མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མང་གཙོ་ཚོགས་པའི་བཀའ་ཁྲིའི་འོས་མི་གཉིས་ངྷ་སར་འབྱོར་བ།

བོད་ཀྱི་དུས་བབ།
༢༠༡༠/༠༩/༠༩
Share on FacebookShare on TwitterShare on EmailShare on Whatsapp
ཉིན་འདི་འགར་བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་བཏོན་པའི་བཀའ་བློན་ཁྲི་པའི་འོས་མི་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང་། མཁས་དབང་བློ་བཟང་སེངྒེ་གཉིས་ངྷ་སར་ཕེབས་ཏེ་མི་རིང་བར་བཀའ་ཁྲིའི་བགྲོ་གླེང་གཉིས་ཀྱི་སྟེང་ཞུགས་རྒྱུར་གྲ་སྒྲིག་བྱེད་ཀྱིན་པའི་སྒང་ལ། དེ་རིང་ཞོགས་པར་ངྷ་ས་ཁུལ་གྱི་གསར་འགོད་པར་ཐུག་འཕྲད་བྱས་ཡོད།
བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་གོ་སྒྲིག་འོག་ཕྱི་ཚེས་ ༩ ཉིན་གྱི་ཞོགས་པའི་ཆུ་ཚོད་བཅུ་བའི་སྟེང་། ངྷ་ས་བོད་ཀྱི་གསོལ་མགྲོན་ཁང་དུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། མང་གཙོ་ཚོགས་པས་བཏོན་པའི་བཀའ་བློན་ཁྲི་པའི་འོས་མི་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང་། མཁས་དབང་བློ་བཟང་སེངྒེ་གཉིས་ཕེབས་ཏེ། བཞུགས་སྒར་ཁུལ་གྱི་གསར་འགོད་པ་ཚོར་ཐུག་འཕྲད་དང་གསར་འགོད་པའི་དྲི་བ་ཁག་ཅིག་ལ་ལན་འདེབས་གནང་ཡོད།
གསར་འགོད་གསལ་བསྒྲགས་དེའི་ཐོག་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་ལགས་ཀྱིས་གསུངས་དོན། གསར་འགོད་གསལ་བསྒྲགས་འདི་སྤེལ་དོན། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོགས་སྐབས་གསུམ་པའི་གྲོས་ཆོད་དགོངས་དོན་བཞིན། སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་འོས་མི་དྲིལ་བསྒྲགས་གྱི་ལས་རིམ་དང་པོ་དང་གཉིས་པ། གསུམ་པ་བཅས་ལས་རིམ་པ་དང་པོའི་ནང་། བྷེལ་རྗེམ་དང་སི་ཕིན། ཧྥ་རི་སི་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་དང་རྒྱ་གར་གྱི་བོད་མི་འདུས་སྡོད་ཀྱི་ས་གནས་སྦེལ་ཀོབ་དང་མོན་གྷོ་ཊི། ཀོ་ལི་གྷལ། ཧོང་སུར། ར་ཇི་པུར། སྤོན་ཊ། ཝར་ཎ། བྷེང་ལོར་སོགས་ས་གནས་ཆེ་ཁག་ ༢༡ ནང་གཞི་རྒྱ་ཆེ་བའི་འོས་གཞི་ཁྱབ་བསྒྲགས་བྱས་པ་དང་། ད་ལྟ་ལས་རིམ་གཉིས་པ་སྟེ། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༠ བར་བོད་གཞུང་ཟློས་གར་ཚོགས་ཁང་དུ་བཀའ་བློན་ཁྲི་པའི་འོས་མི་གདན་ཞུས་ཀྱིས་བཀའ་ཁྲིའི་སྐོར་ལ་བགྲོ་གླེང་གནང་འཆར་ཡོད། དེ་བཞིན། ལྡི་ལི་དང་ས་གནས་གཞན་ཁག་ཅིག་ཏུའང་བགྲོ་གླེང་གནང་འཆར་ཡོད་མོད། དུས་ཚོད་ཀྱི་རྐྱེན་པས་བཀའ་ཟུར་བཀྲིས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ས་གནས་ཁག་ཚང་མར་ཕེབས་ཐུབ་ཀྱི་མེད་ཅེས་དང་། ཡང་ཁོང་གིས་ལས་རིམ་གསུམ་པ་ཡང་མི་རིང་བར་མགོ་འཛུགས་གནང་འཆར་ཡོད་སྐོར་གསུངས་སོང་།  

ཉིན་དེར་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་གསུངས་དོན། དེང་སྐབས་བོད་མི་འདུས་སྡོད་ཀྱི་ས་གནས་གང་དུ་ཕྱིན་ཡང་མང་ཚོགས་ཀྱིས་གླེང་མོལ་མང་ཆེ་བ་བཀའ་བློན་ཁྲི་པའི་སྟེང་ཡིན་པ་ལས་བོད་མི་མང་སྤྱི་འཐུས་ཀྱི་སྐོར་མ་རེད། སྤྱིར་མང་གཙོའི་ལམ་སྲོལ་གལ་ཆེན་པོ་ཡིན་པ་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་འདེམས་བསྐོ་བྱ་རྒྱུ་ཡང་གལ་ཆེན་པོ་ཆགས་ཡོད་ནའང་། མི་ཚང་མས་བསམ་བློ་བསྡུར་ས་དེ་བཀའ་བློན་ཁྲི་པའི་སྟེང་རེད། དེར་བརྟེན་མང་ཚོགས་ཀྱིས་དོ་སྣང་དང་གནད་འགག་ཆེན་པོར་བརྩིས་པ་དེ་རྟགས་མཚན་ཡག་པོ་ཞིག་རེད་བསམ་གྱི་འདུག 

༡༩༥༩ ལོ་ནས་བཟུང་༧གོང་ས་མཆོག་གི་ཐུགས་རེར་བོད་ཀྱི་མ་འོངས་པའི་ཆབ་སྲིད་ཀྱི་ལས་འགན་ཏེ། གཅིག་ནས་བོད་མི་མང་གིས་ཀྱང་༧གོང་ས་མཆོག་གིས་ཐུགས་འགན་བཞེས་པ་ནང་བཞིན་མཉམ་རུབ་ཞུ་རྒྱུ་དང་། གཉིས་ནས་བོད་ནང་དུས་འགྱུར་བྱུང་རྗེས་མ་འོངས་པའི་བོད་ཀྱི་སྤྱི་ཚོགས་དེ་དངོས་གནས་བོད་ཀྱི་གནས་ཚུལ་ལྡན་པ་ཞིག་དགོས་སྟབས། མང་གཙོའི་ལམ་སྲོལ་དེ་ཚད་མཐོན་པོ་ཞིག་ཏུ་ཡོང་རྒྱུར་སྐུ་ལས་བསྐྱོན་པ་རེད། སྐུ་ལས་བསྐྱོན་པ་རེད་ཟེར་དོན་སྔོན་མ་ང་ཚོས་མང་གཙོའི་ལམ་སྲོལ་དགོས་ཀྱི་འདུག བོད་མི་མང་སྤྱི་འཐུས་འདེམས་དགོས་ཀྱི་འདུག་ཟེར་དུས། མང་ཚོགས་ཀྱིས་དགོས་ཀྱི་མི་འདུགགནས་སྐབས་རིང་༧གོང་ས་མཆོག་གཅིག་པུས་གནང་རོགས་ཞེས་ཞུས་ཡོད། ཡིན་ནའང་། རིམ་གྱིས་གྲོས་ཚོགས་ཀྱི་ལམ་སྲོལ་ཇེ་བརྟན་ཏུ་ཕྱིན་པ་དང་། མི་མང་གིས་ཁུར་ལེན་པ་དང་དོ་སྣང་ཤུགས་ཆེ་རུ་ཕྱིན་ཏེ། དེང་སྐབས་གྲོས་ཚོགས་ནང་དུའང་ཕེབས་མཁན་མང་ཙམ་དང་། མང་གཙོའི་བཅའ་ཁྲིམས་ཐོག་གྲོས་ཚོགས་མང་ཚོགས་ཀྱི་སྐུ་ཚབ་བྱས་ཏེ་ཐེ་བྱུས་མང་ཙམ་བྱེད་པ་དང་དབང་ཚད་ཆེ་རུ་ཕྱིན་ཡོད། ལྷག་པར་དུ་ལོ་བཅུའི་ནང་དུ་མི་མང་ལ་བཀའ་བློན་ཁྲི་པ་ཐད་ཀར་འོས་འདེམས་བྱ་རྒྱུ་ཡོད་པ་དེ། རྩ་བའི་བཙན་བྱོལ་སྤྱི་ཚོགས་ཆུང་ནའང་གྲུབ་འབྲས་ཆེན་པོ་རེད། ཅེས་གསུངས།


ཡང་ཁོང་གིས་ལོ་སྔ་ཕྱི་འདིར་དྲ་རྒྱ་ཁག་དང་ཚོགས་པ་སྐྱིད་སྡུག་ཁག ཆབ་སྲིད་ཚོགས་པ་སོགས་ཀྱིས་མི་མང་བོའི་མིང་བཏོན་ཡོད་ལ། བློ་བཟང་སེངྒེ་ངེད་གཉིས་ཀྱི་མིང་ཡང་མང་བོ་ཞིག་ཐོན་སྟབས། ང་ཚོ་ཚང་མས་རང་ཉིད་ཀྱི་འཇོན་གྱི་ཡོད་མེད་དང་། བཀའ་བློན་ཁྲི་པའི་མཐའ་མའི་འོས་མིར་འཐོབ་རྒྱུ་ཡིན་མིན་ལ་མ་ལྟོས་པར་ལས་འགུལ་འདིའི་ནང་གང་ཐུབ་མཉམ་བཞུགས་བྱ་རྒྱུ་ནི་རང་གི་ལས་འགན་ཆེན་པོ་ཞིག་ཏུ་མཐོང་གི་ཡོད། ཅེས་ཁོང་བཀའ་ཁྲིའི་འོས་མིར་བཞུགས་དོན་སྐོར་གསུངས།

ཁྲིམས་རྩོད་པ་བློ་བཟང་སེངྒེ་ལགས་ཀྱིས། ༧གོང་ས་མཆོག་གིས་མང་གཙོ་གསོལ་རས་སུ་གནང་བ་ནས་ལོ་ལྔ་བཅུའི་ནང་རིམ་གྱིས་ཡར་རྒྱས་འགྲོ་གིན་ཡོད་ནའང་། ད་ལན་དམིགས་བསལ་གྱིས་མང་གཙོའི་འགྲོ་སྟངས་དང་བཀའ་སྤྱི་གཉིས་ཀྱི་འོས་བསྡུ་གང་ཡིན་རུང་། ཅུང་ཙམ་འཁྲུག་ཏུ་འགྲོ་བ་དང་དུས་རབས་ཉེར་གཅིག་པའི་ལམ་དང་ཇེ་མཐུན་དུ་འགྲོ་བ་ལྟ་བུ་ཆགས་ཡོང་གི་འདུག དེ་དག་ཚང་མ་ཡར་རྒྱས་ཕྱིན་པའི་རྣམ་པ་རེད། རྒྱ་ནག་གཞུང་གིས་བཙན་བྱོལ་གྱི་སྒྲིག་འཛུགས་འདི་རིམ་གྱིས་འཐོར་འགྲོ་བར་རེ་བ་བྱེད་ཀྱིན་ཡོད་མོད། བཙན་བྱོལ་བོད་གཞུང་གི་མང་གཙོའི་སྒྲིག་འཛུགས་འདི་གཞི་ཇེ་བརྟན་དུ་གཏོང་ཐུབ་ཚེ། རྩ་དོན་རྩོད་པའི་སྒྲིག་འཛུགས་མ་འཐོར་བར་མུ་མཐུད་གནས་ཐུབ་ཀྱི་རེད་སྙམ། དེ་ལྟར་གནས་ཚེ་རྒྱ་གཞུང་གིས་ཐབས་ཤེས་དང་འབད་བརྩོན་བྱས་བསྡད་པ་ལམ་འགྲོ་མ་ཡོང་བ་དང་། བོད་ནང་ཡོད་པའི་གཞིས་ལུས་བོད་མིའི་རེ་བ་གཞིར་བཟུང་ང་ཚོས་ཕྱི་ནས་ཁོང་ཚོར་གང་ཐུབ་ཀྱིས་རྒྱབ་སྐྱོར་བྱེད་ཐུབ་པ་དང་མཉམ་དུ།སྒྲིག་འཛུགས་ཀྱི་རྣམ་པ་བརྟན་པོ་དང་ཡག་པོ་ཡོང་གི་རེད། དེ་བྱ་རྒྱུར་མང་གཙོ་ཞེས་ལྟ་གྲུབ་ཀྱི་ལམ་ནས་བཤད་རྒྱུ་མང་བོ་ཡོད་ནའང་། ཁ་ཡོད་ལག་ཡོད་ཀྱི་མང་ཚོགས་ནང་འཛུལ་ཞུགས་བྱས་ཏེ་མི་མང་མཉམ་དུ་བསམ་ཚུལ་བརྗེ་རེས་བྱེད་པ་སོགས། མི་མང་ནས་གཞུང་བར་གྱི་སྒྲིག་འཛུགས་ཀྱི་རྣམ་པ་དེ་ཚགས་ཚུད་པོ་ཆགས་དགོས། ཞེས་གསུངས།

མཇུག་མཐར་ཁོང་རྣམ་པ་གཉིས་ཀྱིས་གསར་འགོད་པའི་བཅར་འདྲི་ཁག་ཅིག་ལ་ལན་འདེབས་གནང་ཡོད།

བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོས། ང་ཚོའི་ཚོགས་པས་ད་ལྟའི་བར་བཀའ་སྤྱི་གཉིས་ཀྱི་འོས་མི་ཁྱབ་བསྒྲགས་ཆེད་ཧིན་སྒོར་འབུམ་གཉིས་ཙམ་གྱིས་འགྲོ་གྲོན་བཏང་སྟེ། འཕྲེད་དར་ཆེ་གྲས་ལྔ་བཅུ་ལྷག་དང་སྦྱར་ཤོག་ཚོན་ཁྲ་ཅན་ ༥༠༠༠། སྤྱི་འཐུས་འོས་མིའི་སྦྱར་ཤོག་ཚོན་ཁྲ་ཅན་ ༥༠༠༠། བཀའ་ཁྲིའི་འོས་མིའི་པར་དང་ལོ་རྒྱུས་འཁོད་པའི་དེབ་ཆུང་ ༩༠༠༠། སྤྱི་འཐུས་སྐོར་ལ་དེབ་ཆུང་ ༨༠༠༠། བཀའ་སྤྱིའི་འོས་མིའི་པར་འཁོད་ཤོག་བྱང་ ༡༠༠༠༠། དམིགས་བསལ་བཀའ་ཁྲིའི་འོས་མི་ངོ་སྤྲོད་ཤོག་བྱང་ ༢༠༠ བཅས་འགྲེམས་སྤེལ་བྱས་ཡོད་ཟེར།
 

གསར་འགོད་པ། ཨ་རིག་འགྱུར་མེད།

པར་བ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

སྐར་མ ༡༥ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

སྐར་མ ༢༩ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༣ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༥ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠
ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

༢༠༢༦/༠༣/༠༩

མཆན། 16

  1. བསྟན་འཛིན་ཆོས་རྒྱལ says:
    ལོ་ 15 སྔོན།

    བཀྲས་མཐོང་ནི་ཨ་རིའི་མི་སེར་རེད། ཁྲིམས་དང་སྒྲིག་གཞི་གང་ལ་ལྟས་ན་མི་སེར་གཞན་ཞིག་གིས་རྒྱལ་ཁབ་གཞན་ཞིག་ལ་ཆབ་སྲིད་ཀྱི་དབང་ཆ་འཛིན་མི་ཆོག་པ་དང་ལོ་རྒྱས་ཀྱི་ཆ་ནས་རྩིས་ཁྲའི་རྙོག་དྲ་བྱུང་བ་གང་ལ་ལྟས་ན་བཀྲས་མཐོང་ནི་བཀའ་ཁྲི་ལ་མི་འཚམ།

    བློ་སེང་གིས་བོད་ཡིག་དང་བོད་ཀྱི་རིག་གཞུང་གང་གི་ཐད་ནས་རང་ས་སྐྱ་མི་ཐུབ་པའི་བཀའ་ཁྲི་ག་འདྲ་བྱས་ནས་བྱུང་གི་རེད། བོད་རིགས་སྤུན་ཟླ་རྣམས་ཀྱིས་བསམ་བློ་ཞིབ་ཏུ་གཏོང་་རྒྱུ་ནི་གལ་འགངས་ཆེ་ཤོས་རེད།

    Reply
  2. ཤྰ་རིའི་བུ། says:
    ལོ་ 15 སྔོན།

    བཀའ་བློན་ནི་རྙིང་པ་ཞིག་ལང་པ་ཡིན་ན་ནི་མི་བཟང་།
    གང་ཡིན་ཞེ་ན་མི་དམངས་རྣམས་སྤྱི་དང་ལྷག་པར་གཞོན་སྐྱེས་ཡོན་ཏན་ཅན་ཚོ་ཆབ་སྲིད་ལ་སེམས་ཤུགས་མི་ཡོང་།
    དེ་བཞིན་གསར་པ་ཞིག་ཡོང་ཡང་རྒན་པ་ཚོ་བློ་གཏད་མི་ཐུབ།
    རྒྱུ་མཚན་དེས་ན་ཡག་པོ་ཞིག་དཔྱད་ནས་སེམས་ཡོད་རང་རིགས་ཡོང་ནས་རིན་པོ་ཞིག་འདེམས་ཐུབ་པའི་རེ་བ་ཡོད།།

    Reply
  3. གངས་ཕྲུག་ says:
    ལོ་ 16 སྔོན།

    མདོ་དབུ་ཁམས་གསུམ་གྱིས་བོད་རིགས་སྤུན་ཟླ་རྣམས་བསམ་བློ་ཡག་པོ་ལྟང་ནས་བཀའ་ཁྲིའི་འོས་རླུག་གནང་ཡོད་པ་མཁྱཻན།།

    Reply
  4. མཐའ་མཚམས་ཀྱི་ཕོ་ཉ། says:
    ལོ་ 16 སྔོན།

    གསར་འགོད་པ་ལགས།
    མང་གཙོ་ཚོགས་པ་ཞེས་ཕྱོགས་རིས་ཁེངས་པའི་ཚོགས་པ་འདིས་ད་རེ་འོས་མི་གཞན་དག་གཉིས་ལ་སྐད་མི་གཏོང་བའི་་རྒྱུ་མཚན་གང་ཡོད་འཚོལ་ཐབས་བྱས་ཏེ་མགྱོགས་མྱུར་ངང་དྲ་ཐོག་འདིར་བཀོད་ན་མ་གཏོགས་ང་ཚོས་བྱེད་སྟངས་འདི་ལ་ངོ་རྒོལ་བགྲོ་གླེང་སྐབས་སུ་སྤེལ་ན་ཕྱོགས་ཡོངས་ཀྱི་ལྟ་བཟོད་མེད་པས་ངེས་པར་ཁོང་ཚོར་རྒྱུ་མཚན་གསལ་པོ་དྲིས་ཏེ་འདིར་འགོད་རོགས་ཞུ།
    ཐུགས་རྗེ་གཟིགས།

    Reply
  5. ཤེས་རབ། says:
    ལོ་ 16 སྔོན།

    བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་ཀྱང་ཁ་སང་གནང་བཞིན་བཀའ་ཁྲིའི་འོས་མི་ཚོགས་གཙོ་གཞོན་གཉིས་ཀ་ཕྱི་ཚེས་༡༡ཉིན་གྱི་བགྲོ་གླེང་ཐོག་སྐད་གཏོང་གནང་ཡོང་འབོལ་སྐུལ་ཞུ།

    Reply
  6. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    གང་ལྟར་འདོད་པ་ཡོད་པའི་འོས་མི་མ་རེད་
    ཡག་པོ་རེད་ཟེར་རྒྱུ་ཡིན
    བློ་སེང་ལ་འདོད་པ་ཡོད་ཀྱང་ད་ཕར་ཆེར་རེ་མེད་ཆགས་རྒྱུའི་གཉེས་ཁ་འདུག་
    དེར་བརྟན་ངའི་འོས་ཤོག་གཅིག་པོ་འདི་ཆུ་ཟོས་སུ་མི་འགྲོ་བ་ཞིག་བྱེད་དགོས་འདུག་
    འོན་ཀྱང་བཀྲིས་མཐོང་ལ་འདོད་པ་མེད
    ད་ཅི་ཞིག་བྱེད་དགོས་

    Reply
  7. ནགས་མཚོ says:
    ལོ་ 16 སྔོན།

    དངོས་ནས་བོད་པ་ཡར་རྒྱས་འགྲོ་ཀྱི་འདུག་ཡང་ཀྱར་བཀའ་ཁྲིའི་འོས་མང་ལང་ཤོག་

    Reply
  8. ཉི་ཟླའི་མགྲོན་བདག says:
    ལོ་ 16 སྔོན།

    དམངས་གཙོ་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན་གཉིས་སྐད་མི་བཏོང་ཅི་ཡིན་ནམ། བོད་སྤྱི་ལ་བསམ་བློ་གཏོང་གི་ཡོད་ན་ཕྱོགས་རིས་སྒོ་ནས་བཀའ་ཁྲི་འོས་བསྡུ་མ་སྐོང་རོགས་ཞུ། ཁྱེད་ཚོ་ལ་ཞན་ཆ་གང་མང་མང་འདུག་པ་མངོན་གསལ་རེད། འགྲོ་སོང་གཏོང་ས་མ་ཤེས་ན་སོ་སོའི་ཚོགས་པའི་ཅུང་རེད།

    Reply
  9. ཨ་མྱེ་རྫ་རྒྱ་ says:
    ལོ་ 16 སྔོན།

    གསར་འགོད་པ་ལགས།
    དམངས་གཙོ་ཚོགས་པའི་བཀའ་ཁྲིའི་བགྲོ་གླེང་གི་གར་སྟེགས་སྟེང་དུ་ཚོགས་གཙོ་སྤེན་པ་ཚེ་རེང་དང་ཚོགས་གཞོན་རྒྱ་རི་སྒྲོལ་མ་གཉིས་གདན་འདྲེན་ཞུས་མེད་པ་དེ་རྒྱུ་མཚན་གང་ཡིན་ནམ།

    Reply
  10. ཁ་བ་ནག་པོ། says:
    ལོ་ 16 སྔོན།

    བློ་བཟང་སེང་གེ་ལགས་ང་ཚོའི་གནས་སུ་ཕེབས་ནས་གསུང་བཤད་གནང་དུས། ངས་ཁོང་ལ། ཨ་རི་ལྟ་བུ་ཡིན་ན་སྲིད་འཛིན་འོས་མི་དེར་གལ་སྲིད་ཁ་གཏད་ཅིག་ཐོན་པ་ཡིན་ན་དེ་གཉིས་ཀྱིས་གཅིག་གིས་འདི་འདྲ་ཞིག་འཇོན་གྱི་མ་རེད། ཡིན་ན་ཡང་ངས་དེ་འཇོན་གྱི་ཡོད་ཅེས་ཁ་གཏད་དེར་ཕམ་ཉེས་འབྱུང་ཐབས་སུ་ཕ་རོལ་པོ་དེའི་སྐྱོན་མཚང་བདེན་རྫུན་ཚང་མ་ཕྱིར་བསྔོགས་ནས་ཁྱབ་བསྒྲགས་ཤུགས་ཆེན་བྱེད་པ་སྟེ། ལོ་གཉིས་ཀྱི་སྔོན་དུ་ཨོ་སྦ་མ་དང་ཇོན་མི་ཁེན་གཉིས་ལྟ་བུ་རེད། དམངས་གཙོའི་ལྟ་གྲུབ་དང་ཆབ་སྲིད་ཀྱི་ལས་དོན་མདུན་ནས་ཡ་རབས་དྲང་བདེན་ཤ་སྟག་སྐྱོང་བཞིན་བསྡད་ན་སྲིད་དོན་པ་ཞིག་གི་ངོས་ནས་གྱོང་རག་རྒྱུའི་ཉེན་ཁ་ཡོད་པས། ཉིད་ཀྱིས་རང་ཉིད་ཀྱི་ཁ་གཏད་དག་ལ་དམིགས་ནས་ཁོ་ཚོས་འདི་དང་དེ་འཇོན་གྱི་མ་རེད། ཡིན་ན་ཡང་ངས་དེ་འཇོན་གྱི་ཡོད་ཅེས་ཁྱབ་བསྒྲགས་མི་བྱེད་དོན་ཅི་ཡིན་ཞེས་དྲིས་པར། ཁོང་གིས་དམངས་གཙོའི་ལམ་ཁ་དེར་འཛུལ་ས་དཀྱོགས་ས་གང་མང་ཞིག་ཡོད་ཅིང་། ལྷག་པར་དུ་རང་རེ་བོད་པ་ཚོའི་རིག་གཞུང་དང་བསྟུན་པའི་ཕ་རོལ་པོ་དེར་གུས་ཞབས་བྱེད་དགོས་པ་འདི་ངས་གལ་ཆེན་པོར་མཐོང་གིན་ཡོད་པས། ཐེངས་འདིར་ཕ་རོལ་པོར་སྐྱོན་བརྗོད་བྱེད་རྒྱུའི་འདོད་པ་མེད། སྐུ་ངོ་བསྟན་འཛིན་རྣམ་རྒྱལ་ལ་གུས་ཞབས་དང་བཅས་ལྷན་དུ་བཅར་ནས་བཀའ་ཁྲིའི་སྐོར་བགྲོ་གླེང་བྱེད་བཞིན་ཡོད་གསུངས་སོང་།

    Reply
  11. མཐའ་མཚམས་ཀྱི་ཕོ་ཉ། says:
    ལོ་ 16 སྔོན།

    ཕྱི་རྒྱལ་ནས་ཕེབས་པ་ཙམ་གྱིས་ཁྱེད་ཚོའི་ཚོགས་པར་དངུལ་གྱི་རོགས་སྐྱོར་ཐོབ་དཀའ་བར་འདུག་པས་དྲང་མོ་གནང་རོགས།

    Reply
  12. མཐའ་མཚམས་ཀྱི་ཕོ་ཉ། says:
    ལོ་ 16 སྔོན།

    བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་ཞེས་མིང་རྫིག་པོ་བཏགས་ཀྱང་དོན་ལ་ལས་སྟངས་བྱ་སྟངས་ལྟོས་ད་འོས་མི་ཚང་མར་སྐད་བཏང་མ་སོང་བ་ང་ཚོ་ཚང་མས་མཐོང་གསལ་རེད།
    བྱེད་སྟངས་འདི་ལ་ང་ཚོས་ངོ་རྒོལ་མཐའ་གཅིག་ཏུ་བྱ་དགོས་པ་རེད།

    Reply
  13. ཐིག says:
    ལོ་ 16 སྔོན།

    གྲོགས་པོ་བྱམ་རྒྱལ་ལགས་ལ་ཞུ་རྒྱུ། བཀའ་ཟུར་བཀྲིས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ས་གནས་ཁག་ཚང་མར་ཕེབས་ཐུབ་མེད་པ་ནི་གཞན་སུ་གང་གི་དབང་གིས་མ་རེད་ལ། དེ་ནི་ཁོང་རང་ཕེབས་འདོད་མེད་པ་རེད་ལ། ཅིག་བྱེད་ན་ཁོང་རང་ལ་མི་དམངས་དང་མཉམ་དུ་མ་ཕེབས་ནའང་བཀའ་བློན་ཁྲི་པའི་ལས་གནས་ལ་སླེབས་ཐུབ་པའི་སྤོབས་པ་དང་གདིང་ཚོད་ཡོད་སྲིད་ཀྱིས་རེད། ཁྱེད་ཀྱི་ཁོང་ལ་ཐུགས་ཁུར་གནང་པར་དངོས་གནས་མང་དྲགས་མི་འདུག་གམ།

    Reply
  14. རྟོག་སད་ཀྱི་སྨྱུ་བུ། says:
    ལོ་ 16 སྔོན།

    ངོ་མ་ལེགས་པོ་འདུག་ད་ལྟའི་བཀའ་བློན་ཁྲི་བ་དེ་ལ་དམིགས་གསལ་གྱི་བོད་མི་མང་གིས་རེ་བ་ཆེན་པོ་ཞིག་གནང་གི་ཡོད་དུས་རེ་བ་བཞིན་འོས་སྡུའི་ཁྲོད་དུ་ཡོད་མཁན་དག་གི་མང་ཚོགས་ཀྱི་བསམ་ཚུལ་དེ་མཁྱེན་དགོས་པ་གལ་ཆེན་པོ་ཡིན།

    Reply
  15. འདྲེ་རིག་ལྡན། says:
    ལོ་ 16 སྔོན།

    མང་གཙོ་ཚོགས་པས་་་ ཚོགས་གཙོ་སྤེན་པ་ཚེ་རིང་དང་ཚོགས་གཞོན་རྒྱ་རི་སྒྲོལ་མ་གཉིས་སྐད་བཏང་མེད་དམ། ????????????

    Reply
  16. བྱམས་རྒྱལ། says:
    ལོ་ 16 སྔོན།

    བགྲོ་གླེང་ཆེད་བཀའ་ཟུར་བཀྲིས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ས་གནས་ཁག་ཚང་མར་ཕེབས་ཐུབ་ཀྱི་མེད་པ་འདིས་མི་མང་དང་མཉམ་དུ་བསམ་ཚུལ་བརྗེ་རེས་ཀྱི་གོ་སྐབས་མང་པོ་ཤོར་བཅུག་གི་འདུག་། བཀའ་བློན་འོས་ལངས་ཞིག་གི་ཐོག་ནས་བཤད་ན་མི་མང་དང་མཉམ་དུ་འདུ་འཛོམས་གང་མང་དང་བསམ་ཚུལ་བརྗེ་རེས་གང་མང་གནང་ཡ་དེ་གོམ་པ་དང་པོ་མ་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese