མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་ཀྱི་འཚམས་འཕྲིན།

བོད་ཀྱི་དུས་བབ།
༢༠༡༠/༠༨/༡༠
Share on FacebookShare on TwitterShare on EmailShare on Whatsapp
 
ཁ་སང་ཕྱི་ཚེས་ ༩ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། མདོ་སྨད་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་འབྲུག་ཆུ་རྫོང་དུ་ཆུ་ལོག་གི་ཚབས་ཆེའི་གནོད་སྐྱོན་ཕོག་པར་ཐུགས་གསོའི་འཚམས་འཕྲིན་གནང་ཡོད།
འཚམས་འཕྲིན་དེའི་ནང་གསལ་དོན། བོད་རྒྱལ་ལོ་ ༢༡༣༧ རབ་གནས་ལྕགས་སྟག་ལོའི་བོད་ཟླ་ ༦ ཚེས་ ༢༨ ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༨ ཀྱི་སྔ་དྲོ་ཐོ་རེངས་སྐབས་སུ། དེང་སང་རྒྱ་ནག་གིས་ཀན་སུའུ་ཞིང་ཆེན་ཞེས་པར་བགོས་པའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་དུ་གློ་བུར་དུ་ཆུ་ལོག་ཚབས་ཆེན་བྱུང་སྟེ། ད་ལྟའི་བར་མི་ ༡༢༧ ཙམ་རྐྱེན་ལམ་དུ་ཕྱིན་པ་དང་། མི་ ༢༠༠༠ ལྷག་གར་སོང་ཆ་མེད་དུ་གྱུར་པ། དུད་ཚང་ ༣༠༠ ཅན་གྱི་གྲོང་སྡེ་རྨེག་མེད་དུ་འདེད་དེ་འབྲུག་ཆུའི་སྨད་རྒྱུད་ཡུལ་གྲུ་ཁག་གི་མང་ཚོགས་ཀྱི་བདེ་འཇགས་ལའང་ཉེན་ཁ་ཚབས་ཆེན་འཕྲད་བཞིན་པའི་གནས་ཚུལ་སྐྱི་གཡའ་བ་བརྗོད་ཀྱི་མི་ལངས་པ་ཐོན་བཞིན་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ད་ཐེངས་ཆུ་ལོག་གི་འཇིག་པའི་ཁྲོད་ནས་རྐྱེན་ལམ་དུ་ཕྱིན་པའམ། རྨས་སྐྱོན་ཕོག་པའི་བོད་རིགས་སྤན་ཟླ་གཙོས་མི་རིགས་ཁག་གི་མི་མང་ལ་ཐུགས་གསོའི་འཚམས་འདྲི་ཞུ་རྒྱུ་དང་། རྐྱེན་འདས་སུ་ཕྱིན་པ་རྣམས་ལ་དལ་འབྱོར་མི་ལུས་མྱུར་དུ་ཐོབ་པའི་སྨོན་ལམ་ཡང་ཞུ་རྒྱུ་ཡིན། ཆུ་ལོག་གི་དོན་རྐྱེན་བྱུང་མ་ཐག རྒྱ་ནག་དབུས་གཞུང་གིས་མཐོང་ཆེན་པོའི་ངང་ཛ་དྲག་མྱུར་སྐྱོབ་རིམ་པ་ཨང་གཉིས་པ་དང་། འཕྲལ་སྐྱོབ་མ་དངུལ་རྒྱ་སྒོར་དུང་ཕྱུར་ལྔ་འཕྲལ་མར་གནང་སྟེ་མྱུར་སྐྱོབ་ཀྱི་ལས་འགོ་བརྩམས་པ་དང་། ལྷག་པར་དུ་རྒྱ་ནག་གི་སྲིད་བློན་སྐུ་ཞབས་ཝུན་ཇ་པའོ་མཆོག་དུས་ཚོད་དང་པོའི་སྐབས་སུ་ཆུ་ལོག་བྱུང་ཡུལ་འབྲུག་ཆུ་ས་ཁུལ་དུ་ཕེབས་འབྱོར་བྱུང་བ་བཅས་ལ་རྗེས་སུ་ཡི་རངས་ཞུ་ཡི་ཡོད་ཅེས་གསལ་ཡོད།
ཡང་འཚམས་འཕྲིན་དེའི་མུ་མཐུད་དེ་གསལ་དོན། ཚང་མས་མཁྱེན་གསལ་ལྟར། མདོ་སྨད་འབྲུག་ཆུ་ས་ཁུལ་ནི་བོད་ཁུལ་དུ་ནགས་ཚལ་རྒྱ་ཁྱོན་ཆེ་ཤོས་ཀྱི་ས་གནས་ཤིག་ཡིན་ཞིང་། ལོ་རྒྱུས་ཐོག་ཆུ་ལོག་བྱུང་བའི་གནས་ཚུལ་མཐོང་ཐོས་དཀའ་ཡང་། རྒྱ་ནག་གིས་བོད་དབང་བསྒྱུར་བྱས་པའི་རྗེས་སུ་ནགས་ཚལ་སྨྱོན་ཧམ་ལྟར་གཅོད་འབྲེག་བྱས་པའི་དབང་གིས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཤིན་ཏུ་ཚབས་ཆེན་ཐེབས་ཡོད་པར་མ་ཟད། ཤིང་ནགས་བཅད་ཟིན་མཚམས་གཙོ་བོ་གཏེར་ཁ་སྔོག་འདོན་དང་། ཆུ་གློག་གསར་རྒྱག་བཅས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ཀྱི་འཆར་གཞི་གང་ཡང་མེད་པའི་ལས་གྲྭ་འབོར་ཆེན་སྤེལ་བཞིན་པ་སོགས་ནི་ད་ཐེངས་ཆུ་ལོག་ཚབས་ཆེན་ཡོང་བའི་རྐྱེན་རྩ་གཙོ་བོ་ཡིན་སྟབས། རྒྱ་ནག་གཞུང་ནས་ཚན་རིག་དང་མཐུན་པའི་གོང་སྤེལ་ལྟ་བའི་གཞུང་ལུགས་གཏན་ལ་ཕབ་པ་གཞིར་བཟུང་། བོད་ཁུལ་དུའང་དེ་མཚུངས་ལག་བསྟར་ཐུབ་པའི་རེ་བ་དང་། ད་ཐེངས་མྱུར་སྐྱོབ་ཀྱི་ལས་འགུལ་ཁྲོད་དུའང་གཙོ་བོ་དམག་མི་དང་། དྲག་ཆས་ཉེན་རྟོག་པ། ཉེན་རྟོག་པ་སོགས་འབོར་ཆེན་གཏོང་བཞིན་ཡོད་ན། ཁོང་ཚོའི་དཀའ་སྤྱད་འབད་བརྩོན་དང་སྐུལ་སློང་ལ་དོགས་པ་མེད་ཀྱང་། ནམ་རྒྱུན་གྱི་ཉམས་མྱོང་ལས་རྒྱ་ནག་གིས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོབ་དང་། གསང་བ་ཕྱིར་བསྒྲགས་སོགས་ཀྱི་སྲིད་བྱུས་འོག་གྱོང་གུན་ཕོག་པའི་མང་ཚོགས་ལ་དགོས་མེད་ཀྱི་བརྡབ་གསིག་འཕར་མ་སོགས་མི་ཡོང་བའི་རེ་བ་བཅས་ཞེས་གསལ་འདུག

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༡༢ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༡༣ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

མཆན། 4

  1. ཧེ་ར་བཀྲ་ཤིས། says:
    ལོ་ 16 སྔོན།

    དེ་རིང་རྒྱ་གཞུང་གི་གསར་ལམ་ཁག་ནང་བསྒྲགས་པ་ལྟར་ན་འདས་གྲོངས་སུ་སོང་བ་མི་བདུན་རྒྱ་དང་ག་སོང་ཆ་མེད་དུ་གྱུར་པ་གཅིག་སྟོང་ལྷག་ཡོད་པར་བཤད། ས་གནས་རང་ནས་གནས་ཚུལ་འབྱོར་བ་ལྟར་ན་བོད་པ་མང་པོ་འདས་གྲོངས་སུ་གྱུར་པ་མ་ཟད་ས་རང་གིས་ད་དུང་གནས་ཚུལ་གསལ་གོ་བྱུང་རྒྱུར་དཀའ་ངལ་ཡོད་པར་བཤད། ད་རེ་ཆུ་ལོག་ཆར་པ་ཤུགས་ཆེ་བཏང་ནས་འབྲུག་དཀར་གཙང་པོ་ཡར་འཁྱིལ་བའི་ནང་རི་འགོ་ནས་ས་རིད་རྒྱབས་ནས་འདམ་ཆུ་འདྲེས་མས་འབྲུག་ཆུའི་རྫོང་ཐོག་རང་ལ་གནོད་སྐྱོན་ཚབ་ཆེན་ཐེབས་ཀྱང་གྲོང་གསེབ་ཁག་ལ་དེ་འདྲའི་གནོད་སྐྱོན་ཚབ་ཆེ་མེད་པའི་གནས་ཚུལ་འདུག ད་ལྟ་ཐེ་བོའི་དགོན་གྲོང་གཉིས་གཙོ་བྱས་ནས་བོད་རིགས་མང་པོ་རོགས་སྐྱོར་དུ་འབྱོར་བཞིན་འདུག་ལ། ཐེ་བོ་རྫོང་གི་ལས་ཁུངས་ཡོངས་ནས་རོགས་སྐྱོར་བྱེད་པར་སྐྱོད་འདུག

    Reply
  2. བྱམས་རྒྱལ། says:
    ལོ་ 16 སྔོན།

    བོད་མི་ཉམས་ཆུང་ཚོར་སྟེང་ལ་གནས་ཚུལ་འདི་འདྲ་འབྱུང་བ་སེམས་པ་སྐྱོ་ཡ་ཞིག་རེད་འདུག་། ཅི་དྲག་གང་དྲག་། ཤུལ་ལུས་ཀྱི་གཉེན་ཉེ་ཚན་ཚང་མར་གདུང་སེམས་མཉམ་སྐྱེད་ཡོད་།

    Reply
  3. རང་རྟོན། says:
    ལོ་ 16 སྔོན།

    ཆུ་ལོག་གི་རྐྱེན་ལམ་དུ་ཕྱིན་པའི་་འདས་པོ་རྣམས་ལ་མྱ་ངན་ཞུ་བཞིན་ཡོད།
    ངས་བསམ་ན་ཆུ་ལོག་གི་འབྱུང་རྐྱེན་ངོ་མ་དེ་ནི་རྒྱ་ནག་དམར་ཕྱོགས་ལས་མ་འདོད།རྒྱུ་མཚན་ནི་ནགས་ཚལ་ཚད་བརྒལ་རངབཞིན་གྱིས་གཅོད་འབྲེག་དང་གཏེར་ཁ་སྔོག་འདོན་སོགས་བྱས་པས་སོ།དེའི་ཕྱིར་དོན་དག་འདིའི་འགོ་མཇུག་བར་གསུམ་ཐམས་ཅད་རྒྱ་ནག་གིས་འགན་ཁུར་དགོས་འདོད།

    Reply
  4. འབའ་ཐང་གི་བུ། says:
    ལོ་ 16 སྔོན།

    ལུས་ཀྱི་ཕྱག་མཆོད་ཁྱེད་ཀྱི་ཕྱོགས་སུ་བཏང༌།།
    ངག་གི་མ་ཎི་ཁྱེད་ཀྱི་སྙན་ལ་འབུལ།།
    སེམས་ཀྱི་བསྔོ་སྨོན་འདས་པོའི་རྣམ་ཤེས་གསོ།།
    ང་ཡི་ཡོད་ཚད་ཁྱེད་ཀྱི་ཆེད་དུ་འབྱིན།།

    གདུང་སེམས་མཉམ་སྐྱེད་ལུས་ཀྱི་དཀའ་སྡུག་སེལ།།
    སྐྱིད་སྡུག་མཉམ་མྱོང་སེམས་ཀྱི་རྨ་ཁ་གསོ།།
    བསྔོ་སྨོན་འཚམས་འཕྲིན་སེམས་ལ་སྤོབས་པ་འབྱིན།།
    སྡུག་དུས་མཉམ་རོགས་དུས་ཀྱི་དགོས་མཁོ་ཡིན།།

    ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་དུ་ཆུ་ལོག་གི་གནོད་འཚེ་བྱུང་སྟེ་མི་རྒྱུ་གཉིས་ཐད་ལ་གྱོང་གུན་ཚབས་ཆེན་ཕོག་པར་ཞེ་ཐག་པ་ནས་བློ་ཕམ་ཞུ་རྒྱུ་དང༌། ཤུལ་ལུས་ནང་མི་ཉེ་འབྲེལ་ལྟོས་བཅས་ལ་ཐུགས་གསོ་འཚམས་འདྲི། ལྷག་པར་དུས་མིན་རྐྱེན་འདས་སུ་སོང་བ་རྣམས་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་སྟེ་དལ་རྟེན་རིམ་པར་བརྒྱུད་བླ་མེད་རྫོགས་བྱང་མྱུར་ཏུ་འཐོབ་པའི་བསྔོ་སྨོན་ཤུགས་དྲག་ཞུའོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese