མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛིན་རིམ་ ༡༢ གསར་འཛུཊ།

བོད་ཀྱི་དུས་བབ།
༢༠༡༡/༠༤/༠༩
Share on FacebookShare on TwitterShare on EmailShare on Whatsapp

སྐྱབས་རྗེ་རྒྱལ་བ་སྨན་རི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་ཧི་མ་ཅཱལ་མངའ་སྡེའི་ཁྱབ་ཁོངས་བོན་གཞིས་ཉིན་སློབ་ཏུ་མཐོ་འབྲིང་ངམ་འཛིན་རིམ་བཅུ་གཉིས་ཀྱི་འཛིན་གྲྭ་ཞིག་གསར་དུ་དབུ་འབྱེད་གནང་ཡོད།

    ཟླ་འདིའི་ཕྱི་ཚེས་ ༧ ཉིན་ཧི་མ་ཅཱལ་གྱི་མངའ་སྡེའི་ཁྱབ་ཁོངས་བོན་གཞིས་ཉིན་སློབ་ཏུ་མཐོ་འབྲིང་ངམ་འཛིན་རིམ་བཅུ་གཉིས་ཀྱི་འཛིན་གྲྭ་གསར་བ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་བསྡུས་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་དུ་སྐྱབས་རྗེ་སྨན་རི་ཁྲི་འཛིན་ལུང་རྟོགས་བསྟན་པའི་ཉི་མ་མཆོག་གཙོས་པའི་བཙན་བྱོལ་བོད་གཞུང་གི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ་ལགས་དང་། དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཟུང་དྲུང་དགེ་བཤེས་ཤེ་ཙུ་རྒྱ་མཚོ་ལགས། བོན་གཞིས་ཉིན་སློབ་ཀྱི་སློབ་སྤྱི་ཆེན་མོ་རྒྱ་གར་བ་སྐུ་ཞབས་ཤར་མཱ་ (S.P. Sharma)ལགས། དེ་མིན་དཔལ་གཤེན་བསྟན་སྨན་རིའི་གླིང་གི་ལས་སྣེ་ཡོངས་དང་གྲྭ་ཚང་འདུས་མང་། བོན་གཞིས་མང་ཚོགས་བཅས་འདུ་འཛོམས་གནང་ཡོད་པ་རེད། 

    མཛད་སྒོའི་ཐོག་མར་དེར་ཡོད་སྐུ་མགྲོན་དང་མི་མང་། དགེ་སློབ་ཡོངས་ཀྱིས་སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་རིན་པོ་ཆེ་མཆོག་གདན་འདྲེན་དང་ཕེབས་བསུ་གནང་ཞིང་། རིན་པོ་ཆེ་མཆོག་ནས་འཛིན་རིམ་བཅུ་གཉིས་( high School) དབུ་འབྱེད་རབ་གནས་དང་། འཛིན་རིམ་བཅུ་གཅིག་ཏུ་གསར་ཞུགས་གནང་བའི་སློབ་ཕྲུག་ ༤༠ ལྷག་ལ་སློབ་དེབ་གསར་པ་དང་རྟེན་འབྲེལ་བྱིན་དར་ཕུལ་ཡོད་ལ། སློབ་སྤྱི་དང་སློབ་དགེ་རྣམས་ལ་ཐུགས་རྗེ་ལེགས་གསོལ་གྱི་ཁ་བཏགས་བསྒྲོན་རྗེས། སློབ་དགེ་རྣམ་པས་རྟེན་འབྲེལ་གྱི་ཚུལ་དུ་སློབ་ཁྲིད་དབུ་འཛུགས་གནང་ཡོད་པར་མ་ཟད། སྐྱབས་རྗེས་རྒྱལ་བ་སྨན་རི་ཁྲི་འཛིན་རིན་པོ་ཆེ་གཙོས་ཆེད་དུ་ཕེབས་པའི་སྐུ་མགྲོན་དང་། དེ་བཞིན་བོན་གཞིས་ཉིན་སློབ་ཀྱི་སློབ་གཙོ་མཆོག་དང་བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་རིན་པོ་ཆེ། ས་གནས་བོན་གཞིས་ཀྱི་གཞིས་མགོ་ཕུར་པ་དབང་ལྡན། གཞན་ཡང་འབྲེལ་ཡོད་ཚོགས་སྡེ་ཁག་གི་སྐུ་མགྲོན་རྣམ་པས་རིམ་པ་བཞིན་དུ་བཀའ་སློབ་གསུང་བཤད་གནང་ཡོད་འདུག་ལ། དེར་ཡོད་དགེ་སློབ་རྣམས་ཀྱིས་གཞས་དང་ཞབས་བྲོ་སོགས་འཁྲབ་སྟོན་གཟིགས་འབུལ་ཞུས་ཡོད་པ་རེད།  

ཧི་མ་ཅཱལ་མངའ་ཁོངས་སུ་ཡོད་པའི་བོན་གཞིས་ཉིན་སློབ་དེ་ནི། ཕྱི་ལོ་ ༡༩༧༥ ལོར་༸སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གིས་འབྲེལ་ཡོད་སྡེ་ཁག་ལ་སྙན་སེང་དང་གནད་ཡོད་མི་སྣར་བཀའ་མངགས་གནང་སྟེ། འཛིན་རིམ་ལྔ་བ་ནས་གསར་འཛུགས་གནང་བ་ཞིག་ཡིན་ཞིང་། ཕྱིས་སུ་ ༡༩༨༠ ལོར་བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་ལགས་ཊོ་ལན་ཇིའི་ས་གནས་ཀྱི་སློབ་སྟོན་ཚོགས་གཞོན་དུ་བསྐོ་བཞག་གནང་བ་ནས་བཟུང་འཛིན་རིམ་བརྒྱད་པར་གནས་སྤར་ཏེ་སློབ་ཕྲུག་ ༡༣༢ བསྡུ་རུབ་བྱས་ཡོད་ཅིང་། ༢༠༠༣ ལོར་སྐྱབས་རྗེ་སྨན་རི་བ་མཆོག་གི་བཀའ་དགོངས་བཞིན་གོང་རིམ་སྡེ་ཁག་ལ་སྙན་སེང་ཞུས་ཏེ་འཛིན་རིམ་བཅུ་བ་གསར་འཛུགས་གནང་སྟེ་སློབ་མ་ ༢༨༨ ལྷག་བསྡུ་རུབ་བྱས་ཡོད།

སྔར་ལོར་སྐྱབས་རྗེ་སྨན་རི་བ་མཆོག་གི་བཀའ་མངགས་ལྟར། ཊོ་ལན་ཇིའི་ས་གནས་ཉིན་སློབ་ཀྱི་སློབ་སྟོན་ཚོགས་གཞོན་དང་བོན་བུ་ཁྱིམ་ཁང་གི་དབུ་འཛིན་དགེ་བཤེས་ཉི་མ་གྲགས་པ་རྣམ་གཉིས་ཀྱིས་འབྲེལ་ཡོད་སྡེ་ཁག་ལ་རེ་འདུན་ཞུས་པ་ལྟར། ཁྲིམས་མཐུན་བཀའ་འཁྲོལ་ཐོབ་སྟེ། འདི་ལོའི་ཕྱི་ཟླ་ ༤ ཚེས་ ༧ ཉིན་འཛིན་རིམ་བཅུ་གཉིས་ཀྱི་མཐོ་འབྲིང་གསར་དུ་དབུ་འབྱེད་གནང་ཡོད་ཅིང་། ད་ལྟའི་ཆར་སློབ་གྲྭའི་ནང་བོད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་ཕྲུག་གྲངས་ ༥༦༧ ཙམ་གྱིས་སློབ་སྦྱོང་གནང་མུས་ཡིན་འདུག

 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༢ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༣ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༤ སྔོན་ལ།
The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

༢༠༢༥/༠༥/༠༨

མཆན། 2

  1. མངའ་རིས་བུ། says:
    ལོ་ 14 སྔོན།

    ངོ་མ་དགའ་འོས་པའི་གཏམ་བཟང་རེད།
    དེང་སྐབས་བོད་པའི་སློབ་གྲྭ་མང་པོ་ཞིག་ལ་སློབ་ཕྲུག་བཞུགས་མི་མེད་ནས་སློབ་གྲྭ་མང་པོ་ཞིག་གི་འཛིན་རིམ་ཉུང་འཕྲི་བྱས་པ་མ་ཟད་ཐ་ན་སློབ་གྲྭ་སསྒོ་རྒྱབ་དགོས་པའི་གནས་ཚུལ་ཀྱང་བྱུང་ཡོད།
    ངོ་མ་དགེ་སློབ་འཛིན་ཡོངས་འ་ཐུགས་རྗེ་ཆེ་ཞུ་འདོད་བྱུང།

    Reply
  2. སྣང་རྒྱལ་ཤེར་དགེ says:
    ལོ་ 14 སྔོན།

    རླབས་ཆེན་གྱི་མཛད་འཕྲིན་ལ་བསྟོད་བསྔགས་བྱེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese