མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲུང་ཆེ་ཡིས་སྤྲེའུ་ལད་འཁྲབ།

བོད་ཀྱི་དུས་བབ།
༢༠༡༠/༡༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་ཚེས་ ༢ ཉིན་བྷི་བྷི་སིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་གཟའ་ཟླ་བའི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་བྷན་ཀེ་མོན་རྒྱ་ནག་ཏུ་བསྐྱོད་ཡོད་ཅིང་། སྲིད་འཛིན་ཧུའུ་ཅིན་ཐོ་ཐུག་འཕྲད་སྐབས། བྷན་ཀེ་མོན་གྱིས་ཧུའུ་ཅིན་ཐོ་ལ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་གཏམ་གླེང་གང་ཡང་མ་བྱས་པར་སྣང་མེད་དུ་བཞག་པར། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐོང་ཚོགས་པ་ཁག་གིས་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱིན་ཡོད་འདུག

ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོང་ཐོང་ཚོགས་པས་དེ་སྔ་བྷན་ཀེ་མོན་ལ། ཐེངས་འདིར་སྲིད་འཛིན་ཧུའུ་ཅིན་ཐོ་དང་ཐུག་འཕྲད་བྱས་སྐབས་ད་ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་སྐུ་ཞབས་ལིག་ཞོ་པོ་ཀློད་གྲོལ་དང་། དེ་མིན་རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་ཆབ་སྲིད་བཙོན་པ་ཚོའི་རང་དབང་དང་འབྲེལ་བའི་འགྲོ་བ་མིའི་ཐོབ་ཐོང་ཐད། འགན་ལེན་ཐོག་གླེང་སློང་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་རུང་། བྷན་ཀེ་མོན་གྱི་མགྲིན་ཚབ་པས་བརྗོད་པ་ལྟར་ན། ཐེངས་འདིར་བྷན་ཀེ་མོན་གྱིས་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ཐད་བཀའ་མོལ་གང་ཡང་གནང་མེད་ལ། ཐ་ན་སྒེར་ངོས་ནས་ཐུག་འཕྲད་སྐབས་སུ་ཡང་གླེང་སློང་བྱས་མེད། དེ་ནི་ཐེངས་འདིར་དྲུང་ཆེ་མཆོག་ལ་ལས་དོན་གཞན་མང་དྲགས་པས་རེད་ཟེར།

འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཚོས། བྷན་ཀེ་མོན་གྱིས་དེ་སྔོན་ནས་ལིག་ཞོ་པོ་ལ་འཛམ་གླིང་ཞི་བདེ་གཟེངས་རྟགས་ཐོབ་པ་དེར་ཐད་ཀར་རྒྱབ་སྐྱོར་གྱི་རྣམ་པ་གང་ཡང་བསྟན་མེད་པར་སྐྱོན་བརྗོད་བྱས་མྱོང་ཡོད་ལ། ད་ཐེངས་ཧུའུ་ཅིན་ཐོ་དང་མཇལ་འཕྲད་གནང་སྐབས་ཀྱང་སྐུ་ཞབས་ལིག་ཞོ་པོ་དང་། དེ་བཞིན། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐོང་དང་རང་དབང་སྐོར་ལ་སྐད་ཆ་ཅི་ཡང་བཤད་མེད་པ་དེ། རྒྱ་ནག་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བརྟན་འཇགས་ལྷན་ཚོགས་ཀྱི་ཚོགས་མི་ five Veto powers ཞེས་པའི་གྲས་ཡིན་ལ། རྒྱལ་ཚོགས་ཀྱི་ལས་དོན་གལ་ཆེན་ཁག་ཐག་གཅོད་བྱེད་སྐབས་རྒྱལ་ཁབ་དེ་ཚོས་དབང་ཤུགས་ཆེ་ཤོས་བཟུང་ཡོད་པར་བརྟེན། བྷན་ཀེ་མོན་གྱིས་རང་ཉིད་ལ་ཐེངས་རྗེས་མའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་རྐུབ་སྟེགས་རག་རྒྱུར་རྒྱ་ནག་ལ་སྤྲེའུ་ལད་འཁྲབ་ཀྱིན་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

མཆན། 11

  1. རླུང་རྟ་རྒྱལ། says:
    ལོ་ 16 སྔོན།

    དྲུང་ཡིག་ཆེན་མོ་ཁོ་རང་ཡང་ཨེ་ཤ་ཡ་ཤར་མ་རྒྱ་ནག་པོའི་ཁྱིམ་མཚེས་ཡིན་པས་རྒྱ་ནག་པོ་ལས་ཡན་ན་ཡོད་མི་སྲིད།

    Reply
  2. རྒྱང་ལྟ says:
    ལོ་ 16 སྔོན།

    མཉམ་འབྲེལ་རྒྱལ་ཚོགས་ནི་ཁྱིམ་ཚང་ལྟ་བུ་ཞིག་གི་ངོས་ནས་གླེང་ན་བྷན་གེན་མོ་ཁྱིམ་བདག་ཞིག་གི་འོས་བབ་ཡོད་པས་ཁོས་ཤེས་བཞིན་དུ་ད་རེས་རྒྱ་ནག་གི་འགྲོ་མིའི་ཐོབ་ཐང་གླེང་སློང་ཙམ་ཡང་མ་བྱས་པར་རྒྱལ་ཁབ་ཕྱི་ནང་གི་མི་བོ་གང་མང་ཞིག་ཆེས་བློ་ཕམ་གྱི་གནས་སུ་གྱུར་བ་བཤད་མི་དགོས་ལ། འབྱུང་འགྱུར་ཁོའི་རྒྱལ་ཚོགས་ཀྱི་དྲུང་ཆེའི་རྐུས་སྟེགས་ཀྱང་འདི་ནས་ཤོར་བའི་མགོ་བཙུགས་སོང་།

    Reply
  3. བསྟན་འཛིན་ཚེ་འཚོ། says:
    ལོ་ 16 སྔོན།

    རྒྱལ་ཚོགས་ཀྱི་དྲུང་ཆེ་བྷན་ཀེ་མོན་ནི་རྒྱལ་སྤྱི་ནང་མཐོང་མི་འདུག་ལ། ལྷག་དོན་ཁོ་རང་ཉིད་ཀྱི་འཇོན་ནུས་ཐོག་ནས་ཀྱང་ནུས་བ་འདི་ཐོན་ཡོད་པ་རེད། གནད་འགག་འདི་གནང་བ་རེད་ཞེས་པ་ཞིག་བརྗོད་རྒྱུ་མེད། ཁོ་ནི་མི་ནུས་མེད་གཅིག་ཡིན་པས་བསྐྱར་དུ་རྒྱལ་ཚོགས་ཀྱི་དྲུང་ཆེ་ལ་འདུག་ཐབས་མེད་ལ། རྒྱལ་སྤྱིའི་ནང་ཡང་ཁོའི་འཇོན་ཚོད་མེད་པའི་རླུང་ཡན་ལྡིང་བཞིན་པ་རེེད།

    Reply
  4. སྒོ་བུ་གྲགས་པ། says:
    ལོ་ 16 སྔོན།

    དཔོན་རིགས་ཕལ་ཆེ་བའི་རང་དོན་ཆེ་དྲགས་པས་ལོའུ་ཞོ་པོ་ལ་ད་རེ་བཙོན་ནས་སྐྱོབ་རྒྱུ་དེ་ཧ་ཅང་་ཁག་པོ་ཆགས་འདུག

    Reply
  5. སྒོ་བུ་གྲགས་པ། says:
    ལོ་ 16 སྔོན།

    རྒྱལ་སྤྱིའི་དྲུང་ཆེ་ངོས་ནས་རྒྱ་ནག་ལ་སྤྲེལ་ལབ་འཁྲབ་པ་འདིས་འཛམ་གླིང་གི་ཡ་རབས་བཟང་སྤྱོད་ལ་ཕྱོགས་པའི་ལས་དོན་ལ་ཕམ་ཁ་རེག་པའི་ལྟས་ངན་ཞིག་རེད།

    Reply
  6. Rabga says:
    ལོ་ 16 སྔོན།

    གོང་གི་གསར་འགྱུར་དེ་མཁོ་ཐོག་ལ་ཟས་རེད། གསར་འགོད་པར་ཐུགས་རྗེ་ཆེ་ཞུ།། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་བྷན་ཀེ་མོན་དང་། ཨ་རིའི་སྲིད་འཛིན་ཨོ་བྷ་མ། ཐ་ན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་སོགས་སུ་ཞིག་ལ་སྐྱོན་ཆ་དང་། ནོར་འཁྲུལ་ཁུངས་སྐྱེལ་ར་སྤྲོད་ཕེར་བ་ཡོད་ན་འཐེར་འདོན་བྱ་དགོས་པ་རེད།

    Reply
  7. སྐྱ་ཀ says:
    ལོ་ 16 སྔོན།

    འདི་གཟིགས་གྲུབ་རྗེས་གྲྭ་གྲོགས་རྣམ་པར་ཚོ་ས་རཱ་མཐོ་སློབ་ཀྱི་རྒན་བསོད་ནམས་ལགས་ཀྱི་དྲི་ལེན་ནང་དུ་ཕེབས་གནང་རོགས།

    Reply
  8. དཀར་མཚོ་སྐྱིད། says:
    ལོ་ 16 སྔོན།

    ད་ཐེངས་རྒྱལ་ཚོགས་ཀྱི་དྲུང་ཆེ་སྦན་ཁེ་མོན་ལགས་པེ་ཅིན་དུ་ཕེབས་ནས་རྒྱ་ནག་གི་འགོ་ཁྲིད་ཚོ་དང་མཉམ་དུ་གྲོས་མོལ་བྱེད་པའི་སྐབས་སུ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་དང་འགལ་བའི་རྒྱ་ནག་གཞུང་གི་ཀླ་ཀློའི་བྱེད་སྟངས་ལ་གནོན་ཤུགས་ཅི་ཡང་མ་སྤྲད་པ་འདིས། སྦན་ཁེ་མོན་གྱིས་འཛམ་གླིང་མི་དམངས་ཀྱི་སྤྱི་དོན་མི་བསྒྲུབ་པར་རང་གི་སྒེར་དོན་སྒྲུབ་ཀྱི་ཡོད་པས། ཁོང་ནི་རྒྱལ་ཚོང་བ་ཞིག་ཡིན་པར་གསལ་བོར་བསྟན་ཡོད།

    Reply
  9. ནོར་འཛིན་དོན་འགྲུབ། says:
    ལོ་ 16 སྔོན།

    དེ་འདྲ་ཕམ་པར་་་་་་་་ཁོང་ཅི་ཕྱིར་མཉམ་འབྲེལ་རྒ྄ྲལ་ཚོགས་ཀྱིས་ཚོགས་གཙོའི་རྐུ་ཀྱག་རག་པ་རེད་་་་་་་་་་་་་་་་་་་་་་་་་་་་རང་གིས་ལས་འགན་ལེགས་པོ་བྱེད་དགོས་པའི་རེ་སྐུར་བྱེད་དགོས་།།་་་་་་་་་་་་་་་་་་་་་བོད་མི་ཚོར་ལག་གཉིས་དམ་པོ་བྱེད་ནས་ཤུགས་རྒྱབ་རོག་ལོ་་་་་་་་་་་་་་་་་་་་་་

    Reply
  10. ཨ་འཇིགས། says:
    ལོ་ 16 སྔོན།

    སྤྱིར་བཏང་ཤར་ཕྱོགས་ཀྱི་མི་འདི་དག་ལ། བོད་དོན་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་གི་ཐོག་ལ་ལས་ཀ་བྱེད་རྒྱུའི་བསམ་བློའི་རྩ་བ་དེ་མི་འདུག་པ་འདྲ། ད་རེས་རྒྱལ་ཚོགས་ཀྱི་དྲུང་ཆེའི་ཞབས་འདྲེན་ཞུས་འདུག འདི་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད།

    གསར་འགོད་པ་མཆོག་ལ་ཞུ་རྒྱུར། གསར་འགྱུར་ཚན་པ་འདིའི་ནང་དུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐོང་དང༌། ཨ་རིར་བརྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོང་ཐོང༌། ཟེར་བ་སོགས་འགྲོ་བ་མིའི་ཐོབ་ཐང་གཏག་ནོར་ལྔ་ཙམ་འདུག་པས་བསྐྱར་བཅོས་ཡོང་བར་ཞུ།

    Reply
  11. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    འཛམ་གླིང་མི་མང་ཚོ་ཡར་ལོངས་ཤོག མཉམ་འབྲེལ་རྒྱལ་ཚོགས་རུལ་དུ་མ་ཆུགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese