མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངོ་རྒོལ་བར་དྲག་རྡུང་བྱོས་ཟེར།

བོད་ཀྱི་དུས་བབ།
༢༠༡༡/༠༨/༠༥
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཕུར་བའི་ཉིན་རྒྱ་གཞུང་ཝུའུ་རའོ་མུའུ་ཆི་གྲོང་ཁྱེར་དུ་དྲག་སྤྱོད་པར་རྒོལ་རྡུང་བྱེད་དགོས་པའི་ཚོགས་འདུ་བསྡུས་ཏེ། ཡུ་གུར་ངོ་རྒོལ་བ་རྣམས་ལ་ཉེས་ཆད་དྲག་པོ་གཅོད་དགོས་སྐོར་བརྗོད་འདུག

ཕྱི་ཟླ་ ༨ ཚེས་ ༤ ཉིན། ཤིན་ཅང་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་གྲོང་ཁྱེར་ཝུའུ་རའོ་མུའུ་ཆི་ནང་།  རྒྱ་གཞུང་ཉེན་རྟོག་སྡེ་ཁག་གིས་༼དྲག་སྤྱོད་པར་རྒོད་རྡུང་ལས་དོན་ཚོགས་འདུ༽ཞེས་པ་སྐོང་འཚོགས་བྱས་ཡོད་པ་རེད། འདི་ནི་ཕྱི་ཟླ་ ༧ ཚེས་ ༣༠ དང་ ༣༡ ཉིན་གཉིས་ལ་ཤིན་ཅང་ཀུ་ཧྲི་གྲོང་ཁྱེར་ནང་བསྟུད་མར་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་ཐེངས་གཉིས་བྱུང་བའི་རྗེས།  རྒྱ་གཞུང་གིས་ངོ་རྒོལ་དོན་རྐྱེན་དེ་དག་ཐད་འཛིན་པའི་རྣམ་འགྱུར་ཞིག་ཆགས་ཡོད།

ཚོགས་འདུའི་ཐོག་རྒྱ་གཞུང་གི་ཉེན་རྟོག་སྡེ་ཁག་གི་མགོ་གཙོ་ལིས་ཅན་ཀྲུའུ་ཡིས། རང་སྲོག་འཛེམས་མེད་ཀྱིས་དྲག་པོའི་བྱ་སྤྱོད་སྤེལ་མཁན་དེ་དག་ལ། དྲག་རྡུང་ཚ་ནན་བཏང་སྟེ་མགོ་འགྱོག་རྒྱུ་མེད་པ་བཟོ་དགོས་པ་དང་། གུ་ཡངས་ཕྲན་ཙམ་ཡང་མེད་པར་ཉེས་ཆད་དྲག་པོ་གཅོད་དགོས་སྐོར་བརྗོད་འདུག 

འཛམ་གླིང་ཡུ་གུར་མཐུན་ཚོགས་ཀྱི་མགྲིན་ཚབ་པ་ཏིས་ལིས་ཞཱ་ཐིས་ཀྱིས། པེ་ཅིན་ཕྱོགས་ནས་མུ་མཐུད་དུ་ཤིན་ཅང་མི་རིགས་ཐོག་དྲག་རྡུང་ལས་འགུལ་སྤེལ་ཚེ། ཤིན་ཅང་ནང་སྔར་ལས་ལྷག་པར་ཟིང་འཁྲུག་ཇེ་ཆེར་འགྲོ་རྒྱུ་ཡིན་པར་མ་ཟད། ཡུ་གུར་མི་མང་རྣམས་ཀྱིས་ཐབས་ཟད་འུ་ཐུག་གི་གནས་སྟངས་འོག་དྲག་པོས་གཏོར་རྒོལ་ཡང་བྱ་སྲིད་པར་ངོས་འཛིན་དང་།  ཁོང་གིས་རྒྱལ་སྤྱིའི་གསར་ལམ་ཁག་ཏུ “གལ་སྲིད་པེ་ཅིན་གཞུང་གིས་ཤིན་ཅང་བརྟན་ལྷིང་ཡོང་བར་རེ་བ་འཆིང་གི་ཡོད་ན། ངེས་པར་དུ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ཡུ་གུར་མི་རིགས་ཀྱི་རེ་འདུན་ལ་བརྩི་བཀུར་བྱ་དགོས” ཞེས་བརྗོད་ཡོད་པ་རེད།

གཞན་ཡང་། ཉེ་སྔོན་ཤིན་ཅང་ཀུ་ཧྲི་གྲོང་ཁྱེར་ནང་དྲག་པོའི་ངོ་རྒོལ་དོན་རྐྱེན་སྐབས། ངོ་རྒོལ་བ་གཉིས་ཉེན་ཡོལ་དུ་བྲོས་ཡོད་པ་དེའང་། ཕྱི་ཟླ་ ༨ ཚེས་ ༢ ཉིན་རྒྱ་དམག་གིས་བདའ་འདེད་ཀྱིས་ཐད་ཀར་མེ་མདས་དམར་གསོད་བཏང་ཡོད་འདུག  

རོའུ་ཊིར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེང་སྐབས་ཤིན་ཅིང་ནང་གནས་སྡོད་རྒྱ་རིགས་དང་ཡུ་གུར་པ་གཉིས་ཆར་སྤྱི་ཚོགས་བདེ་འཇགས་ཀྱི་ཡིད་རྟོན་འདུ་ཤེས་མེད་པ་ཆགས་ཡོད་འདུག  ཤིན་ཅིང་ནང་ལོ་བཅུར་གཏན་སྟོད་བྱས་མྱོང་ཡོད་པའི་རྒྱ་རིགས་ཝང་ཟེར་བ་ཞིག་གིས། ད་སྐབས་སྤྱིའིི་བདེ་འཇགས་ཧ་ཅང་ཉེན་ཁར་ཅན་ཆགས་ཡོད་སྟབས། ཁོ་རང་ལོ་རྗེས་མར་ཕྱིར་རྒྱ་ནག་ནང་ལོག་འཆར་ཡོད་སྐོར་བརྗོད་ཡོད་པ་དང་། ཡང་མིང་བརྗོད་འདོད་མེད་པའི་རྒྱ་རིགས་ཤིག་གིས་ཀྱང་། སྲིད་གཞུང་གིས་ཀུ་ཧྲི་ནི་དམིགས་བསལ་གྲོང་ཁྱེར་ས་ཁུལ་ཞིག་ཏུ་འཛུགས་སྐྲུན་བྱ་རྒྱུ་གཏན་འཁེལ་ཡོད་པ་རེད། ཡིན་ནའང་། འཛུགས་སྐྲུན་བྱེད་པ་ལ་ཐོག་མར་མི་དགོས་ཀྱི་ཡོད་པ་རེད། ད་ལྟ་རྒྱ་རིགས་ཚང་མར་བདེ་འཇགས་མིན་པའི་འཇིགས་སྣང་གི་ཚོར་བ་སྐྱེས་སུ་བཅུག་འདུག་ཅེས་བརྗོད་འདུག

རྒྱ་གཞུང་གིས་ཤིན་ཅང་ནང་སྔ་རྗེས་བྱུང་བའི་གཏོར་རྒོལ་དེ་དག་ནི་ཐལ་སྤྱོད་ཆོས་ལུགས་པའི་དྲག་སྤྱོད་ཡིན་པར་བསྒྲགས་ཡོད་པ་དང་། འཛམ་གླིང་ཡུ་གུར་མཐུན་ཚོགས་ཀྱིས་དེ་ནི་རྒྱ་གཞུང་གིས་ཞི་བའི་ངོ་རྒོལ་ལ་མཐའ་གཅིག་ཏུ་དྲག་གནོན་བྱས་པའི་རྐྱེན་གྱིས། མི་མང་རྣམས་ཐབས་ཟད་འུ་ཐུག་ཏུ་གྱུར་ཏེ་དྲག་པོའི་ངོ་རྒོལ་བྱུང་བ་ཞིག་ཡིན་སྐོར་བརྗོད་འདུག  

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༧།༧།༡༥
Mobile App

དུས་རབས་ཉེར་གཅིག་པའི་མི་གྲངས་མང་ཤོས་རྐྱེན་འདས་སུ་གྱུར་བའི་དམག་འཁྲུག་ཆེན་པོ་གསུམ།

ཆུ་ཚོད་ ༡༥ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

མི་རིགས་ཀྱི་ཤུལ་བཞག་རིག་དངོས་རྩ་གཏོར་བྱེད་པ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན།

༢༠༢༦/༠༧/༡༤
འཛམ་གླིང་རྐང་སྤོལ་སྐར་ཆེན་བཞི། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༧།༡༤
Mobile App

འདི་ལོའི་རྐང་སྤོལ་རྩེད་འགྲན་གྱི་གསེར་བུམ་བདག་པོ་དེ་སུ་ཡིན་ནམ།

༢༠༢༦/༠༧/༡༤
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་བོད་མིའི་སྙིང་སྟོབས་མཚོན་ཞེས་གསུངས། 

༢༠༢༦/༠༧/༡༣
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། རྒྱལ་གཅེས་རིང་ལུགས་ཀྱི་ས་བོན།

༢༠༢༦/༠༧/༡༣

མཆན། 4

  1. རྒྱལ་ཁམས་པ། says:
    ལོ་ 15 སྔོན།

    དྲག་སྤྱོད་ཀྱི་ལས་ལས་ཞི་བདེ་ཀྱི་དཔལ་ཡོན་མེད ། བདེ་དཔང་གི་ལས་ལས་དྲག་སྤྱོད་ཀྱི་འཛུགས་སྐྲུན་གཏོར།།

    Reply
  2. བརྩོན་རྒྱམ། says:
    ལོ་ 15 སྔོན།

    རྒྱ་ནག་དམར་གཞུང་གིས་དྲག་རྡུང་ཅི་ཙམ་བྱས་ན་ཡང་དམར་གསོད་ཅི་འདྲ་བཏང་ཡང་ཕན་པ་མེད་པ་ཞིག་ཡིན་པ་ཤེས་བཞིན་དེ་འདྲ་བྱེད་ཀྱི་ཡོད་པ་རེད།   རྒྱུ་མཚན་གྲངས་ཉུང་མི་རིགས་བཟོ་རྒྱུས་འཆར་གཞི་ཡིན་པ་བརྗོད་མེད་ཡིན་པར་མ་ཟད་བོད་མི་ག་ཚོད་ཞིག་ད་ལྟ་བར་དམར་གསོད་བྱས་ཡོད་པ་བརྗོད་མི་ནུས་པ་ཞིག་བྱུང་ཡོད་པ་རེད།  ཤིན་ཅིང་མི་རིགས་རྣམ་པ་ཁྱེད་ཚོས་བཟོད་སྲན་དང་དཀའ་སྡུག་དེ་མཐོང་ན་མི་མཐའ་མཆི་མིའི་གང་སོང་ཡིན་ཡང་དམར་ཕྱོགས་ཀྱི་དྲག་རྡུང་ཅི་ཙམ་བྱས་ཀྱང་ད་དུང་དཔའ་འཛངས་སྐྱེད་དགོས་པ་ཆོས་ཉིད་རེད།  དམར་ཕྱོགས་མཐར་སྐྲོད་བྱེད་ཀྱི་གལ་ཆེན་རེད།   ཡུ་གུར་མི་མང་རྒྱལ་ལོ།

    Reply
  3. ཨ་ཕོ་མཐུ་ཆེན། says:
    ལོ་ 15 སྔོན།

    རྒྱ་མི་མཐར་སྐྲོད་གཏོང་སྟངས་དེ་རང་རེད། རྒྱ་འདྲེ་དེ་ཚོ་སྡུག་སྐད་ཤོར་འདུག

    Reply
  4. ལུང་རྟོགས། says:
    ལོ་ 15 སྔོན།

    དྲག་རྡུང་ཉི་ཙམ་བྱས་ན་དྲག་རྒོལ་དེ་ཙམ་ཤུག་ཆེ་རུ་འགྲོ་རྒྱུ་ནི་འགྲོ་བ་མིའི་རང་གཤིས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese