དེ་རིང་ ༢༠༡༡ ཟླ་ ༣ ཚེས་ ༩ གཤེན་གྱི་འབྱུང་ལྡན་ ༣༠༡ ལྕགས་མོ་ཡོས་ལོའི་བོད་ཟླ་དང་པོའི་ཚེས་ལྔ། གཡུང་དྲུང་བོན་གྱི་བསྟན་པའི་སྲོལ་འབྱེད་རྣམ་འདྲེན་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་སྐུ་འཁྲུངས་ནས་མི་ལོ་ ༦༥༥འཁོར་བའི་དུས་ཚིགས་དང་བསྟུན་ཏེ། ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གིས་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ། དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱིས་སྟངས་འཛིན་འོག་ཆེད་དུ་གསར་སྒྲུབ་གནང་བའི་༼ གཡུང་དྲུང་བོན ༽ (www.theyungdrungbon.com) ཞེས་པའི་བོད་ཡིག་གི་དྲ་ཚིགས་ཤིག་དབུ་འབྱེད་གནང་ཡོད་པ་རེད། དྲ་ཚིགས་དེའི་མདུན་ཕྱོགས་སུ་སྡེ་ཚན་ཆེན་པོ་བཞི་རུ་ཕྱེས་ཡོད་པ་དང་། སྡེ་ཚན་སོ་སོར་ཆ་ཤས་དུ་མར་བཀར་འདུག
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
གཡུང་དྲུང་བོན་གྱི་དྲ་ཚིགས་གསར་བ་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་གཅིག་ཞུ།
ཕེབས་བསུ་དང། བཀྲ་ཤིསབདེ་ལེགསཡོད།
བཀྲ་ཤིས་བདེ་ལེགས།
ལོ་གསར་གྱི་ དྲ་གསར་ལ་ ཕེབས་བསུ་དང། བཀྲ་ཤིས་ བདེ་ལེགས་ ཡོད།