཁན་དཀྱེལ་ཆེ་གུ་ཡངས་ཀྱི་དགོངས་བཞེས་ལྡན་པ་ཞིག་ཡིན་པ་དང་། བོད་དང་རྒྱལ་སྤྱིའི་ཆབ་སྲིད་དང་སྤྱི་ཚོགས་ཐད་རྒྱུས་མངའ་ཆེ་ལ་གནའ་དེང་ཟུང་འབྲེལ་གྱི་ཤེས་འཇོན་མྱོང་ལྡན་གཞན་འགྲན་མེད་པ་ཞིག་ལ་བརྟེན། དེ་དོན་རང་ཅག་བོད་མི་སེར་སྐྱ་རྒན་གཞོན་ཚང་མས་བཀའ་ཁྲིར་འོས་འདེམས་ཡོང་བའི་འབོད་སྐུལ་རྩེ་གཅིག་ཏུ་ཞུ་བཞིན་ཡོད་ལགས།།
   

༢༠༡༡ གི་བཀའ་བློན་ཁྲི་བར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་འོས་འདེམས་གནང་རོགས་ཞེས་བལ་ཡུལ་ཀཐ་མན་གྲུ་ནས་ ༢༠༡༡ བཀའ་ཁྲི་འོས་བསྡུའི་གཞི་རིམ་དང་བླངས་ལས་འགུལ་མཐུན་ཚོགས་ཀྱིས་འབོད་བསྐུལ་ནན་པོར་ཞུ་བ་ལགས། བོད་རྒྱལ་ལོ།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡༦ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 44

  1. ད྄ྲང་བདེན་ says:
    ལོ་ 15 སྔོན།

    བཀྲས་མཐོང་ལྟ་བུ་ལ་མཚོན་ན་ཁྲིམས་ལུགས་དང་དམངས་གཙོའི་ལམ་སྲོལ་མ་མདོར་ན་ཆོས་དང་འཇིགས་རྟེན་གཉིས་གང་གིས་སྒོ་ནས་བལྟས་ཀྱང་མ་འོང་པའི་བཀའ་ཁྲའི་འོས་ཆོས་ཚང་མེད།
    1་བོད་གཞུང་གི་རྩ་ཁྲིམས་དང་འགལ་ཏེ་བཀྲས་མཐོང་ནི་བཀའ་ཁྲའི་ལས་དུས་མ་རྫོགས་བར་ལས་གནས་འཕོ་འགྱུར་བྱས་དགོས་བྱུང་བ་ཡིན།
    2དམངས་གཙོའི་ལམ་སྲོལ་དང་འགལ་ཏེ་གཞུང་ངུལ་སྒེར་ཟས་བྱས་པའི་ཉེས་པ་ཕོག་ཡོད་ཁྲིམས་ལུགས་ཀྱིས་ཐོག་ཉེས་པ་ཕོག་ཡོད་མེད་གསལ་ཁ་མེད་ཀྱང་མི་གམངས་ཁྲོད་དུ་ཉེས་པ་ཕོག་ཡོད་པ་མ་ཟད་སྒོར་མོ་ལྐོག་ཟ་བྱས་པའི་ཉེས་པ་ཐེངས་གསུམ་བྱུང་ཡོད་སྒོར་འབུམ་50་དང80།40་བཅས་ཀྱིས་ཉེས་པ་ཆེན་པོ་གསུམ་གྱི་རྒྱུས་བྱུང་ཡོད། དེ་ལྟ་བུའི་གནས་ཚུལ་བྱུང་ཡོད་པ་ནི་བཀའ་ཁྲིའི་འཇོན་ཐང་མེད་པའི་འབྲས་རྟགས་རེད་།
    3་་གནས་ཚུལ་དེ་དག་བྱུང་མ་ཐག་ནང་མི་ཨ་རིར་གནས་སྤོས་བྱས་པ་ནི་མ་དག་པའི་གནས་ཚུལ་ཞིག་ཡོད་པའི་འབྲས་རྟགས་རེད།བཀའ་ཁྲི་བྱས་རིང་བྱས་རྗེས་མེད་ཟད་རྙོགས་འཛིང་གི་ཁྲོད་དུ་ལྷུངས་བ་ཞིག་བསྐྱར་དུ་འོས་མིར་སྟོན་པ་ནི་ཕྱོགས་རིས་་ནད་ཀྱིས་ཟིན་པའི་མི་སྣ་རེ་ཟུང་གིས་ཚོགས་པ་ཁག་གི་མིང་པེད་སྤྱོད་བྱས་ནས་མི་དམངས་ཀྱིས་མངོན་འདོད་ཡིན་ཁུལ་བྱས་ཁོ་ན་རེ་ཨང་།

    Reply
  2. Lhamon says:
    ལོ་ 15 སྔོན།

    ཁང་གསར་རྡོ་རྗེ་ལགས་བསྐྱར་དུ་ཕེབས་པར་དགའ་བསུ་ཞུ། ད་རེས་ངེད་གཉིས་ཀྱི་གནད་དོན་ཁོ་ནའི་ཐོག་ཏུ་བགྲོ་གླེང་བྱེད་རྒྱུ་ལས། དོན་མེད་ཀྱི་ཚིག་ཉོག་བྲིས་ནས་ཕན་ཐོགས་མི་འདུག ཨ་རིའི་བོད་ཀྱི་ཐེབས་རྩ་གལ་སྲིད་སྒེར་བདག་བྱས་པ་ཞིག་ཏུ་བརྩི་གི་ཡོད་ན། དྷ་ས་བོད་ཕྲུག་ཁྱིམ་སྡེ་དང་ནོར་བུ་གླིང་ག སྨན་རྩིས་ཁང་སོགས་ཀྱང་སྒེར་བདག་ཏུ་བརྩི་རྒྱུ་ཡིན་ནམ། ཚང་མ་གཅིག་མཚུངས་རེད། དེའི་སྐོར་མང་པོ་བཤད་ནས་ཕན་ཐོགས་མི་འདུག ངེད་གཉིས་ཀྱི་བརྗོད་གཞི་ལས་བརྒལ་འདུག་པས་མཚམས་འཇོག་རྒྱུ་ཡིན།
    ཁྱེད་ཀྱིས་ང་ལ་ཨ་ཐར་ཅན་གྱི་ཡིག་ཆ་བསྔོགས་པ་རེད་ཟེར་ཡང་རུང་། ངས་ཁྱེད་ལ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ཡིག་ཚགས་བལྟས་པ་རེད་ཅེས་བཤད་ཀྱང་རུང་། གང་ལྟར་བདེན་པ་ཡིན་ན་གཅིག་པ་མ་རེད་པས། རྫུན་མ་ཡིན་ན་གང་ནས་ཡིན་ཡང་གཅིག་པ་མ་རེད་དམ། གང་ལྟར་ད་དུང་བརྗོད་གཞི་རང་གི་ཐོག་ཏུ་ཕེབས་དང་། བགྲོ་གླེང་བྱེད་ཆོག དེ་རིང་ཁྱེད་ཀྱི་འབྲི་སྟངས་ལ་བལྟས་ན་གཡོལ་ཐབས་ཁོ་ན་རེད་འདུག དེར་བརྟེན་རྗེས་མ་མཐུད་དུ་ཕེབས་དང་། བགྲོ་གླེང་ཞུ་ཆོག བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱི་ཡོན་ཏན་དང་སྐྱོན་གང་ཐད་ནས་ཡིན་ཡང་ཚང་མ་མཐོང་བའི་ཐོག་ནས་བགྲོ་གླེང་བྱེད་ཆོག

    Reply
  3. ཕྱོགས་གླང། says:
    ལོ་ 15 སྔོན།

    ལྷ་སྨོན་ལགས་ཀྱི་ ༼ དབུས་གཙང་པས་ཕྱོགས་རིས་བྱ་རྒྱུ་ཡིན་པ་ད་ལྟ་ནས་གསལ་པོ་ཆགས་ཙང་༽གསུངས་སྟངས་ལ་བལྟས་ན་ཉེ་ཆར་དབུས་གཙང་ཆོལ་ཁའི་རྒྱུན་ལས་ཞེས་དབུས་གཙང་ཆོལ་ཁའི་མིང་འཁྱེར་ཏེ་བཀའ་ཁྲིའི་འོས་མི་འཁྲུངས་ཡུལ་དབུས་གཙང་ནས་ཡིན་པའི་བོད་མི་གཅིག་རང་དང་། ཆོལ་ཁའི་ཤ་ཚ་ཞེན་ཁོག་དགོས་པའི་ཆ་རྐྱེན་བཏོན་པའི་གསལ་བསྒྲགས་ལ་བརྟེན་ནས་གསུངས་པ་ཡིན་གྱི་རེད། གསལ་བསྒྲགས་དེ་མཐོང་དུས་ང་རང་ཡང་བློ་ཕམ་དང་། ཧ་ལས། ཧང་སང་དགོས་པ་ཞིག་བྱུང་།། ཡིན་ནའི་བསམ་བློ་ཞིབ་ཚགས་བཏང་དུས་དེང་སང་ཚོགས་མིང་འདྲ་མིན་སྣ་ཚོགས་ཀྱིས་ཚོགས་མི་རེ་གཉིས་ལས་མེད་ནའང་དབུས་རྒྱུན་ལས་ཁང་ཞེས་མིང་རྫིག་པོ་ཞིག་བཏགས་ཀྱི་ཡོད་པ་ལྟར་ད་རེས་དབུས་གཙང་ཆོལ་ཁའི་དབུས་རྒྱུན་ལས་ཁང་ཞེས་ཁོང་ཚོ་མི་འགའ་ཤས་ཀྱིས་ཐག་གཅོད་བྱས་ཏེ་ཆོལ་ཁ་ཞིག་གི་མིང་འཁྱེར་བ་ལས། དོན་དངོས་ཐོག་སྐྱེས་ཡུལ་དབུས་གཙང་ཁུལ་ནས་ཡིན་པའི་བོད་མི་མང་ཆེ་བ་ནི་བོད་མི་ས་ཡ་དྲུག་གི་བདེ་སྡུག་གམ། བོད་མི་སྐྱིད་སྡུག་མཉམ་མྱོང་གི་བསམ་བློ་གཏིང་ཟབ་ཡོད་པའི་བོད་མི་ཚད་ལྡན་ཞིག་བྱས་པ་ལས་ལུང་ཚན་ཕྱོགས་རིས་འཐེན་འཁྱེར་བྱས་ཏེ་རྙོག་ཁྲ་བཟོས་པའི་ལོ་རྒྱུས་ད་བར་གོ་རྒྱུ་མེད་པ་ལྟ་བུ་རེད། དཔེར་ན། བཙན་བྱོལ་ནང་བོད་མི་མང་ཆེ་བ་ནི་སྐྱེས་ཡུལ་དབུས་གཙང་ཁུལ་ནས་ཡིན་ཀྱང་བཀའ་ཁྲིའི་འོས་འདེམས་ཐེང་གཉིས་ཀ་ཟམ་གདོང་རིན་པོ་ཆེར་ཐོབ་པ་དེ་ལུང་ཚན་གང་ནས་ཡིན་མིན་ལ་མ་ལྟོས་པར་ཤེས་འཇོན་ཡོད་པའི་སྤྱི་མི་ཚད་ལྡན་ཞིག་ལ་རྒྱབ་སྐྱོར་བྱས་པའི་རྣམ་པ་གསལ་པོ་ཞིག་བསྟན་པ་མ་རེད་པས།། མ་གཞི་ནས་ཆོལ་ཁའི་ཚོགས་པ་དགོས་དོན་ག་རེ་འདུག་གམ། དགོངས་པ་བཞེད་རོགས་གནང་། ངས་ནི་ང་ཚོ་བོད་རིགས་ནང་ཁུལ་ཕྱོགས་རིས་འཐེན་འཁྱེར་སོགས་རྙོག་ཁྲ་བཟོ་མཁན་ཞིག་ལས་དགེ་མཚན་ཏིལ་འབྲུ་ཙམ་ཡང་མཐོང་གི་མེད།།

    Reply
  4. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    ད་རེས་ལྷ་སྨོན་པ་ཏོག་ཙམ་ངར་ཁུལ་རེད་འདུག་ག ལི་ཐང་ཨ་དར་ཅན་གྱི་དེབ་དེ་ཚོ་བསྔོགས་ནས་འདྲ་ཆགས་ཆགས་ཤིག་བྲིས་ཡོང་གི་འདུག་ག ཨ་ཙི་ཀུ་རེ་ཡིན།

    དྲང་པོ་བཤད་ན། ད་ལྟ་ཐོན་བསྡད་པའི་འོས་མི་དེ་ཚོའི་ནང་ནས་སུ་ཞིག་ལ་ང་རང་གི་འོས་དེ་འཕེན་དགོས་མིན་མ་ཤེས་པར་བསྡད་ཡོད།

    ལུང་རིགས་ཀྱིས་བཀྲས་མཐོང་ལ་རྒྱབ་སྐྱོར་གནང་བ་ཙམ་དུ་མ་ཟད། རྒྱབ་སྐྱོར་གནང་མཁན་སྔ་ཤོས་གྲས་རེད། ཡིད་མ་ཆེས་ན་ཁོང་གི་ཟིན་བྲིས་རྙིང་པ་དེ་ཚོར་གཟིགས།

    ཨ་རི་ཐེབས་རྩ་ནི་སྒེར་གྱིས་བཟུང་བ་འདྲ་བོ་རེད། ཨ་རི་དོན་གཅོད་ཀྱང་ལོ་ཤས་གོང་དེའི་ཚོགས་མི་ནས་འཐེན་སོང་ང་། འཛིན་སྐྱོང་བྱེད་མཁན་ནང་འགན་འཛིན་ལྷན་ཚོགས་ཤིག་ནི་མ་ཡོད་རང་ཡོད་རེད། ཐོག་མར་འཛུགས་དུས་ཀྱི་དེབ་སྐྱེལ་ཁྲིམས་ཡིག་ནང་གསལ་ཡོད། དེ་མིན་ལོ་ཤས་གོང་ཐེབས་རྩའི་ལས་བྱེད་མགོ་སེར་ཞིག་གིས་ཐེབས་རྩའི་ཨ་སྒོར་ག་ཚོད་བཟས་སོང་། དེ་ལ་བྱེད་རྒྱུ་ཅི་འདུག

    དེ་ཚོ་ནོར་གླིང་དང་འདྲ་བོ་རེད། སྒེར་བདག་རེད་ཟེར་བ་ལ་ནི། ཚོགས་པ་ཞིག་ཡིན་པ་འདྲ་བོ། སྒེར་བདག་མ་རེད་ཟེར་བ་ལ་ནི་ཡིན་པ་འདྲ་བོ། གང་ལྟར་དེ་འདྲ་ཞིག་རེད། བཀའ་ཟུར་རེ་རེས་ག་རེ་ག་རེ་བཟུང་འདུག ཁྱེད་རང་གིས་རྩིས་ཤིག་རྒྱོབས་དང་། ངས་ནི་འདི་ནས་རྩིས་ཞེ་དྲག་ཐེབས་ཀི་མི་འདུག་ག

    Reply
  5. གཞིས་ཆགས་བུ། says:
    ལོ་ 15 སྔོན།

    ཤེས་ཡོན་དང་ཉམས་མྱོང་གཉིས་ལྡན་གྱི་སྐྱེ་བོ་། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ནི་ངའི་སེམས་དབུས་སུ་ཡོད་པའི་ ༢༠༡༡ ལོའི་བཀའ་བློན་ཁྲི་པའི་འོས་མི་དེ་ཡིན། དྲ་གྲོགས་རྣམས་ཀྱི་མཁྱེན་གསལ་ལྟར། ཁོང་ནི་དབྱིན་བོད་ཀྱི་སྐད་ཡིག་གཉིས་ལ་སྦྱངས་པ་ཆེ་ཞིང། བཀའ་བློན་ཁྲི་པའི་འགན་ཡང་བཞེས་ཡོད།

    Reply
  6. Lhamon says:
    ལོ་ 15 སྔོན།

    ངས་ཚོད་དཔག་བྱས་པ་ལྟར། ཁང་སར་རྡོ་རྗེ་ལགས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་སུ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་གསལ་པོ་ཆགས་སོང། ཁོང་གིས་ཨ་རིའི་བོད་ཀྱི་ཐེབས་རྩ་གསར་འཛུགས་བྱས་དང། ཁོང་གིས་སྒེར་བདག་མ་བྱས་པའི་བྱས་རྗེས་བགྲང་འདུག་པ་མ་ཟད། ད་ལྟའི་ཆར་སྒེར་བདག་ཡིན་པ་ལྟ་བུ་བརྗོད་འདུག དེ་ཡང་གནད་དོན་འདི་དང་ཐད་ཀར་འབྲེལ་མི་ཆེ་ཡང་གསལ་བཤད་ཟུར་ཙམ་ཞུས་ན། ཨ་རིའི་བོད་ཀྱི་ཐེབས་རྩ་སྒེར་ལ་བདག་པ་ཞིག་རྩ་བ་ཉིད་ནས་མ་རེད། ཨ་རིའི་ཁྲིམས་ལུགས་ཀྱི་འགྲོ་སྟངས་ཐོག་ནས་བོད་གཞུང་གིས་རྩིས་ཞིབ་བྱེད་ཐུབ་མིན་སོགས་ཀྱི་སྐུ་ངལ་ཞིག་བྱུང་བ་བདེན་པ་རེད་ལ། གྲོས་ཚོགས་ནང་དུ་མགོ་མ་ཚོས་པ་ཁག་ཅིག་གིས་དེའི་སྐོར་ལ་སྐྱོན་བརྗོད་བྱས་པའང་བདེན་པ་རེད། འོན་ཀྱང་གོང་དུ་ཞུས་པ་བཞིན་ཨ་རིའི་བོད་ཀྱི་ཐེབས་རྩ་དེ་མི་སྒེར་ལ་བདག་པ་ཞིག་གཏན་ནས་མ་རེད་ཅེས་ད་ལྟའི་འགན་འཛིན་ལས་ཐོག་པ་རིན་ཆེན་ཐར་ལོ་ལགས་ཀྱིས་གསལ་བཤད་མང་པོ་གནང་ཟིན་པ་རེད། དེ་དྲ་གྲོགས་ཡོངས་ལ་མཁྱེན་རྟོགས་ཀྱི་ཆེད་དུ་ཞུས་པ་ཡིན།
    དེ་ནས་ཁང་སར་རྡོ་རྗེས་ཨ་རིའི་ཐེབས་རྩ་བཀྲས་མཐོང་བསྟན་རྣམ་གྱིས་བཙུགས་པ་དང། མཐའ་མ་ཁོང་གིས་སྒེར་བདག་མ་བྱས་པ་དེ་ཡག་པོ་བྱུང་ཚུལ་བརྗོད་འདུག་པ་མ་ཟད། “དེ་མིན་གྱི་བཀའ་ཟུར་ཚོ་ལ་ལྟོས་དང་། སོ་སོས་རེ་རེ་བཟུང་མ་བསྡད་པ་ཞེ་དྲག་ཡོད་མ་རེད། བཀྲས་མཐོང་འདི་བཙན་བྱོལ་ནང་གི་མི་འཇོན་ཤོས་ཤིག་རེད།” བྲིས་འདུག་པས་དེའི་ཐད་ནས་དྲི་བ་གཅིག་དང་གནས་ཚུལ་ཁ་ཤས་ཤིག་ཞུ་རྒྱུ་ཡོད། དང་པོ་ཁང་སར་རྡོ་རྗེ་ལགས་སུ་ཞུ་རྒྱུར་བཀའ་ཟུར་ནང་ནས་རེ་རེ་བཟུང་ནས་མ་བསྡད་པ་ཞེ་དྲག་ཡོད་པ་མ་རེད་ཅེས་པ་དེ། བཀའ་ཟུར་སུ་དང་སུ་རེད། བཀའ་ཟུར་ཉི་ཤུ་ལྷག་ཅིག་ཡོད་པ་རེད། དེའི་ནང་ནས་བཟུང་མ་བསྡད་པ་ཞེ་དྲག་ཡོད་པ་མ་རེད་ཅེས་བརྗོད་ཡོང་དུས། བཀའ་ཟུར་ཕལ་མོ་ཆེས་རེ་རེ་བཟུང་ཡོད་པ་ལ་གོ་བ་ལེན་དགོས་པ་རེད་དམ། དེའི་ནང་ནས་བཀའ་ཟུར་སུ་དང་སུ་རེད། ལན་འདེབས་གནང་རོགས།
    དེ་ནས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱི་སྐོར་ཁ་ཤས་ཤིག་ཞུ་རྒྱུ་ཡིན། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་སྔོན་མ་ཨ་རིའི་དོན་གཅོད་གནང་བ་སོགས་ཀྱི་ལོ་རྒྱུས་དངོས་བདེན་ཡིན་པ་དང། རྗེས་སུ་བཙན་བྱོལ་བོད་གཞུང་གི་བཀའ་བློན་གནང་བར་ཕེབས་པའི་སྐབས་དམིགས་བསལ་སྐུ་ཚབ་ཀྱི་འགན་དབང་དང་དོན་གཅོད་ཀྱི་གོ་གནས་སོགས་ཚང་མ་བཞག་ནས་མི་ཡོང་ཀ་མེད་རེད། དེ་ནས་རྒྱ་རི་རིན་པོ་ཆེ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱིས་མཚམས་སྦྱོར་ཞུས་པ་ལྟར་ཁོང་གི་གོ་གནས་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཏུ་བསྐོས་པ་ཞིག་ཡིན་པ་དང། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་༡༩༩༥ ལོར་བཀའ་བློན་ཁྲི་པ་ཡིན་བཞིན་དུ་གློ་བུར་དགོངས་པ་ཞུས་ནས་ཕེབས་པའི་སྐབས་རྒྱ་རི་བློ་གྲོས་རྒྱལ་མཚན་ལ་ཨ་རིར་ལས་ཀ་ཞིག་འཚོལ་རོགས་ཞེས་ཡི་གེ་ཕུལ་ཡང་ལན་འདེབས་མ་གནང་བར་བརྟེན། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང་རྒྱ་རི་བློ་གྲོས་རྒྱལ་མཚན་གཉིས་ཞལ་ཚེར་ཚེར་ཙམ་ལས་དེང་སྐབས་མི་མཐུན་པ་དེའི་འགོ་དེ་ནས་བཙུགས་པ་རེད། ངས་འདི་ལྟར་བཤད་དགོས་དོན། ཁོང་བཀའ་བློན་ཁྲི་པ་ནས་གློ་བུར་རྩ་དགོངས་ཞུས་ནས་ཕེབས་པའི་སྐབས་ཨ་རིའི་དོན་གཅོད་དང། ཨ་རིའི་ཐེབས་རྩའི་ནང་ལག་པ་སྐྱོང་ཐུབ་ཐབས་གཏན་ནས་མེད་པ་དང། ཐ་ན་ཁོང་གིས་བཙུགས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ཞེས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དེ་ཡང་མི་གཞན་གྱི་ལག་ཏུ་ཤོར་ཟིན་པ་རེད། དེར་བརྟེན་ཁོང་གིས་ཨ་རིའི་བོད་ཀྱི་ཐེབས་རྩ་སྒེར་བདག་མ་བྱས་པ་རེད་ཅེས་ཁང་སར་རྡོ་རྗེས་བཀྲས་མཐོང་བསྟན་རྣམ་གྱི་བྱས་རྗེས་སུ་བགྲང་པ་དེ་ཀློག་མཁན་རྣམས་མགོ་རྨོངས་ཐབས་ཁོ་ན་ལས་རྒྱུ་མཚན་གཏན་ནས་མེད་པ་ཞིག་རེད། ད་དུང་ཁོང་བཀའ་བློན་ཁྲི་པའི་གོ་གནས་ནས་གློ་བུར་རྩ་དགོངས་ཞུ་དགོས་དོན། ལ་དྭགས་ཀྱི་ར་མའི་ཁུ་ལུའི་གནད་དོན་གྱི་གླེང་རྙོག་དང་། ལ་སྤྱི་བློ་གྲོས་རྒྱལ་མཚན་གྱིས་སྤྱི་ས་སྒེར་བདག་བྱས་པའི་རྒྱབ་ལྗོངས། ཉི་ཧོང་དོན་གཅོད་ནས་བརྒྱུད་ནས་ཨ་སྒོར་ཅེག་འཛིན་མི་འདྲ་བ་ཁག་ལྔ་པ་འབྱོར་ཡང་བོད་གཞུང་གི་རྩིས་ཁོངས་སུ་མི་གསལ་བ་སོགས་ཀྱི་རྩོད་རྙོག་མང་དག་ཅིག་ཡོད་པར་བརྟེན་གནས་ཚུལ་ཞིབ་ཕྲ་ཆ་ཚང་ཤེས་ཀྱི་ཡོད་ཀྱང། ཁང་སར་རྡོ་རྗེ་ལགས་ཀྱིས་རྗེས་སུ་གནད་དོན་འདིའི་སྐོར་ལ་ལན་འདེབས་གནང་ངེས་ཡིན་སྟབས་དེ་དང་དེ་ལྟ་བུའི་གླེང་གཞི་མང་པོ་ཡོད་པ་དེ་རིང་འདིར་མི་སྤྲོ་བར་རྗེས་སུ་རིམ་པས་ཉི་མ་རིང་པོ་ལ་རྩམ་པ་ཞིམ་པོ་ཟ་ཆོག་གི་རེད།
    ལུང་རིགས་རྒྱལ་ལགས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱི་རྒྱབ་སྐྱོར་རེད་ཅེས་ཟེར་ཏེ་ངས་བལྟས་ན་ཁོང་གིས་གསར་འགོད་པ་ཞིག་དང་རྩོམ་སྒྲིག་པ་ཞིག་གི་འདུ་ཤེས་མ་དོར་བའི་ཐོག་ནས་ད་བར་དྲང་པོ་དྲང་བཞག་ཏུ་ཕེབས་པ་ལས། གཡས་འཐེན་གཡོན་ལྷུང་གི་ལྟ་ཚུལ་ཡོད་པ་གཏན་ནས་ཤེས་མ་སོང་ལ། ཁྱེད་ཀྱིས་བཤད་པ་དེ་ལ་མོས་མཐུན་ཞུ་ཐུབ་ས་མ་རེད། འོན་ཀྱང་ལུང་རིགས་རྒྱལ་ལགས་སྒེར་ངོས་ནས་འོས་ཤོག་སུ་ལ་བླུག་དགོས་དང་མི་དགོས་གནད་དོན་དེའི་ཐོག་ནས་བསམ་བློ་ཞིག་ཡོད་ཡོད་པ་རེད་དེ། དུས་རྒྱུན་ཁང་རྡོ་ལགས་ལྟ་བུ་གནང་མཁན་ཞིག་མིན་པ་ཧ་ཅང་གསལ་པོ་རེད།

    Reply
  7. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    བཀྲས་མཐོང་ལགས་ཀྱིས་ལས་དུས་མ་རྫོགས་སྔོན་ནས་གོ་གནས་བསྐྱུར་ཏེ་ཨ་རིར་ཕྱིན་པ་ཡིན་མིན་ཐད་ལ་སུས་ཀྱང་གསལ་པོ་ཞིག་གསུང་མི་འདུག འདི་གསལ་པོ་ཞིག་མ་ཆགས་ན་ཁོང་གིས་བརྩམས་པའི་བོད་དོན་ལས་འགུལ་ཁག་དང་སྤྱི་ཚོགས་ཞབས་ཞུའི་ལས་རིགས་ཁག་ཀྱང་ངང་ངམ་ཤུགས་ཀྱིས་དོགས་པ་ཅན་དུ་འགྱུར་ངེས་རེད། དེར་བརྟེན་ཁོང་ལ་རྒྱུས་མངའ་ཡོད་མཁན་ཚོས་འདིའི་ཐད་གསལ་བཤད་གནང་རྒྱུ་ཤིན་ཏུ་གལ་ཆེ། གསལ་བཤད་བྱེད་ཐུབ་ན་མ་འོངས་པའི་བཀའ་བློན་ཁྲི་པའི་འོས་གཞིར་ཕན་ཐོག་ངེས་ཅན་ཡོད་པ་དང་ད་ལྟ་ཁོང་ལ་སྐྱོན་འཛུགས་བྱེད་མཁན་མང་པོ་ཞིག་ལའང་འགྱུར་བ་འཐེབ་ངེས་རེད།

    Reply
  8. འཚོ་གནས་ངེས་མེད་ཀྱི་བཙན་བྱོལ་བ། says:
    ལོ་ 15 སྔོན།

    མཁས་དབང་བློ་བཟང་སེང་གེ་མཆོག་ནི། ཤེས་འཇོན་གཉིས་ལྡན་གྱི་གཤོག་རླབས་རྒྱས་པའི་དེང་རབས་ཀྱི་ངང་པ་དཀར་པོ་ཞིག་དང་། རང་ཅག་བོད་འབངས་རྣམས་ཀྱི་དབུ་ཁྲིད་འོས་པའི་ཆེས་རྣམ་པར་འགྱུར་བའི་འཛུམ་མདངས་གསར་པ་ཞིག། བོད་ཀྱི་སྲིད་འཛིན་དུ་འོས་ཤིང་འཚམ་པ་ལས། སྤྱི་ཚོགས་ཀྱི་གར་སྟེགས་ཐོག་འཆམ་འབག་སྣ་ཚོགས་བསྒྱུར་ཟིན་པའི་མི་སྣ་ཞིག་སླར་ཡང་གར་སྟེགས་ཐོག་ཁྱེད་ཀྱི་ཕྱི་ནང་མི་མཚུངས་པའི་གར་འཆམ་དེ་ལ་དེང་རབས་ཀྱི་བོད་ཀྱི་ན་གཞོན་རྣམས་ཀྱིས་ཡིད་གར་ཚིམ་པའི་འཁྲབ་སྟོན་ཞིག་སླར་ཡང་ལྟ་འདོད་མི་འདུག་ལགས།

    Reply
  9. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    བོད་ཀྱི་གཏམ་དཔེར་ བོད་ལ་བདེ་སྐྱིད་བྱུང་ན། རྒྱལ་པོ་ཨ་ཎེའི་བྱས་ཀྱང་མཆོག ཞེས་པའི་གཏམ་དཔེ་དེ་༧གོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་པའི་ཞལ་ནས་ཀྱང་ཐེངས་གཉིས་གསུམ་ཐོས་མྱོང།
    བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ་བཀའ་ཁྲིའི་ཆ་རྐྱེན་ནང།
    ༡༽ སྐུ་དྲག་གི་རྒྱུད་པ་མིན་པ།
    ༢༽ སྐྱེས་དམན་ཕྱི་མི་མ་ཡིན་པ།
    ༣༽ ལོ་དྲུག་བཅུ་འགའ་བ་མ་ཡིན་པ།
    ༤༽ དེ་སྔོན་བཀའ་བློན་བྱ་མ་མྱོང་མཁན།
    ༥༽ བོད་གཞུང་གི་ལས་སྣེ་རྩ་བ་ནས་བྱ་མྱོང་མེད་པ།
    ༦༽ ཁྲིམས་ཀྱི་སློབ་སྦྱོང་ཡོད་པ།
    དོན་ཚན་དེ་དག་བཅའ་ཁྲིམས་ནང་ཡོད་ན་རྟག་རྟག་རེད་འདུག་སྟེ་ད་ལྟའི་འཆར་དེ་དག་མེད་སེམས་སྐྱོ་མཁན་མང་པོ་ཡོད་བཟོ་ཆེ་ང་ནི་དེ་དག་ལ་སྙིང་རྗེའི་ཉམས་ལེན་བྱ་བཞིན་ཡོད།

    Reply
  10. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    བོད་ཀྱི་གཏམ་དཔེར་ བོད་ལ་བདེ་སྐྱིད་བྱུང་ན། རྒྱལ་པོ་ཨ་ཎེའི་བྱས་ཀྱང་མཆོག ཞེས་པའི་གཏམ་དཔེ་དེ་༧གོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་པའི་ཞལ་ནས་ཀྱང་ཐེངས་གཉིས་གསུམ་ཐོས་མྱོང།
    བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ་བཀའ་ཁྲིའི་ཆ་རྐྱེན་ནང།
    ༡༽ སྐུ་དྲག་གི་རྒྱུད་པ་མིན་པ།
    ༢༽ སྐྱེས་དམན་ཕྱི་མི་མ་ཡིན་པ།
    ༣༽ ལོ་དྲུག་བཅུ་འགའ་བ་མ་ཡིན་པ།
    ༤༽ དེ་སྔོན་བཀའ་བློན་བྱ་མ་མྱོང་མཁན།
    ༥༽ བོད་གཞུང་གི་ལས་སྣེ་རྩ་བ་ནས་བྱ་མྱོང་མེད་པ།
    ༦༽ ཁྲིམས་ཀྱི་སློབ་སྦྱོང་ཡོད་པ།
    དོན་ཚན་དེ་དག་བཅའ་ཁྲིམས་ནང་ཡོད་ན་རྟག་རྟག་རེད་འདུག་སྟེ་ད་ལྟའི་འཆར་དེ་དག་མེད་སེམས་སྐྱོ་མཁན་མང་པོ་ཡོད་བཟོ་ཆེ་ང་ནི་དེ་དག་ལ་སྙིང་རྗེའི་ཉམས་ལེན་བྱ་བཞིན་ཡོད།

    Reply
  11. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    སྤྱིར་སྨྲ་བརྗོད་རང་དབང་ཡིན་ཀྱང་རང་གིས་གང་སྨྲས་པ་དེའི་འགན་རང་གི་འགན་རང་ཉིད་འཁྱེར་ཐུབ་ཀྱིས་ཡོད་ན་དངོས་མིང་ཐོག་ནས་ཁུང་ལུང་དང་ལྡན་ངེས་ཀྱི་སྒོ་ནས་སྐྱོན་བརྗོད་མཛད་དང་རྗེས་སུ་ཡིད་རང་ཞུ་མཆོག་ལ་རྒྱབ་སྐྱོར་ཡང་ཐ་གཅིག་དུ་ཞུ་རྒྱུ་ཡིན། དེ་མིན་ཡོལ་བའི་རྒྱབ་ནས་མུག་མུག་འདོན་པ་ནི་དཀྲུགས་ཤིང་རང་ཡིན་པས་ངོ་རྒོལ་ཡོད། གདོང་ལ་དོན་ཤོག་དང་། རྒྱབ་སྐྱོར་ཞུ་མཆོག གལ་ཏེ་རང་ཉིད་ཀྱི་འདོད་མོས་ཡོད་པའི་མི་དེ་བཀའ་ཁྲི་མི་ཐོབ་པ་ཚོད་གམ་ཐེག་ནས་བཀའ་ཁྲི་ཐོབ་ཏན་འཁེལ་བ་ཞིག་ལ་སྒྲོ་འདོགས་སྤེལ་བ་ཡིན་ན་ཡག་པོ་རྩ་བ་ནས་མ་རེད། བཟང་སྤྱོད་དེ་བས་མ་རེད།

    Reply
  12. aonca says:
    ལོ་ 15 སྔོན།

    དྲ་གྲོགས་ཐུབ་བསྟན་ལགས། ངས་ཁྱེད་ལ་དྲི་བ་ཞིག་བྱེད། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་བཀའ་ཁྲི་ལ་འདུག་སྐབས་སྒོར་མོའི་ཕྱོགས་ནས་གནད་དོན་མེད་ན་སྐབས་དེའི་བཙན་བྱོལ་བོད་མིས་འབུམ་དགུ་བ་ལ་ཕྱག་འཚལ་ལོ་ཞེས་སྒྲོལ་མའི་བསྟོད་པ་གསར་བ་ཞིག་རྩོམ་དགོས་པའི་གནད་དོན་ཅི་ཞིག་རེད།

    Reply
  13. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་འདིས་ཐབས་ག་ཚོད་སྐྱོ་ཀྱང་རང་ཉིད་རྒྱ་ཁུངས་ཡིན་ཞེས་ལབ་མདོག་ཁག་པོ་མི་འདུག
    གནས་ཚུལ་འདི་ཚོ་ལ་བལྟས་ན་ཁོང་བཀའ་ཁྲི་འོས་བབ་འདུག

    འདི་ནི་བོད་མི་མགོ་ཁྲིད་མཁན་ཞིག་ལ་ཚང་དགོས་པའི་ཁྱད་ཆོས་་་་ཨང་དང་པོ་རེད་སྙམ།

    Reply
  14. གྲྭ་རྒོད says:
    ལོ་ 15 སྔོན།

    ཐུབ་བསྟན་ལེགས།མདུན་དུ་ཡོང་ནས་ལབ་རོགས་ཟེར་བ་དེ་སྤྱི་ཚོགས་ཀྱི་འགྲོ་སྟིང་མ་ཆགས་པས་སྐྱོན་རེད།ཁྱོད་རང་ཉིད་ཀྱི་རང་ལ་ཞུབ་འཇུག་བྱེད་རོགས།ཁྱོད་སུ་ཞིག་ཡིན་མིན་དང་སུ་ཞིག་གི་ཤ་ཞེན་ཡིན་མིན་དེ་རང་གི་རང་ལ་བརྟགས་དཔྱོད་བྱེད་རོགས།དྲང་བོར་ཡོངས་པའི་རེ་བ་ཡོད།

    Reply
  15. ཐུབ་བསྟན། says:
    ལོ་ 15 སྔོན།

    ཆེས་ཤིན་ཏུ་ཉན་མི་སྤྲོ་བའི་སྐད་ཆ་ཞིག་ནི།
    མི་རེ་ཟུང་གིས་སོ་སོ་ལྐུན་མ་ནང་ལྟར་ངོ་གདོང་མི་མང་ལ་སྟོན་མི་ཕོད་པར་མིང་རྫུན་མ་འདྲ་མིན་བེད་སྤྱོད་ཀྱིས་རླབས་ཆེན་བྱས་རྗེས་ཅན་གྱི་གནད་ཡོད་མི་སྣ་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ལྟ་བུ་ལ་རྒྱུ་མཚན་གང་ཡང་མེད་པའི་ཉེས་འཛུགས་མིང་ཆད་འདྲ་མིན་བཟོ་ཐབས་བྱེད་བཞིན་པ་འདི་རེད།
    ཁོང་སྐུ་དྲག་གི་རིགས་རྒྱུད་པས་བཀའ་ཁྲིར་ཕེབས་མི་ཆོག་པ་གང་གིས་ཡིན་ནམ། ལྐུགས་རྟགས་མ་སྟོན།
    འདི་ནི་རྒྱ་དམར་གྱི་གསང་ཉུལ་བའི་ཆོ་འཕྲུལ་ཡིན་ཞེས་ང་ཚོས་ཁ་ཚོན་བཅད་ནས་བཤད་ཐུབ། གལ་སྲིད་དངོས་གནས་ཁོང་ལ་དེ་འདྲའི་སྐྱོན་ཆ་ཡོད་པ་ཤེས་མཁན་ཡོད་ན་དངོས་སུ་མདུན་ལ་ཐོན་ནས་འདི་དང་འདི་འདྲ་རེད། ཅེས་གཅིག་དང། གཉིས་བྱས་ནས་ཐེར་འདོན་གྱིས་དང་དེར་ང་ཚོས་རྒྱབ་སྐྱོར་ཡོད་ལ་སྤྱི་ཚོགས་ལ་ཕན་པར་མ་ཟད། དེ་ནི་མི་མང་གིས་མང་གཙོའི་འགན་ཁྱེར་སྟངས་ཤིག་ཀྱང་རེད། གཞན་དུ་ལྐོག་ནས་དཀྲོག་གཏམ་དང། དཀྲུགས་ཤིང་གི་ལྟས་ངན་གྱི་ངུ་སྐད་འདྲ་མིན་སྣ་ཚོགས་འདོན་བཞིན་པ་འདིའི་རིགས་ནི་རྒྱལ་ཞེན་ལྷག་བསམ་གྱིས་མིན་པར་དམིགས་ཡུལ་གཞན་ཞིག་གིས་ཡིན་པར་ང་ཚོ་མི་མང་གིས་ཤེས་བཞིན་པ་ཡིན།

    Reply
  16. ཐུབ་བསྟན། says:
    ལོ་ 15 སྔོན།

    གངས་སྤྲེལ་ཚ་ཟེར་བ་ཞིག་གིས་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་བཀའ་ཁྲིར་མི་འོས་པའི་རྒྱུ་མཚན་༥བགྲང་བ་འདི་ལྟར།

    ༡སྔར་ཁོང་གིས་བཀའ་བློན་བྱེད་བཞིན་པའི་སྒང་ནས་དེ་སྐྱུར་ནས་ཨ་རིར་གཞིས་ཆགས་སུ་ཕྱིན་པ་རེད་ཟེར་བ་བདེན་ན། སྐབས་དེར་ཁོང་བཀའ་བློན་འཁྱུར་རྒྱུར་ལོ་དུས་ག་ཚོད་ཡོད་དང། དེའི་ཟླ་ཚེས་ནམ་ཡིན་གསལ་བཤད་དགོས་འདུག

    ༢། ཁོང་བཀའ་ཁྲི་བྱེད་སྐབས་སྒོར་མོའི་རྙོག་དྲ་ཡོད་པ་ཟེར། ང་ཚོས་ཞིབ་འཇུག་མཐར་ཕྱིན་བྱས་པར་ཁོང་གིས་སྤྱི་རྒྱུ་སྐར་ལྡོག་གཅིག་ཧམ་ཟོས་མ་བྱས་པ་གསལ་པོ་ཆགས་འདུག་པས་དེའི་སྐོར་མིག་མཐོང་ལག་ཟིན་འདི་ཡིན་ཞེས་གསལ་བཤད་བྱེད་དགོས།

    ༣། བཟའ་ཟླ་བོད་པ་མིན་པ་ཟེར། ཁོང་གི་ཤེས་འཇོན་ལྷག་བསམ་ང་ཚོས་གཙོ་ཆེར་འཛིན་བཞིན་ཡོད་པ་ལས་ཁོང་གི་བཟའ་ཟླ་བོད་པ་ཡིན་མིན་ལ་ང་ཚོས་གཙོ་བོར་འཛིན་བཞིན་མེད། དེ་ལ་ང་ཚོར་ཁྱད་པར་གང་ཡང་མེད། འོན་ཀྱང་བཟའ་ཟླ་བོད་པ་མིན་ན་བཀའ་ཁྲིར་མི་འོས་སྐོར་འགྲེལ་བཤད་ཀྱིས་ཤིག

    ༤། གོ་སྐབས་དེ་སྔར་རག་ཟིན་པ་ཟེར། གོ་སྐབས་དེ་རག་ཟིན་ཀྱང་ཨ་མའི་བུ་ལ་ཡོན་ཏན་ཡོད་ན་དགའ་ལྡན་ཁྲི་ལ་བདག་པོ་མེད་པའི་དཔེ་ལྟར། ཁོང་ལ་བཀའ་ཁྲིའི་འོས་ཆོས་ཚང་ན་སླར་ཡང་བཀའ་ཁྲིར་ཕེབས་ཆོག
    འོན་ཀྱང་དེ་ཕེབས་ན་མི་འགྲིག་པའི་འགྲེལ་བཤད་གནང་རོགས།

    ༥།ཁོང་ལ་བལྟ་བ་དང་འཆར་གཞི་གསར་བ་གང་ཡང་ཡོད་མདོག་མི་ཆེ་བ་བཅས་ཀྱིས་ཡིན་ཟེར། ཁོང་ལ་ལྟ་བ་དང་འཆར་གཞི་གསར་བ་གང་ཡང་མེད་ཅེས་ཁྱོད་ལ་བཤད་སོང་ངམ། དེ་ལྟར་མེད་པའི་འགྲེལ་བཤད་གསལ་བོ་རྒྱག་དགོས་ཡོད།

    བོད་ཀྱི་གནས་སྟངས་ཆེས་ཛ་དྲག་དང། ཉེན་ཁའི་སྒང་སླེབས་བསྡད་པའི་སྐབས་འདིར་ད་དུང་ང་ཚོས་སྔ་སྲོལ་ལྟར་རྒྱལ་ཞེན་ཤེས་འཇོན་ཅན་ཚོའི་རྐང་པ་ནས་མར་འཐེན་མ་བསྡད་ན་ཡག་པོ་འདུག ཐུགས་རྗེས་གཟིགས། མི་སོ་སོའི་ཤེས་ཚད་དང། སྤུས་ཚད་ཚང་མ་སྐད་ཆའི་ལམ་ནས་གསལ་ཡོང་གིན་འདུག ང་ཚོའི་ལུང་པ་བཙན་འཕྲོག་བྱེད་པོ་རྒྱ་དམར་གྱིས་ང་ཚོའི་མིའི་ཤེས་ཚད་དང། སྤུས་ཚད་ཚང་མར་མིག་བགྲད་ནས་ཉིན་རྟག་ཏུ་ལྟ་བཞིན་དང། ཚད་འཇལ་བཞིན་ཡོད་པས་རྒྱུ་མཚན་མེད་པའི་དཀྲོགས་གཏམ་རིགས་གང་བྱུང་མ་བཤད་ན་ཡག་པོ་འདུག

    Reply
  17. མདུང་རྩེ། says:
    ལོ་ 15 སྔོན།

    མཆོག་ཏུ་བཀུར་བར་འོས་པའི་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས། ཁྱེད་ཀྱི་མི་ཚེའི་ལོ་རྒྱུས་ཁྲོད་ཁྱད་དུ་འཕགས་པའི་སྦྱང་བརྩོན་དང་། མི་རིགས་ལ་ཞབས་འདེགས་གང་མང་ཞིག་ཞུས་འདུག་པས་རྗེས་སུ་ཡི་ཡང་དང་གུས་ཞབས་ཚད་མེད་ཡོད། དེང་གི་ཆར་སྤྱི་ཚོགས་ཁྲོད་ཁྱེད་ཀྱི་མི་ཚེའི་ལོ་རྒྱུས་ཐད་རྙོག་གླེང་མང་པོ་འདུག་པས་དེའི་གླེང་གཞི་ཇི་ལྟར་བྱུང་མིན་དང་། སྐད་ཆ་དེ་དག་ཁུངས་མེད་ཡིན་པའི་བདེན་དཔང་ཞིག་སྤྱི་ཚོགས་སྟོན་མ་ཐུབ་ན། ཁྱེད་རང་བཀའ་ཁྲིར་ཁེལ་ཡང་མི་མང་ཡིད་ཆེས་བློ་གཏད་བཅོལ་ཐབས་བྲལ་བས་བསམ་གཞིགས་གནོངས་རོགས། ལྷག་དོན་ད་ལྟའི་ཆར་བཀའ་ཁྲི་ན་གཞོན་ཞིག་དགོས་པ༧གོང་ས་མཆོག་གི་དགོངས་གཞི་ཡིན་པས་བླ་སློབ་དམ་ཚིག་ལ་དགོངས་བཞེས་གནང་རྒྱུ་གལ་ཆཻར་སེམས།
    དེར་མ་ཟད་སྐུ་དྲག་གི་རིགས་རྒྱུད་ཅིག་གིས་མིང་ཐོག་ནས་བཀའ་ཁྲིར་ལངས་ན་སྤྱི་ཚོགས་རྙིང་པ་རོ་ལངས་བརྒྱག་རྩིས་ཡོད་རེད་ཅེས་རྒྱ་དམར་རྟག་ཏུ་སྒྲོག་བཞིན་པ་དེར་གཞིས་ལུས་བོད་མིར་དྭོགས་པ་ཟ་བའི་རྒྱུར་འགྱུར་སྲིད་པས་ཐུགས་བསམ་བཞེས་རྒྱུ་མ་བརྗེད་རོགས།
    གཞན་ཡང་། ཁྱེད་རྒན་རབས་པ་རྣམས་ཀྱིས་ད་བར་དཀའ་བ་བརྒྱ་ཕྲག་གི་སྒོ་ནས་བོད་མི་རིགས་ཀྱི་ངོ་བོ་གནས་ཐབས་བྱས་པ་དེར་བསྔགས་བརྗོད་དང་། ད་ནི་ཁྱེད་ཅག་རྒན་ཡོལ་གྱི་ཚུལ་དུ་ངར་ངར་ཤོར་ཤོར་ལ་ཡོད་པའི་ན་གཞོན་གྱི་དཔུང་འདིའི་སློབ་སྟོན་པ་གནང་ན་འཚམས་ཤོས་སུ་མཐོང་།

    Reply
  18. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    ལྷ་སྨོན་པས། བཀྲས་མཐོང་ལ་རྒྱབ་སྐྱོར་བྱེད་མཁན་བདག་ཁང་རྡོར་སླེབས་ན་བགྲོ་གླེང་བྱེད་ཀི་ཡིན་ཞེས་བཤད་འདུག ངས་ནི་ད་བར་བཀྲས་མཐོང་ལ་རྒྱབ་སྐྱོར་བྱས་པ་མེད་ལ་ངོ་རྒོལ་བྱས་པའང་མེད། འོས་གཞི་གཞན་ཚོར་ཡང་དེ་བཞིན་ཡིན། ད་ལྟ་བརྟག་དཔྱད་བྱས་ན་ཡག་ཤོས་རེད། དེ་ནས་ཐག་བཅད་ཆོག་གི་རེད། བཀྲས་མཐོང་བཀའ་ཁྲི་བྱེད་པར་རྒྱབ་སྐྱོར་གནང་མཁན་གཅིག་ནི། དྲྭ་བདག་ལུང་རིགས་རྒྱལ་ལགས་རེད།

    ད་ངས་བཀྲས་མཐོང་གི་དགེ་སྐྱོན་གཅིག་རེ་བཤད།

    ཨ་རི་བོད་ཀྱི་ཐེབས་རྩ་ཟེར་བ་དེ་བར་སྐབས་སྒེར་གྱིས་བཟུང་བ་འདྲ་བོ་ཆགས་པ་རེད། དེ་བཀྲས་མཐོང་གིས་དཀའ་ལས་བརྒྱབ་ནས་བཙུགས་པ་རེད། འོན་ཀྱང་ཁོང་ལ་གོ་སྐབས་ཡོད་བཞིན་དུ་ཨ་རི་ཐེབས་རྩ་བཟུང་ཡོད་མ་རེད། ཁོང་གིས་བཙུགས་པ་གཞན་ཚོ་ཡང་དེ་བཞིན་རེད། དེ་མིན་གྱི་བཀའ་ཟུར་ཚོ་ལ་ལྟོས་དང་། སོ་སོས་རེ་རེ་བཟུང་མ་བསྡད་པ་ཞེ་དྲག་ཡོད་མ་རེད། བཀྲས་མཐོང་འདི་བཙན་བྱོལ་ནང་གི་མི་འཇོན་ཤོས་ཤིག་རེད།

    ད་སྐྱོན་ཆ་བཤད། ཡཱ། ལྷ་སྨོན་པས། ཀུ་ཅི། བཤད་དང་ཞེས་ཞུ་བ་འཐེན་ན་མ་གཏོགས་སྐྱོན་དེ་ད་ལྟ་བཤད་ཀི་མིན།

    Reply
  19. བསྟན་འཛིན་འབྱུང་གནས། says:
    ལོ་ 15 སྔོན།

    ད་བར་ཚོགས་པ་དང་་སྐྱིད་སྡུག་སྒེར་པ་ག་གེ་མོ་རེ་ནས་བཏོན་པའི་བཀའ་བློན་ཁྲི་པའི་འོས་མི་གཤམ་གསལ།
    ༼༡༽བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ།
    ༼༢༽མཁས་དབང་བློ་བཟང་སེང་གེ
    ༼༣༽ འཁོར་ཚ་བསོད་ནམས་སྟོབས་རྒྱལ།
    ༼༤༽རྔ་པ་ཚེ་རྒྱམ།
    ༼༥༽ རིན་ཆེནམཁའ་འགྲོ
    ༼༦༽ རྒྱ་རི་སྒྲོལ་མ།
    ༼༧༽ སྤེན་པ་ཚེ་རིང་།
    ༼༨༽ བཀའ་ཟུར་རྗེ་བཙུན་པད་མ།
    ༼༩༽ རྟའུ་བློ་བཟང་དཔལ་ལྡན་
    ༼༡༠༽ ཌོག་ཊར་དཀོན་མཆོག་བསྟན་དར།
    ༼༡༡༽སྐུ་ཚབ་སྐལ་བཟང་རྒྱལ་མཚན།
    ༼༡༢༽ བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན།
    ༼༡༣༽རྣམ་སྤེལ་ཚང་བློ་བཟང་སྦྱིན་པ།
    ༼༡༤༽བུ་ཆུང་ཚེ་རིང་།
    ༼༡༥༽ཀརྨ་ཆོས་འཕེལ།
    ༼༡༦༽པད་མ་འབྱུང་གནས།
    ༼༡༧༽ སྟག་ལྷ་སྐལ་བཟང་དབྱངས་སྐྱིད
    ༼༡༨༽ རྫ་ཡུལ་བློ་བཟང་སྙན་གྲགས།
    ༡༩༽འབྲོང་ཆུང་དངོས་གྲུབ།
    ༢༠བཀའ་ཟུར་བཀྲ་ཤིས་དབང་འདུས།
    ༢༡༽སྤྱི་ཟུར་ཧོར་གཙང་འཇིགས་མེད།
    ༢༢ ཨ་ལགས་འཇིགས་མེད།
    གོང་གསལ་མི་ཉེར་གསུམ་པོ་བར་ཚོགས་པ་དང་སྐྱིད་སྡུག་སོགས་ཀྱིས་བཏོན་པའི་འོས་མི་རེད།

    Reply
  20. རྭ་ལོ། says:
    ལོ་ 15 སྔོན།

    བཀའ་ཁྲི་ལ་དངོས་སུ་མ་ལངས་པའི་སྔོན་ལ་ཅི་ཡང་བཤད་རྒྱུ་མེད། ལངས་ཡོང་སྟེ་གན་དང་འདི་བྱ་རྒྱུ་ཡིན། ངས་ཁྱོད་ཚོར་ཁས་ལེན་ཆོག སྔོན་ཆད་མ་འགྲིག་པ་འདི་འདུག འཐུས་ཚོར་ལ་འདི་ཕྱིན་འདུག འགྲོ་རྐྱེན་འདི་རེད། དེ་ཡར་རྒྱས་གཏོང་ཐབས་འདི་ཡོད་ཅེས་རེ་རེ་བཞིན་སྒོག་ཤུན་ཕྱི་བ་བཞིན་མིག་ཐོག་ལ་རྡོག་རྡོག་རེ་སྟོན་རྒྱུ་ཡོད་ན་གཞི་ནས་ངས་ཁོང་ལ། ཡ་ཡ། ཐུགས་རྗེ་ཆེ། ངས་ཁྱོད་ལ་འོས་འཕེན། ཁྱོད་རང་ཁ་དན་ཚིག་ལ་ངེས་པར་དུ་གནས་དགོས་ཞེས་ཁོང་ལ་འོས་ཤོག་དེ་འཕེན་རྒྱུ་ཡིན།

    ཡར་དེད་མར་དེད་གང་ལྟར། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང་། བློ་བཟང་སེང་གེ། རྒྱ་རི་སྒྲོལ་མ་གསུམ་གྱི་ནང་ནས་གཅིག་འདེམ་དགོས་དུས་དཀའ་ལས་ཅུང་ཡོད་པ་རེད།

    མགོ་དཀྲུག་དཀྲུག་མང་ཙམ་བྱེད་དགོས་པ་རེད།

    མི་འདི་དག་གི་སུ་ཡོང་རུང་ཆེན་པོ་ཆེན་པོ་ཞིག་འགྲུབ་རེ་མེད། རེད་དེ་ཆུང་ཆུང་དེ་འདྲ་འཐུས་ཤོར་ལ་འགྲོ་སྲིད་སྟབས་དེ་ལ་དོ་སྣང་བྱེད་དགོས་རེད་ཀྱི་དྲན།

    Reply
  21. གནམ་ལྕགས། says:
    ལོ་ 15 སྔོན།

    འདི་གའི་དྲ་ཟོག་རྣམས་ལ་ཞུ་རྒྱུར།

    སོ་སོ་ལ་འོས་འཕེན་འདོད་མེད་ན་དེ་ག་རང་རེད། ཡིན་ནའང་ཆེད་དུ་མི་དང་མིའི་བར་ལ་དཀྲུག་ཤིང་ཟོལ་འདྲ་བོ་དེ་འདྲ་འཁུར་མ་ཡོང་ན་ཡག ཁོང་རྐུན་མ་ཡིན་རབས་དང་། ཁོང་ལོ་ལོན་ཡིན་རབས་ཀྱིས་དམའ་འབེབས་མ་བྱེད་རོགས། ང་ཚོ་འདི་འདྲའི་རླབས་ཆེ་བའི་མི་སྣ་རེ་ཡོད་པ་ལ་སྤོབས་་པ་སྐྱེས་དགོས། རང་རང་གིས་རྒྱབ་སྐྱོར་བྱེད་སའི་བཀའ་ཁྲི་སུ་ཡིན་ན་ཁོག་རྩིས་ཤིག་དགོས་པ་རེད། ཡིན་ནའང་དོན་མེད་དུ་མི་ལ་སྡིགས་ནས་ཡོང་རྒྱུ་མེད། ད་དུང་ཆོལ་ཁ་དང་ལུང་ཚན་གྱིས་སྐད་ཆ་མ་བཤད། ཁོང་གིས་ཁྱེད་ཀྱིས་ག་རེ་རྐུས་སོང་བ་དེ་ར་སྤྲོད་རྒྱུ་ཡོད་གསལ་བོ་བཟོས། དེ་མིན་རི་བོང་ཅལ་འདྲོགས་ཀྱི་ངང་ཚུལ་རིགས་དོར་རན་ཡིན།

    Reply
  22. གངས་སྤྲེལ་ཚ། says:
    ལོ་ 15 སྔོན།

    ངས་བལྟས་ན་བཀྲས་མཆོག་ད་ལན་གྱི་བཀའ་ཁྲི་ལ་འོས་བབས་མེད།
    རྒྱུ་མཚན་ནི་།
    ༡། སྔར་ཁོང་གིས་བཀའ་བྱེད་བཞིན་པའི་སྒང་ནས་དེ་སྐྱུར་ནས་”ནང་མིའི་དོན་གྱིས”ཨ་རིར་གཞིས་ཆགས་བྱེད་དུ་ཕྱིན་པ།
    ༢། ཁོང་བཀའ་ཁྲི་བྱེད་སྐབས་སྒོར་མོའི་རྙོག་དྲ་ཡོད་པ།
    ༣། བཟའ་ཟླ་བོད་པ་མིན་པ།
    ༤། གོ་སྐབས་དེ་སྔར་རག་ཟིན་པ།
    ༥། ཁོང་ལ་བལྟ་བ་དང་འཆར་གཞི་གསར་བ་གང་ཡང་ཡོད་མདོག་མི་ཆེ་བ་བཅས་ཀྱིས་ཡིན།
    གཞན་ཡང་རྩོམ་ཡིག་འདིར་”སྤྱི་ལོ་ ༡༩༩༥ ལོར་བཀའ་བློན་གྱི་མཛད་ཁུར་འཁྱུར་ནས།” ཞེས་པ་”བཀའ་བློན་གྱི་ལས་ཁུར་གཡུགས་ནས” ཞེས་སུ་བཅོས་དགོས་པར་སྣང་། འདི་ལ་བལྟས་ན་རྩོམ་འདིར་སྒྲོ་འདོགས་ཅུང་ཟད་ཡོད་པ་གསལ་བོར་ཤེས་ཐུབ་ཀྱི་འདུག

    Reply
  23. ཐུབ་བསྟན། says:
    ལོ་ 15 སྔོན།

    ཆེས་ཤིན་ཏུ་ཉན་མི་སྤྲོ་བའི་སྐད་ཆ་ཞིག་ནི། མི་རེ་ཟུང་གིས་སོ་སོ་ལྐུན་མ་ནང་ལྟར་ངོ་གདོང་མི་མང་ལ་སྟོན་མི་ཕོད་པར་མིང་རྫུན་མ་འདྲ་མིན་བེད་སྤྱོད་ཀྱིས་རླབས་ཆེན་བྱས་རྗེས་ཅན་གྱི་གནད་ཡོད་མི་སྣ་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ལྟ་བུ་ལ་རྒྱུ་མཚན་གང་ཡང་མེད་པའི་ཉེས་འཛུགས་མིང་ཆད་འདྲ་མིན་བཟོ་ཐབས་བྱེད་བཞིན་པ་འདི་རེད། འདི་ནི་རྒྱ་དམར་གྱི་གསང་ཉུལ་བའི་ཆོ་འཕྲུལ་ཡིན་ཞེས་ང་ཚོས་ཁ་ཚོན་བཅད་ནས་བཤད་ཐུབ། གལ་སྲིད་དངོས་གནས་ཁོང་ལ་དེ་འདྲའི་སྐྱོན་ཆ་ཡོད་པ་ཤེས་མཁན་ཡོད་ན་དངོས་སུ་མདུན་ལ་ཐོན་ནས་འདི་དང་འདི་འདྲ་རེད། ཅེས་གཅིག་དང། གཉིས་བྱས་ནས་ཐེར་འདོན་གྱིས་དང་དེར་ང་ཚོས་རྒྱབ་སྐྱོར་ཡོད་ལ་སྤྱི་ཚོགས་ལ་ཕན་པར་མ་ཟད། དེ་ནི་མི་མང་གིས་མང་གཙོའི་འགན་ཁྱེར་སྟངས་ཤིག་ཀྱང་རེད། གཞན་དུ་ལྐོག་ནས་དཀྲོག་གཏམ་དང། དཀྲུགས་ཤིང་གི་ལྟས་ངན་གྱི་ངུ་སྐད་འདྲ་མིན་སྣ་ཚོགས་འདོན་བཞིན་པ་འདིའི་རིགས་ནི་རྒྱལ་ཞེན་ལྷག་བསམ་གྱིས་མིན་པར་དམིགས་ཡུལ་གཞན་ཞིག་གིས་ཡིན་པར་ང་ཚོ་མི་མང་གིས་ཤེས་བཞིན་པ་ཡིན།

    Reply
  24. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    ཁོང་ལ་ལྐོག་ཟ་རུལ་སུང་གི་གནས་ཚུལ་ཡོད་མེད་གང་ལྟར་རུང་། བཀའ་ཁྲིའི་ལས་དུས་མ་རྫོགས་གོང་ནས་གོ་གནས་བསྐྱུར་ཏེ་ཨ་རིར་ཕྱིན་པ་དེས་བཟང་སྤྱོད་ཀྱི་ཐོག་ནས་བོད་མི་མང་དང་༸གོང་ས་མཆོག་གི་རེ་བ་སྟོང་ཟད་དུ་བཏང་བ་དང་། མི་གཞིའི་ཆ་ནས་སྤྱི་ཡི་ལས་དོན་ལས་རང་ཉིད་ཀྱི་དཔལ་འབྱོར་གཙོ་གནད་དུ་འཛིན་མཁན་ཞིག་ཡིན་པ་གསལ་བཤད་བྱས་འདུག འདི་འདྲའི་སྐྱོན་ཆ་མཐོང་བཞིན་དུ་ད་དུང་འོས་མིར་འདེམས་པའམ་ཁྱབ་བསྒྲག་བྱེད་པ་ནི་ཆོལ་ཁ་གཅིག་པའི་ལ་རྒྱ་བཟུང་བ་ཙམ་ལས་བོད་སྤྱི་བའི་བདེ་སྡུག་དང་གཉན་འཕྲང་ཅན་གྱི་དུས་ཚོད་ལ་བསམ་བློ་མ་བཏང་བའམ་གཏོང་མ་ཤེས་པ་རེད།

    Reply
  25. གྲྭ་རྒོད says:
    ལོ་ 15 སྔོན།

    བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་བཀའ་བློན་ཁྲི་བ་འོས་བླུགས་འདོད་མེད་ལ་སེམས་སྟིང་ནས་འདོད་པ་ཡང་མེད།གང་ཡིན་ཟེར་ན་དགོངས་ལོ་ཆེ་པོ་རེད།ད་ལྟ་༸གོང་ས་མཆོག་བཞུགས་སྐབས་གཞོན་སྐྱེས་ཞིག་ལ་ཐོབ་དགོས་ངེས་རེད་བསམ་གི་ཡོད།དེ་ང་ཚོའི་མའོང་བའི་ལས་དོན་བསྒྲུབ་ཕྱོགས་ཐད་ཐན་ཐོག་ཡོད་རེད་བསམ་སོང་།མི་མང་ཚང་མའི་མ་ནོར་བ་བྱེད་རོགས་གནང་།ཆོལ་ཁའི་ཞེན་ཁོག་གིའི་ང་ཚོ་ལ་ད་ལྟ་པར་དུ་ཀྱོང་སྤྲད་པ་མང་མེད་ན་ཉུང་མེད།མའོང་བར་བསམ་བློ་གཏོང་རོགས་ཞེས་འབོལ་བསྐུལ་ཞུ།

    Reply
  26. མགར་རྟོགས་སད། says:
    ལོ་ 15 སྔོན།

    ལོ་ན་68ལ་སོན་པའི་རྒན་པོ་འདི་ཚོ་བཀའ་ཁྲིར་འདེམས་པ་ནི་ནོར་འཁྲུག་རེད།།

    ཉིན་གཅིག་རྐུ་མ་ཚེ་གཅིག་རྐུ་མ་ཟེར་བ་ཡང་ནོར་འཁྲུག་རེད།།
    འོན་ཀྱང་བཀའ་ཁྲི་ལ་མྱི་ཁ་ཅན་ཞིག་འདེམས་མི་ཆོག་པ་མཁྱེན་གསལ་རེད།།

    Reply
  27. དུས་ཀྱི་དགོས་མཁོ། says:
    ལོ་ 15 སྔོན།

    ༑ ལྐོག་ཟ་རུལ་སོགས་བྱས་པའི་ལོ་རྒྱུས་ཁུངས་ལྡན་ཡོད་ན་འདིར་བཀོད་དང་། སྤྱིར་ང་ཚོར་མཁས་དབང་དུ་འབོད་པའི་བློ་བཟང་སེངྒེ་དེ་དང་འདི་གཉིས་ཙམ་ལས་མེད་ཅི་ཡིནད་ན་བཙན་བྱོལ་ལ་མི་རྫོགས་འདུག

    Reply
  28. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 15 སྔོན།

    ཁོང་ལ་བྱས་རྗེས་མང་པོ་འདྲེན་རྒྱུ་འདུག་པར་རྗེས་སུ་ཡི་རང་ཡོད།
    འོན་ཀྱང་ངས་བལྟས་ན་བཀྲས་མཆོག་ད་ལན་གྱི་བཀའ་ཁྲི་ལ་འོས་བབས་མེད།
    རྒྱུ་མཚན་ནི་།
    ༡། སྔར་ཁོང་གིས་བཀའ་བྱེད་བཞིན་པའི་སྒང་ནས་དེ་སྐྱུར་ནས་”ནང་མིའི་དོན་གྱིས”ཨ་རིར་གཞིས་ཆགས་བྱེད་དུ་ཕྱིན་པ།
    ༢། ཁོང་བཀའ་ཁྲི་བྱེད་སྐབས་སྒོར་མོའི་རྙོག་དྲ་ཡོད་པ།
    ༣། བཟའ་ཟླ་བོད་པ་མིན་པ།
    ༤། གོ་སྐབས་དེ་སྔར་རག་ཟིན་པ།
    ༥། ཁོང་ལ་བལྟ་བ་དང་འཆར་གཞི་གསར་བ་གང་ཡང་ཡོད་མདོག་མི་ཆེ་བ་བཅས་ཀྱིས་ཡིན།
    གཞན་ཡང་རྩོམ་ཡིག་འདིར་”སྤྱི་ལོ་ ༡༩༩༥ ལོར་བཀའ་བློན་གྱི་མཛད་ཁུར་འཁྱུར་ནས།” ཞེས་པ་”བཀའ་བློན་གྱི་ལས་ཁུར་གཡུགས་ནས” ཞེས་སུ་བཅོས་དགོས་པར་སྣང་། འདི་ལ་བལྟས་ན་རྩོམ་འདིར་སྒྲོ་འདོགས་ཅུང་ཟད་ཡོད་པ་གསལ་བོར་ཤེས་ཐུབ་ཀྱི་འདུག

    Reply
  29. བསྟན་འཛིན་འབྱུང་གནས། says:
    ལོ་ 15 སྔོན།

    སྤྱི་ཚོགས་རྙོག་གླེང་དང་རུལ་སུངས་ཅན་གོང་བུ་ཁ་བྲལ་གཏོང་མཁན་རྣམས་བཀའ་ཁྲི་རུ་འདེམ་མིན་ད་ལྟ་ནས་བསམ་དགོས།

    Reply
  30. སྟོང་བསྐོར་ཐུབ་བསྟན། says:
    ལོ་ 15 སྔོན།

    བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ནས་བོད་དོན་ཐོག་ཕྱག་ལས་མང་པོ་གནང་འདུག་། ཡིན་ཡང་ང་ལ་དགོས་པས་བཀའ་ཁྲི་ཁོང་མ་རེད།

    བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དགུང་གྲངས་༦༠་ལ་ཕེབས་ཡོད་པ་དངསྐུ་པར་དགུང་གྲངས་༤༥ལས་ཕེབས་མི་འདུག།།

    Reply
  31. སྐར་ཁྲི་བཙན། says:
    ལོ་ 15 སྔོན།

    རྒྱབ་སྐྱོར་མེད།

    Reply
  32. མེ་ལྷ་ says:
    ལོ་ 15 སྔོན།

    ངོ་མ་བཙན་བྱོལ་བོད་མི་བརྙིད་ལས་སད་ཡོད་མཁན་ཞིག་ཡིན་སྤོ་རྒན་འདི་བཀའ་ཁྲིའི་འོས་ཤོག་ཁ་པོ་རེད། ངས་ནི་མགོ་དུམ་བུར་གཅོད་ནས་ས་རུ་གཡུག་ཀྱང་མི་འདི་འོསཤོག་མི་འཕེན་ཐག་ཆོད་ཡིན་

    Reply
  33. ཐོས་པ་དགའ། says:
    ལོ་ 15 སྔོན།

    དེ་རིང་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དགུང་ལོ་ཆུ་འདོག་ཁ་པོ་ཞིག་འདུག་མིག་ཤེལ་ཀྱང་མི་དགོས་པ་ཆག་འདུག
    འདི་གཅིག་བྱས་ན་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཨ་རི་ནས་དེས་རབ་ཀྱི་ཚན་རིག་ལག་རྩལ་སོགས་བེད་སྤྱོད་བྱས་ནས་བཟོས་པ་ཡིན་རྒྱུ་རེད། དེ་མིན་ན་སྔོན་མ་ལོ་ཆུང་སྐབས་ཀྱི་འདྲ་པར་ཞིག་ཡིན་པ་ཐག་ཆོད།
    ལོ་རྒྱུས་ཡང་ཡིན་འདོག་ཁ་པོ་བྲིས་འདུག་ཡིན་ནའང་དེང་སང་གི་མི་རབས་འདི་ཚོ་ལས་སླ་བོ་མགོ་སྐོར་གཏོང་མི་ཐུབ། གང་ལྟར་དྲ་གྲོགས་མི་ཉུང་བ་ཞིག་གི་ཁོང་གིས་ལོ་རྒྱུས་ཐད་ལ་ནག་ཐིག་ཕོག་ཡོད་པའི་གླེང་མོལ་མང་པོ་འདུས་པས་འདིའི་ཐོག་ལ་མཁྱེན་རྒྱ་ཡང་པའི་སྤུན་ཟླ་རྣམ་པའི་རྣམ་དཔྱོད་དང་ཤེས་རབ་ཀྱི་རྩལ་ལ་བརྟེན་ནས་བསམ་བློ་གཏང་རོག
    ངེས་རེ་བ་ལ་ཐུགས་རྗེ་གཟིགས་མི་རབས་རྒན་པ་ཚོའི་གཞོན་སྐྱེས་ཤེས་ཡོན་ཅན་དག་ལ་རྩིས་སྤྲོད་རོག་ཞེས་འབོད་བསྐུལ་ཞུ་རྒྱུ་ཡིན།

    Reply
  34. ཇོ་རུ་ཚེ་རིང་། says:
    ལོ་ 15 སྔོན།

    ང་ལ་འོས་མི་ལངས་མཁན་དང་། ཡང་འོས་མི་མཚམས་སྦྱོར་བྱེད་མཁན་དག་ཡོངས་ལ་བསམ་འཆར་ཅིག་ཞུ་འདོད་བྱུང་། འོས་མི་གང་ཉིད་ཀྱི་ད་སྐབས་ཀྱི་པར་འགོད་དགོས་པར་མ་ཟད། རྒྱུན་ལྡན་གྱི་པར་འགོད་དགོས་པ་ལས་གཞོན་དུས་ཀྱི་པར་དང་། ཡང་ན་མཛེས་བཟོ་བྱས་ཟིན་པའི་པར་སོགས་འགོད་པ་དེ་ནི་ལེགས་པོ་མི་འདུག དེ་ཡིས་མང་ཚོགས་དང་ལྷག་པར་གཞོན་སྐྱེས་དག་ལ་འཕྲུལ་ཤེས་ཀྱི་བསླུ་བྲིད་སེམས་ཚོར་སྟེར་སྲིད། བསམ་ཚུལ་འདི་འོས་མིར་ལངས་མཁན་ཚང་མའི་པར་རིས་ལ་བལྟས་ནས་བཏོན་པ་ཡིན། འདིར་དམིགས་བསལ་གྱིས་བཀོད་མིན།

    Reply
  35. Lhamon says:
    ལོ་ 15 སྔོན།

    ཁོང་ལ་རྒྱབ་སྐྱོར་གནང་མཁན་ཁང་སར་རྡོ་རྗེ་ལགས་ཕེབས་དགོས་ཚོད་ཡིན་ཏེ་ད་དུང་ཕེབས་མི་འདུག ཁོང་ཕེབས་སོང་ནས་དགོངས་ཚུལ་གསུངས་པ་དང་གཞི་ནས་བགྲོ་གླེང་གི་མགོ་འཛུགས་ཀྱི་ཡིན། ཆུ་ཚོད་དྲུག་པ་རེད། ད་ལྟ་ལས་ཁུངས་གྲོལ་ཟིན་པ་རེད། ད་ཡོང་ཚོད་ཡིན།

    Reply
  36. Lhamon says:
    ལོ་ 15 སྔོན།

    དབུས་གཙང་བས་ཕྱོགས་རིས་བྱ་རྒྱུ་ཡིན་པ་ད་ལྟ་ནས་གསལ་པོ་ཆགས་ཙང་ཁོང་བཀའ་བློན་ཁྲི་པར་ངེས་པ་ལྟ་བུ་རེད་དེ། མི་ངན་ཁོ་ལྟ་བུ་ལས་དུས་ནམ་ཡང་རྒྱབ་སྐྱོར་མེད།

    Reply
  37. གཉའ་འབྲོང་ཐུ་བུ། says:
    ལོ་ 15 སྔོན།

    རྒྱུ་མཚན་མི་ཤེས། ཡག་ཉེས་གླེང་རྒྱུའི་གདེང་ཚོད་མེད། བདག་གི་འོས་མི་མ་རེད།

    Reply
  38. Lhamon says:
    ལོ་ 15 སྔོན།

    ཁོ་ལ་རྒྱབ་སྐྱོར་རྩ་བ་ཉིད་ནས་མེད། མི་མ་རབས་ཐ་ཤལ་ཞིག་རེད། གནས་ལུགས་ཞིབ་ཕྲ་དགོས་ན་ཁོང་གི་བཀའ་བློན་ཁྲི་པ་བྱེད་པའི་སྐབས་ཀྱི་གསར་འགྱུར་དེ་ཚོ་བསྐྱར་འགོད་བྱེད་རྒྱུ་ཡིན། དེ་རིང་དེ་ཙམ་ལས་ཞུ་རྒྱུ་གང་ཡང་མེད།

    Reply
  39. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ཁོང་ནི་ཁྲིམས་ཁང་གང་རུང་ནས་ནག་ཉེས་ཕོག་མྱོང་མེད་མཁན་ཞིག་ཡིན་པ་སེམས་ལ་ངེས་པར་བྱོས།

    འདི་ཆ་རྐྱེན་རེད།

    ལྐོག་ཟ་རུལ་སོངས་བྱས་ལུགས་བཤད་ཀྱིན་པ་དེར་གནའ་ནས་ད་བར་དུ་ཁུངས་སྐྱེལ་ར་འཕྲོད་ཀྱི་སྐད་ཆ་ཅི་ཡང་མེད་ན། ད་ནི་མི་ནག་པོ་བཟོ་བའི་ལས་འདི་རིགས་སྤོངས་རན་རེད།

    Reply
  40. freind says:
    ལོ་ 15 སྔོན།

    He was misused Government money himself , it was very clear thatwhey we can;t give him vote

    Reply
  41. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 15 སྔོན།

    ཨོ། ལོ་བརྒྱད་དགུ་བཅུ་ཁའི་སྔོན་གྱི་སྐུ་པར་དེས་ད་དུང་ཕན་ཐོགས་ཡོང་མི་སྲིད། དེ་ལས་ཉེ་ཆར་གྱི་སྐུ་པར་དབུ་སྐྲ་དཀར་པོ་ཡིན་པ་ཞིག་བཞག་ན་ག་འདྲ་ཡག་པོ།
    ད་བཀའ་ཁྲིར་ཡོང་ནས་ཅི་བྱེད། ད་དུང་འབུམ་ཁ་ཤས་བྱུར་མིད་གཏོང་རྒྱུ་ཡིན་ན་མ་གཏོགས། འཇོན་རྒྱུ་ཡོད་ན་འཇོན་ཚར་བ་རེད། ཡང་བསྐྱར་སྐུ་དྲག་གིས་བཀའ་ཁྲིའི་རྐུབ་ཀྱག་འཛིན་རྒྱུ་མཛེས་པོ་ཞིག་མ་རེད། དེ་ལས་ལྷོད་ལྷོད་ངང་ཨ་རིར་བཞུགས་བསྡད་ན་ཡག་པོ་རེད།
    ཡང་མིན་ན། བློ་བཟང་སེང་གེ་བཞིན་ཚུར་དོན་ནས་་སྐད་ཆ་བཤད་དགོས་ཀྱི་འདུག སྐུ་དྲག་གི་སྤོབས་པ་དེ་ཁྱེར་ནས་འགྱིང་བསྡད་ན་ཕན་ཐོགས་ཡོད་མ་རེད།

    Reply
  42. སྐལ་བུ་ says:
    ལོ་ 15 སྔོན།

    ངས་ལྟར་ན་ཁོང་ལ་བོད་ཀྱི་གནས་དོན་ཐོག་སྔོན་དང་མ་འདྲ་བའི་ལས་དོན་གང་ཡོད་དང་ཡང་ན་གསར་བསྟོད་གང་ཞིག་བྱེད་ཡག་ཡོད་ཞིས་དྲི་རྒྱུ་དང་ཡང་ན་མཁས་དབང་བློ་བཟང་སེང་གེ་བཞིན་དུ་དུས་སྐབས་ཞིག་འབྱུང་ན་ལས་དོན་ཐམས་ཅད་བསྒྲུབས་གི་རེད་ཟེར་བ་ལས་གཞན་གང་ཡོད་ཞེས་འོས་མི་རང་ཉིད་དང་ཤེས་ལྡན་ཚང་མ་ལ་དྲི་རྒྱུ་ཡིན་པས་དེ་དོན་ལེན་ཡོད་པ་ཞུ།

    Reply
  43. མདུང་རྩེ། says:
    ལོ་ 15 སྔོན།

    བཀའ་ཟུར་འདིའི་ལོ་རྒྱུས་ལ་ནག་ཐིགས་ཕོག་ཟིན་པ་ཡིན་པས་ནམ་ཡང་བཀའ་ཁྲིར་འོས་པར་བསྒྲུབས་མི་ཐུབ། འདས་པའི་ལོ་རྒྱུས་ཕྱིར་སློག་བྱར་མེད་པས་ཁྱེད་རང་ལོ་རྒན་དྲུག་ཅུ་ལོན་ཡང་བཀའ་ཁྲི་རྐུབ་སྟེགས་ཙམ་ལ་མ་བརྔམ་ན་བཟང་ཕྱོགས་ཀྱི་གོམ་པ་སྤོས་པ་དང་། ལྷག་པར་༧གོང་ས་མཆོག་གི་བཀའ་ལ་ཉན་མཁན་ཞིག་ཡིན་ཕྱིན་ན་གཞོན་ཤེས་ཡོན་ཅན་ཞིག་བཀའ་ཁྲིར་འདེམས་དགོས།
    འོས་ཤོག་བླུགས་མཁན་རྣམས་ཀྱིས་དེ་མཚུངས་ཀྱིས་བསམ་བློ་བཏང་རོགས་།

    Reply
  44. ལྡན་མ་་་་་་ཐུབ་བསྟན་དངོས་གྲུབ། says:
    ལོ་ 15 སྔོན།

    ང་གལ་སྟེ་ཤེས་པ་རང་བཞིན་དུ་གནས་ན་་་་་
    འདི་ལ་འོས་མི་འཔེན་ཐག་ཆོད་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese