མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་པའི་ཚོགས་ཆེན་གྲོལ་བ།

བོད་ཀྱི་དུས་བབ།
༢༠༡༠/༠༨/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་ ༡༢ པ་དེ་ཕྱི་ཚེས་ ༢༠ ཉིན་ཡོངས་སུ་གྲུབ་སོང་། ཉིན་ལྔའི་རིང་གི་ཚོགས་ཆེན་སྟེང་། བོད་ཕྱི་ནང་དང་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་པ་ ༤༠༠ ལྷག་གིས་ཉིན་རེར་རྩོམ་ཡིག་ ༨༠ ལྷག་རེ་སྒྲོག་སྦྱངས་གནང་བ་དང་། རྩོམ་ཡིག་གི་བརྗོད་གཞིའི་ཕྱོགས་ནས་ཀྱང་གནའ་བོའི་བོད་ཀྱི་ཆོས་སྲིད་དང་དཔལ་འབྱོར། སྤྱི་ཚོགས། རིག་གནས། སློབ་གསོ། སྐད་ཡིག་སོགས་སྣ་ཁ་འདྲ་མིན་ནས་ད་ལྟའི་བོད་ཀྱི་ཆབ་སྲིད་དང་རིག་གཞུང་གི་གནས་བབ་དང་གནད་དོན་སོགས་ཀྱི་བར་གླེང་བ་ཡོད་པ་རེད།

ཐེངས་འདིའི་ཚོགས་ཆེན་སྟེང་བོད་ནང་ནས་མཁས་དབང་རྒན་པ་ནོར་ཕྲེང་ཨོ་རྒྱན་ལགས་དང་། རྒྱལ་མོ་འབྲུག་པ་གཉིས་ཀྱིས་གཙོས་པའི་མི་གྲངས་ ༤༠ ལྷག་ཅིག་དང་། རྒྱ་གར་ནས་མཁས་དབང་བཀྲ་ཤིས་ཚེ་རིང་ལགས་ཀྱིས་གཙོས་པའི་མི་ ༡༠ གྲངས་ཤིག ཡུ་རོབ་ནས་མཁས་དབང་མཁར་རྨེ་བསམ་གཏན་ལགས་ཀྱིས་གཙོས་པའི་བོད་དང་ཕྱི་གླིང་བའི་བོད་རིག་པ་རྣམས། བྱང་ཨ་རིའི་ཁུལ་ནས་མཁས་དབང་པདྨ་འབུམ་གྱིས་གཙོས་པའི་ཕྱི་སྡོད་བོད་རིགས་ཤེས་ཡོན་པ་བཅས་ཕེབས་ཡོད་ལ། ཕྱི་གླིང་བའི་ནང་དུ་ཡང་ལོ་ངོ་ ༣༠ ནས་ ༤༠ བར་བོད་རིག་པའི་ཉམས་ཞིབ་གནང་མཁན་མང་པོ་ཞིག་ཕེབས་འདུག་ལ། ལྷག་པར་དུ། མཁས་པ་དང་ཉམས་ཞིབ་པ་དག་གིས་སྐྱེད་སྲིང་བྱས་པའི་ཞིབ་འཇུག་པའི་དཔུང་ཁག་གསར་པ་ཞིག་བསླེབས་ཡོད་ལ། འདི་དག་གིས་བོད་རིག་པའི་ཞིབ་འཇུག་གི་ལས་དོན་འདི་སྔར་ལས་ཀྱང་རྒྱལ་སྤྱི་རང་བཞིན་དང་། བོད་རིག་པའི་ངོ་བོ་ལྡན་པ། ཧ་ཅང་འཐུས་ཚང་གི་རྣམ་པ་ཞིག་ལ་གོང་སྤེལ་བྱེད་གྱིན་པའི་རྣམ་པ་དེ་མཚོན་ཡོད། བོད་རིག་པའི་ཞིབ་འཇུག་པ་འདི་དག་གི་བརྒྱ་ཆའི་བརྒྱད་ཅུ་ཙམ་ནི་བོད་ཕྱི་ནང་དང་རྒྱལ་སྤྱིའི་སྟེང་གི་གཙུག་ལག་སློབ་གྲྭ་ཆེན་མོ་དག་ནང་གི་མཁས་དབང་དང་། དེ་དག་གིས་རྗེས་སུ་བཟུང་བའི་ཞིབ་འཇུག་པའི་སློབ་མ་རྣམས་ཡིན།

 

འདིའི་ཐད་བོད་ནང་ནས་ཕེབས་མཁན་ཞིག་གིས་གསུངས་དོན། བོད་རིག་པའི་ཞིབ་འཇུག་པ་རྣམས་ལ་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི། ཚང་མ་བོད་དང་བོད་ཀྱི་རིག་གནས་ལ་དང་བ་ཡོད་མཁན་ཙམ་མིན་པར། ཁོང་ཚོའི་འབྲེལ་བའི་ཆ་ནས་ཀྱང་ཆོས་གྲོགས་སམ་ཡང་ན། དགེ་སློབ་ཀྱི་འབྲེལ་བ་ཡོད་མཁན་རྐྱང་ཡིན་སྟབས། ཕན་ཚུན་དམ་ཚིག་གཙང་བའི་ཁར་ལས་དོན་འདིའི་ཐད་ལ་རྡོར་རྩ་གཅིག་སྒྲིལ་རང་བཞིན་གྱིས་ཡར་རྒྱས་གཏོང་བར་དགེ་ཕན་ཆེ་བ་འདུག་ཟེར།

ཡང་བོད་རིགས་མཁས་དབང་ཞིག་གིས་ཐེངས་འདིའི་ཚོགས་ཆེན་སྟེང་གི་ཞིབ་འཇུག་པ་དག་གི་སྤུས་ཚད་ཐད་གསུངས་དོན། འདས་པའི་ལོ་ ༣༠ རིང་བོད་རིག་པའི་ཞིབ་འཇུག་དང་ལས་དོན་འདི་བོད་ཀྱི་ཆོས་རིག་ལ་དོ་སྣང་ཡོད་མཁན་ནུབ་ཕྱོགས་ཀྱི་མི་སྣ་མང་པོ་ཞིག་གིས་ཧུར་ཐག་གིས་གོང་སྤེལ་བྱས་ཡོད་ལ། ད་ནི་བོད་པ་ཚོའི་ནང་དུའང་སྔར་དང་མི་འདྲ་བའི་ཞིབ་འཇུག་པའི་མི་རབས་གསར་པ་ཞིག་སླེབ་ཡོང་གི་འདུག་ལ། བོད་རིགས་གཞོན་སྐྱེས་འདི་དག་གི་ཞིབ་འཇུག་གི་རྣམ་གྲངས་དང་། ཐབས་ལམ། རྒྱུ་སྤུས་བཅས་ཀྱི་ཐད་ནས་ཧ་ཅང་ཡིད་འགུལ་ཐེབས་པ་ཞིག་འདུག མ་འོངས་པར་བོད་མི་རིགས་རང་གི་ནང་དུ་ཞིབ་འཇུག་གི་ལས་དོན་འདི་ཚུགས་རང་བཞིན་ཞིག་ཏུ་འགྱུར་རྒྱུའི་རེ་བ་ཆེན་པོ་འདུག་ཟེར།

 

ཕྱི་ཚེས་ ༢༠ ཉིན་རྒྱལ་སྤྱིའི་བོད་རིག་པའི་ཚོགས་པ་འདིའི་ཚོགས་གཙོ་དང་རྒྱུན་ལས་རྣམས་འོས་འདེམ་བྱས་པ་དང་། དེ་བཞིན་དུ་ཐེངས་རྗེས་མར་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་ ༡༣ པ་དེ་འཚོགས་ཡུལ་བཅས་ལ་གོ་བསྡུར་བྱས་ཡོད། རྒྱལ་སྤྱིའི་བོད་རིག་པའི་ཚོགས་པ་འདིའི་ཚོགས་གཙོ་ནི་ཨོ་ཁུ་སི་ཧྥོར་ཌི་ནས་ཡིན་པའི་ཌོག་ཊར་ ཆར་ལི་སི་ རམ་བྷར་ལགས་རང་འཇགས་བདམས་ཡོད། རྒྱུན་ལས་བཅུ་གསུམ་ཡོད་པའི་གྲས་སུ་དགེ་རྒན་ཆེན་མོ་ཚེ་རིང་ཤཱཀྱ་ལགས་དང་བློ་བཟང་ཤསྟྲི། དགེ་རྒན་ཆེན་མོ་ཚེ་རིང་ཐར་བཅས་ཀྱང་ཚུད་ཡོད་པ་རེད།

 

ཕྱི་ཚེས་ ༡༩ དགོང་མོ་ཝན་ཁོ་ཝར་དུ་བཞུགས་པའི་དགའ་ལྡན་ཀླུ་འབུམ་མཚན་སྒྲོགས་རིན་པོ་ཆེ་མཆོག་དང་སྦི་སི་ས་གནས་བོད་མིའི་རིག་གཞུང་ཚོགས་པ་གཉིས་ཀྱིས་བོད་ཕྱི་ནང་ནས་ཕེབས་པའི་བོད་རིགས་རྣམས་མཚན་སྒྲོགས་དགོན་པར་གདན་འབོད་ཀྱིས་ཞལ་ལག་ཕུལ་ཡོད་པ་དང་། བོད་ཕྱི་ནང་གི་བོད་རིགས་རྣམས་ཀྱིས་མཚན་སྒྲོགས་དགོན་པ་ནས་གུ་ཡངས་པོ་དང་བརྩེ་སེམས་འཁོལ་བའི་སྒོ་ནས་གླེང་མོལ་དང་ཞལ་ལག་མཉམ་བཞེས་གནང་ཡོད་པ་རེད། མཚན་སྒྲོགས་རིན་པོ་ཆེ་མཆོག་གིས་གསུངས་དོན། ཐེངས་འདིར་བོད་ཕྱི་ནང་གི་བོད་རིགས་མཁས་པ་མང་པོ་ཞིག་འདིར་ཕེབས་ཏེ་ཕན་ཚུན་ངོ་ཤེས་དང་དགོངས་ཚུལ་བརྗེ་རེས་བྱས་པ་དང་། ལྷག་དོན་དུ་མཁས་པ་རྒན་གཞོན་མང་པོ་ཞིག་གིས་བོད་ཀྱི་ཆོས་རིག་སོགས་ཀྱི་ཐད་ལག་རྗེས་བཞག་དང་འཇོག་བཞིན་པ་ནི་ཧ་ཅང་དགའ་འོས་པ་ཞིག་རེད་ལ། ཁོང་ཚོ་ད་ལོར་ཝན་ཁོ་ཝར་དུ་ཕེབས་པ་དང་། དེ་ཡང་རང་ཉིད་ཀྱི་དགོན་པའི་ནང་དུ་ཕེབས་པ་དེར་ཧ་ཅང་དགའ་བོ་བྱུང་ཞེས་གསུངས།

 

ཚོགས་ཆེན་གྱི་ཉིན་དང་པོར། རྒྱལ་སྤྱིའི་བོད་རིག་པའི་ཚོགས་པའི་ཚོགས་གཙོ་ཌོག་ཊར་ ཆར་ལི་སི་ རམ་བྷར་ལགས་ཀྱིས། བོད་རིག་པའི་ཞིབ་འཇུག་གི་གྲུབ་དོན་འདི་དག་སྡེ་ཚན་འདི་ཙམ་མ་ཡིན་པར། སྤྱི་ཚོགས་རིམ་པ་དང་། རྒྱལ་ཁབ་རིམ་པའི་སྲིད་གཞུང་གི་བར་དུ་ཁྱབ་ཐུབ་པའི་རེ་བ་ཡོད་སྐོར་ཞུས་ལ། དེ་བཞིན་དུ་ཐེངས་འདིར་བོད་ནང་དང་། རྒྱ་བལ་འབྲུག་གསུམ་ནས་བོད་རིགས་མང་པོ་ཞིག་ལ་ཐོངས་མཆན་མ་རག་པ་དང་། ད་ལོར་འབྲེལ་ཡོད་རྒྱལ་ཁབ་ཀྱིས་བོད་རིག་ཞིབ་འཇུག་པ་རྣམས་ལ་དམིགས་བསལ་གྱི་དམ་དྲག་བྱས་འདུག་ལ། ཁོང་ཚོ་ཐེངས་འདིར་ཚོགས་ཞུགས་བྱེད་མ་ཐུབ་པ་དེར་ཧ་ཅང་བློ་འགྱོད་ཡོད་ཅེས་གསུངས།

ཐེངས་རྗེས་མའི་ཚོགས་ཆེན་དེ་ ༢༠༡༣ ལོར་ཐའེ་ལན་ཌི་དང་། ཝེར་རྗི་ནེ་ཡ། སིན་གྷ་པོར། སུད་སི་བཅས་ིཡིན་ལ། གལ་སྲིད་དེ་ལྟར་མ་བྱུང་བ་ཡིན་ན། ཧོ་ལན་ཌིའི་མཚོ་ཐོག་ནས་འཚོགས་རྒྱུའི་གྲོས་བསྡུར་བྱས་ཡོད་པ་རེད།

གསར་འགྱུར་སྤེལ་མཁན། ལུང་རིགས་རྒྱལ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༡༥ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༡༩ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༢༠ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

མཆན། 5

  1. ཨ་རྒ་ says:
    ལོ་ 16 སྔོན།

    དགའ་བ་ལ་སྐྱིད་པ་ལ་ངོ་མ་དགའ་ཡོང་བ་ནི་ད་རེའི་ཨ་མདོའི་གསར་སྐྱེས་མཁས་པ་མང་ཙམ་སླེབས་ཡོད་པ་ནི་ངོ་མ་དགའ་སོང་།

    Reply
  2. དམག་ལོག་ says:
    ལོ་ 16 སྔོན།

    གོང་གི་གནས་ཚུལ་དེར་ལྟས་ན། ཨ་མདོ་ན་བོད་མིའི་རིག་གཞུང་གི་ཞིང་ཁའི་ལོ་ཏོག་གསར་པ་སྐྱེས་པ་ཤིན་ཏུ་ལེགས། དབུས་གཙང་ལ་དེ་འདྲའི་ཐན་པ?།

    Reply
  3. ཐ་མ་ says:
    ལོ་ 16 སྔོན།

    ད་རེའི་ཨ་མདོ་མཚོ་སྔོན་པ་མང་ཙམ་ཕེབས་ཐུབ་མེད་ན་རྒྱལ་སྤྱི་བོད་རིགས་པའི་ཚོགས་ཁང་སྟོང་པ་ཆགས་པས་ཉེན་ཁ་འདུག་ཟེར་ག

    Reply
  4. གངས་མྱུག says:
    ལོ་ 16 སྔོན།

    འདི་ལྟ་བུ་མཐོང་དུས་སེམས་དགའ་བ་ཞིག་རེད།

    Reply
  5. འཕྲིན་ལས says:
    ལོ་ 16 སྔོན།

    ད་དུང་པར་མང་ཙམ་དང་མཁས་དབང་དེ་དག་གི་མིང་ཡང་པར་དེ་དག་གི་གཤམ་དུ་ཡོད་ན་ཅི་མ་རུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese