མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བླ་མ་གྲྭ་བ་ཡིན་ཟེར་མཁན་ལ་དམིགས་བསལ་གྱི་འགན་ཆེན་པོ་ཞིག་འཁྲི་ཡོད།

བོད་ཀྱི་དུས་བབ།
༢༠༡༢/༠༤/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་གཟའ་ལྷག་པའི་ཉིན་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་བསླབ་པ་མཐར་སོན་པ་རྣམས་ལ་དགེ་བཤེས་སྔགས་རམས་པའི་ཕྱག་འཁྱེར་ཕུལ་བ་དང་། གྲྭ་ཚང་གི་དཔེ་མཛོད་ཁང་གསར་བཞེངས་གྲུབ་པའི་དབུ་འབྱེད་གཉིས་ཀྱི་མཛད་སྒོ་ཚོགས་སོང་།

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ། གྲྭ་ཚང་གི་དཔེ་མཛོད་ཁང་གསར་བཞེངས་གྲུབ་པའི་དབུ་འབྱེད་དང་། བསླབ་པ་མཐར་སོན་པ་རྣམས་ལ་དགེ་བཤེས་སྔགས་རམས་པའི་ཕྱག་འཁྱེར་འབུལ་བའི་མཛད་སྒོ་ཞིག་ཚོགས་སོང་ལ། སྐུ་མགྲོན་གཙོ་བོར་དཔལ་རྒྱལ་བ་ཀརྨ་པ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག   གཞན་ཡང་། ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག  རྒྱུད་སྟོད་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག  སྤྱི་འཐུས་རྣམ་པ་དང་ཕྱོགས་མཐའ་ཁག་གི་དགོན་སྡེ་རྣམས་ཀྱི་སྐུ་ཚབ།  ཕྱི་རྒྱལ་གྱི་སྦྱིན་བདག་རྣམ་པ་བཅས་སེར་སྐྱ་མང་ཚོགས་བརྒྱ་སྐོར་འགའ་མཉམ་ཞུགས་གནང་འདུག 

མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་རྣམ་གཉིས་ཀྱིས་གྲྭ་ཚང་དཔེ་མཛོད་ཁང་གི་སྒོ་ཆེན་དར་ཚོན་བཀྲོལ་ཏེ་སྣང་གསལ་མཆོད་མེ་ཞལ་འབྱེད་དང་རྟེན་གཙོ་ཁག་ལ་མཇལ་དར་སྒྲོན་འབུལ། རྒྱུད་སྟོད་དཔེ་མཛོད་ཁང་ནས་དཔར་སྐྲུན་བྱས་པའི་གསང་སྔགས་ཟབ་མོའི་མཛོད་འཛིན་རྒྱུད་ཆེན་སྦྱིན་པ་དཔལ་བའི་རྒྱུད་ཊཱིཀ་ཆེན་མོ་དང་། གསང་ཆེན་སྟོད་རྒྱུད་པོད་ཕྲེང་དང་པོ་བཅས་ཞལ་འབྱེད་དང་།  བསླབ་པ་མཐར་སོན་གྱི་དགེ་བཤེས་སྔགས་རམས་པ་རྣམས་ལ་ལག་འཁྱེར་གནང་པ་དང་།  དེ་བཞིན།  དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་སེར་ལྷོ་དགེ་བཤེས་སྔགས་རམས་པ་སློབ་དཔོན་མཁས་གྲུབ་ནོར་བཟང་ལགས་ཀྱིས་རྒྱུད་ཆེན་སྦྱིན་པ་དཔལ་བའི་མཛད་རྣམ་དང་། གྲྭ་ཚང་ཕྱག་མཛོད་བློ་བཟང་རྡོ་རྗེ་ལགས་ནས་དགེ་བཤེས་སྔགས་རམས་པ་རྣམས་ཀྱི་སློབ་ཚན་ཁག་བཅས་ངོ་སྤྲོད་གནང་སོང་ལ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་ཀྱང་། དེ་སྔོན་རྒྱ་གཞུང་གིས་བོད་ནང་གི་དགོན་སྡེ་གྲྭ་ཚང་མང་པོ་གཏོར་བཤིག་བཏང་སྟེ་ནང་པ་སངས་རྒྱས་པའི་བསྟན་པར་ཉམས་ཆག་ཆེན་པོ་བཟོས་ཡོད་ཀྱང་། བོད་མི་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་སླར་ཡང་བསྐྱར་གསོ་བྱུང་སྟེ། དེང་སྐབས་འཛམ་གླིང་ཡུལ་གྲུ་གང་སར་དར་ཁྱབ་ཆེན་པོ་བྱུང་ཡོད་སྐོར་གསུངས་སོང་།  

གསང་ཆེན་རྡོ་རྗེ་ཐེག་པའི་བཤད་སྒྲུབ་ཀྱི་བསྟི་གནས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་ཕྱི་ལོ་ ༢༠༡༡ ལོའི་དགེ་བཤེས་སྔགས་རམས་པ་རྣམས།  གྲྭ་ཚང་འདིའི་ཆོས་སྒོར་ཞུགས་པ་ནས་རིམ་བཞིན་ཐེག་པ་རིམ་འཛེགས་ཀྱིས་མདོ་དང་རྒྱུད་སྡེ་རྒྱ་མཚོ་ལ་གསན་སྦྱོང་ཚུལ་བཞིན་མཛད་དེ་བསླབ་པ་མཐར་སོན་པའི་རྒྱུགས་སྤྲོད་གནང་སྐབས། བློ་རྒྱུགས་དང་རྩོད་རྒྱུགས། སྔགས་རིམ་བྲིས་རྒྱུགས། རྫོགས་རིམ་བྲིས་རྒྱུགས་བཅས་ལ་ཁྱོན་བསྡོམས་བརྒྱ་ཆ་གྲངས་ ༤༠༠ ཡོད་པའི་ཁྲོད་ནས། དགེ་བཤེས་སྔགས་རམས་པ་དཀོན་མཆོག་རྣམ་འདྲེན་ལགས་ལ་བརྒྱ་ཆ་གྲངས་ ༣༧༥་༧༥ ཐོབ་སྟེ་གནས་རིམ་ ༡ ཨང་རིམ་རྩེ་ཕུལ་དང་། དགེ་བཤེས་སྔགས་རམས་པ་ཐུབ་བསྟན་ཤེས་རབ་ལགས་ལ་བརྒྱ་ཆ་གྲངས་ ༣༧༠་༥༠ ཐོབ་སྟེ་གནས་རིམ་ ༡ ཨང་རིམ་གཉིས་པ། དགེ་བཤེས་སྔགས་རམས་པ་ནོར་བུ་དགྲ་འདུལ་ལགས་ལ་བརྒྱ་ཆ་གྲངས་ ༣༤༠ ཐོབ་སྟེ་གནས་རིམ་ ༡ ཨང་རིམ་གསུམ་པ། དགེ་བཤེས་སྔགས་རམས་པ་ཚེ་དབང་དཔལ་འབར་ལགས་ལ་བརྒྱ་ཆ་གྲངས་ ༢༣༠ ཐོབ་སྟེ་གནས་རིམ་ ༢ ཨང་རིམ་བཞི་བ་བཅས་བླངས་ཡོད་པ་རེད།

རྒྱུད་སྟོད་གྲྭ་ཚང་གི་མཁན་ཆེན་རྡོ་རྗེ་འཆང་སེར་བྱེས་ལོ་དགོན་སྤྲུལ་སྐུ་བསྟན་འཛིན་བྱས་པ་ཆོས་བཟང་རིན་པོ་ཆེ་མཆོག་གིས་དཔེ་མཛོད་དབུ་འབྱེད་དང་བསླབ་པ་མཐར་སོན་པའི་དགའ་སྟོན་གྱི་མཛད་སྒོ་ངོ་སྤྲོད་དང་སྦྲགས།  “སྔོན་མ་ཡིན་ན་རྒྱུད་པ་གྲྭ་ཚང་འདི་གཙོ་བོ་སྔགས་ཕྱོགས་རེད། ད་ལྟའི་ཆར་མདོ་སྔགས་ཟུང་འབྲེལ་རེད་ཅེས་ཞུས་ཆོག་པ་ཞིག་ཆགས་བསྡད་ཡོད་པ་རེད།” ཅེས་གསུངས་ཏེ། བོད་ནང་ལ་ཡིན་ནའང་བླ་མ་རྒྱུད་པ་སྔགས་ཕྱོགས་རྐྱང་རྐྱང་ཞིག་མ་གཏོགས། མཚན་ཉིད་ཀྱི་གཞུང་ལ་སོ་སོ་སྒེར་གྱི་ངོས་ནས་གཟིགས་མཁན་ཙམ་ལས།  སྤྱི་ཡོངས་ཀྱི་ཆ་ནས་མཚན་ཉིད་ཀྱི་སྲོལ་མེད་པ་དང་།   ད་ཆ་གཙོ་བོ་༸གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་ཐོག་རིས་སུ་མ་ཆད་པའི་ཆོས་ལུགས་ཚང་མར་མཚན་ཉིད་ཀྱི་སྲོལ་བཙུགས་ཡོད་པ་ལྟར།  རྒྱུད་པ་གྲྭ་ཚང་ལ་མཚོན་ནའང་མཚན་ཉིད་ཀྱི་ཐོག་ལ་གཞུང་ཆེན་བཀའ་པོད་ལྔ་ཡི་ཕྱག་དཔེ་གཟིགས་སྟངས་ཐད་ཡག་པོ་ཡོད་པ་དང་། དེ་བཞིན།  སློབ་གཉེར་བ་རྣམས་ཀྱིས་མདོ་སྔགས་ཀྱི་གཞུང་ལ་ཐོས་བསམ་བྱེད་ཀྱིན་ཡོད་སྟབས། དེའི་ཡན་ལག་ལྟ་བུར་དཔེ་མཛོད་ཁང་དེ་སྒོ་འབྱེད་གནང་པ་ཞིག་ཡིན་པར་མ་ཟད། ཕྱག་དཔེ་ཡི་ཆ་ནས་ཀྱང་བཀའ་བསྟན་གཙོས་རིས་སུ་མ་ཆད་པའི་ཆོས་ལུགས་ཁག་གི་ཕྱག་དཔེ་དང་། དཔེ་ཁྲིད་ཀྱི་སྒྲ་འཛིན་འཁོར་ལོ་སོགས་སྣ་ཁ་འཛོམས་པོ་དང་སྤུས་དག་པོ་ཡོད་ཀྱང་། གཙོ་བོ་སློབ་གཉེར་གནང་མཁན་རྣམས་དཔེ་མཛོད་ནང་ཕེབས་ཏེ་སློབ་གཉེར་གནང་རྒྱུ་གལ་ཆེན་པོ་ཡིན་པའི་སྐུལ་འདེད་གནང་སོང་།

མཛད་སྒོའི་གཏམ་བཤད་སྐབས་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས། དགེ་བཤེས་སྔགས་རམས་པའི་བསླབ་པ་མཐར་སོན་གྱི་ཕྱག་འཁྱེར་བཞེས་མཁན་རྣམ་པར་རྗེས་སུ་ཡི་རངས་དང་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་གནང་བ་དང་ཆབས་ཅིག  ཁོང་གིས་ “ ང་ཚོ་བོད་པར་གཏམ་དཔེ་ཞིག་ཡོད་པ་རེད། ཐུད་ཚོ་བ་མར་གྱི་བཀའ་དྲིན། སྔགས་ཟབ་པ་མདོ་ཡི་བཀའ་དྲིན། ཞེས་པ་ལྟར། ལམ་ཐུན་མོང་བའི་རྒྱུད་མ་སྦྱང་པ་དང་། རྒྱུད་ཕ་རོལ་ཏུ་ཕྱིན་པའི་ཐོས་པ་ལ་ཐོས་བསམ་ཡང་དག་པ་ཞིག་མ་གནང་པར། སྔགས་ལ་མཆོང་རྒྱག་བརྒྱབ་ནས་ཐར་བ་བྱེད་པ་ཞིག་ཡོད་པ་མ་རེད། ཐུན་མོང་ལམ་སྦྱང་སྣོད་དུ་གྱུར་པ་ན། ། ཐེག་པ་ཀུན་གྱི་མཆོག་གྱུར་རྡོ་རྗེ་ཐེག། ཅེས་གསུངས་ཡོད་པ་རེད་མ་གཏོགས། ཐུན་མོང་ལམ་སྦྱང་སྣོད་དུ་མ་གྱུར་པ་ཞིག་ལ། སྔགས་ཀྱི་འཇུག་སྒོ་ཁོ་རང་མ་ཚང་པ་རེད། དེ་འདྲ་ཡིན་དུས། སྔགས་རྐྱང་པ་ལ་སློབ་གཉེར་གནང་རྒྱུ་དེ་ཧ་ལམ་མེད་པ་འདྲ་བོ་ཞིག་རེད། སྔགས་རྐྱང་པ་ལ་སློབ་གཉེར་མ་གནང་པའི་སྔོན་ལ། ཕ་རོལ་ཏུ་ཕྱིན་པའི་གཞུང་ལ་ངེས་པར་ཏུ་སློབ་གཉེར་གནང་དགོས་པ་དེ་བཤད་མི་དགོས་པ་ཞིག་དང་།  དེ་ནི་སྔོན་འགྲོའི་ཆ་རྐྱེན་འདྲ་བོ་ཞིག་ཆགས་བསྡད་ཡོད་པ་རེད།” ཅེས་གསུངས་ཏེ། རྒྱུད་གྲྭ་རྣམ་པ་ཚོས་བླ་མ་རྒྱུད་པ་ཞེས་པའི་མཚན་དེ་དོན་དང་ལྡན་པ་ཞིག་ཡོང་བ་ལ། རྒྱུད་ཀྱི་སློབ་གཉེར་གནང་དགོས་པ་དང་། རྒྱུད་ཀྱི་སློབ་གཉེར་གནང་བའི་སྔོན་འགྲོའི་ཆ་རྐྱེན་ལ་ཕ་རོལ་དུ་ཕྱིན་པའི་གཞུང་གི་སློབ་གཉེར་གནང་དགོས་པ་སོགས།  རྒྱས་བསྡུས་ལ་མ་བལྟོས་པར་ཆ་ཚང་ཞིག་ཡོང་ཐུབ་པ་གནང་རྒྱུར་འབོད་སྐུལ་གནང་སོང་།

གཞན་ཡང་། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་དཔེ་མཛོད་དབུ་འབྱེད་ཀྱི་ལས་གཞི་དང་འབྲེལ་ཏེ་གསུངས་དོན། དགོན་སྡེ་ཁག་ནང་ངེས་པར་དུ་ཚང་དགོས་པ་ཞིག་ནི་སྡེ་སྣོད་བཞུགས་སའི་དཔེ་མཛོད་ཁང་ཡིན་པ་དང་།  བོད་ལ་བཀའ་འགྱུར་བསྟན་འགྱུར་གྱི་གཙོས་པའི་སྒྲ་སྒྱུར་བྱེད་པ་དང་། བོད་པ་རང་གིས་བསྟན་བཅོས་རྩོམ་པའི་མགོ་ཚུགས་པ་ནས་བཟུང་། སྔ་མོ་ཞིག་ནས་དཀར་ཆག་རིག་པ་དང་དཔེ་མཛོད་རིག་པ་དེ་ཤུགས་ཆེན་པོ་དར་བའི་སྐོར་ངོ་སྤྲོད་དང་། གྲྭ་ཚང་གི་དཔེ་སྐྲུན་ལས་གཞིའི་ཐད་ནས་ཀྱང་ཕྱག་དཔེ་དག་ཞུ་དང་། དཔེ་བསྡུར་གནང་པ། བར་མཆན་འགོད་པ་སོགས་ཚད་དང་ལྡན་པ་གནའ་བོའི་བོད་ཀྱི་སྲོལ་རྒྱུན་མ་ཉམས་ཤིག་གནང་དགོས་པའི་ལམ་སྟོན་གནང་པ་དང་། བོད་པའི་སྐད་ཡིག་དེ་སངས་རྒྱས་ཀྱི་གསུང་རབས་མང་ཤོས་བཞུགས་སའི་སྐད་ཡིག་ཅིག་དང་། ཐེག་པ་གསུམ་དང་རྒྱུད་སྡེ་བཞི་ལ་སོགས་པའི་རྒྱལ་བའི་གསུང་རབས་ཡོངས་སུ་རྫོགས་པ་ལ། ཚད་མ་གསུམ་གྱི་རིག་པའི་ལམ་ནས་བརྟག་དཔྱད་བྱས་ཏེ། སློབ་སྦྱོང་བྱེད་པའི་འཆད་ཉན་གྱི་རྒྱུན་མ་ཉམས་པར་ཡོད་པ་དེ་བོད་པ་གཅིག་པུ་ཆགས་ཡོད་སྟབས། བོད་སྐད་དང་བོད་མི་རིགས་ལ་འགན་འཁྲི་ཡོད་པར་མ་ཟད། དེའི་ནང་ནས་ཀྱང་བླ་མ་གྲྭ་བ་ཡིན་ཟེར་མཁན་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་མཁན་ལ་དམིགས་བསལ་གྱིས་འགན་ཆེན་པོ་ཞིག་འཁྲི་ཡོད་སྐོར་གསུངས་སོང་།

མཇུག་མཐར།  སྐུ་མགྲོན་གཙོ་བོ་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་ “ གྲྭ་ཚང་ཁག་ལ་དཔེ་མཛོད་དེ་གལ་ཆེན་པོ་རེད།    གདན་ས་ཁག་ལ་མཚོན་པ་ཡིན་ནའང་དཔེ་མཛོད་ཡོད་པ་རེད་དེ། གདན་ས་ཆེན་པོ་དེ་འདྲ་ཞིག་གི་ངོས་ནས་བཤད་པ་ཡིན་ན།  དཔེ་མཛོད་རྒྱ་ཆུང་བ་དང་ནང་ལོགས་ཀྱི་ཕྱག་དཔེ་ཡི་ནང་དོན་གྱི་ཆ་ནས་ཀྱང་ཕུན་སུམ་ཚོགས་པ་མེད་པའི་བཟོ་འདྲ་བོ་འདུག  བོད་པའི་ལུགས་སྲོལ་དུ་བརྗོད་ན་འགྲིག་གི་མི་འདུག་སྟེ།  སྤྱིར་བཏང་དཔེ་མཛོད་ལབ་དུས་དཔེ་ཆ་རྣམས་ཅ་ལག་སྤུངས་པ་ནང་བཞིན་ཡར་བསྒྲིགས་ཏེ་ཡོན་ཆབ་བཤམས་བསྡད་པ་མ་གཏོགས།  ཕྱག་དཔེ་དེ་དག་གི་ཞལ་ཕྱེ་སྟེ་འཆན་ཉན་གནང་བ་དང་། ཐོས་བསམ་སྒོམ་གསུམ་བྱ་དགོས་པའི་ཚོར་སྣང་ཞེ་དྲག་མེད་པའི་སྣང་ཚུལ་ཡོང་གི་འདུག” ཅེས་གསུངས་ཏེ།   བོད་ནས་བཙན་བྱོལ་དུ་འབྱོར་ནས་ད་ལྟ་བར་དགེ་བཤེས་སྔགས་རམས་ཀྱི་རྒྱུན་ཆད་པ་དེ།  དེ་རིང་བསྐྱར་གསོ་བྱུང་བ་འདི་སྔགས་རིམས་གཏོང་གནང་མཁན་སོ་སོའི་ངོས་ནས་ཡིན་ནའང་། སྤྱིར་རྒྱལ་བའི་བསྟན་པ་ཕྱག་རྗེས་བཞག་པ་ཞིག་དང་།  རྗེ་རིན་པོ་ཆེའི་བསྟན་པ་ལ་ཞབས་འདེགས་སྒྲུབ་ཐུབ་པ་བྱུང་ཡོད་པ་དེར་རྗེས་སུ་ཡི་རངས་བྱེད་དགོས་པ་ཞིག་ཆགས་ཡོད་ལ།  མ་འོངས་པར་ཡང་དམ་པ་གོང་མའི་རྣམ་ཐར་རྣམས་ང་ཚོ་རྗེས་འཇུག་པ་ཚོས་ཉམས་ལེན་གནང་ཐུབ་བྱས་ཏེ། མུ་མཐུད་ནས་བཤད་སྒྲུབ་ཀྱི་རྒྱུན་མ་ཉམས་པར་འཛིན་སྐྱོང་སྤེལ་གསུམ་གནང་དགོས་པ་གསུངས་སོང་།  

དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ལ་གདན་ས་ཁག་ནས་ཕེབས་པའི་བླ་སྤྲུལ་དགེ་བཤེས་རྣམས་ཀྱིས་སྔགས་རམས་གཏོང་ཕྱོགས་དང་བསྐྱེད་རིམ་པའི་དགེ་བཤེས་སྔགས་རམས་གཏོང་ཕྱོགས་གཉིས་ཡོད་པ་ལས། དགེ་བཤེས་ལྷ་རམས་པ་རྣམས་ལ་ལོ་གསུམ་རེ་མཚམས་རྩོད་རྒྱུགས་ཆེན་མོ་འབུལ་བཞེས་ཀྱིས་དགེ་བཤེས་སྔགས་རམས་པའི་ཕྱག་འཁྱེར་འབུལ་རྒྱུ་དང་། བསྐྱེད་རིམ་པ་རྣམས་གྲྭ་ཚང་གི་སྒྲིག་ལ་ཞུགས་ནས་སྔགས་རམས་མ་བཏང་བར་ལོ་བཅུ་དགུའི་རིང་ཐེག་པ་རིམ་འཛེག་གིས་སློབ་སྦྱོང་གནང་དགོས་ཀྱི་ཡོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 10

  1. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    ད་དངོས་གནས་བོད་མི་ཚོས་རང་ལུས་བསྲེགས་ནས་ངོ་རྒོལ་གནང་སྐབས་ཞབས་འདྲེན་པ་ཁ་ཤས་འདི་དགེ་ལུགས་ཀྱི་རེད་ང་ཚོའི་མིན་འདོག་འདོག་གི་ནང་ཁུལ་དབྱེ་འབྱེད་ཀྱི་སྤྱོད་ངན་ལ་ལྟོས་དང་། འདི་དགེ་ལུགས་ཀྱི་རེད། འདི་བཀའ་བརྒྱུད་པའི་རེད་ཅེས་སོ་སོར་ཕྱེ་བསྡད་ན་བོད་ཀྱི་ནང་ཆོས་དང་རིག་གཞཱུང་ཞེས་པ་ག་ལ་ཡོད། ལྟས་ངན་རང་རེད།

    Reply
  2. ཀཱི༔ལུང་ཐུབ་བཟང་། says:
    ལོ་ 14 སྔོན།

    ༼ཐུད་ཚོ་བ་མར་གྱི་བཀའ་དྲིན། སྔགས་ཟབ་པ་མདོ་ཡི་བཀའ་དྲིན། ༽༼ ཨ་མའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད། ༽འདི་ཚོ་དགེ་ལུགས་པ་དག་གི་རིན་ཐང་གི་ལྟ་ཚུལ་ཙམ་ལས་བཀའ་རྙིང་ས་ཇོ་བཞི་གཡུང་དྲུང་བོན་བཅས་ཀྱི་ཁེས་ལེན་བྱེད་ཀྱི་མེད་པ་རེད།

    Reply
  3. མི་རྒོད། says:
    ལོ་ 14 སྔོན།

    རྒྱུ་གྲྭ་སྟོད་སྨད་དགའ་ལྡན་ལྷ་ཡུལ་འདྲ།།
    བསྔཊ་རམས་དགེ་བཤེས་དེ་ཡི་དཔོན་པོ་འདྲ།།
    གཞུང་ལུགས་སྦྱང་སོན་ནང་གི་མཚོན་ཆ་འདྲ།།
    འདྲ་གསུམ་ལྡན་ན་བསྟན་པ་དར་ངེས་རེད།།

    Reply
  4. སྦྲ་དཔལ་ལྡན། says:
    ལོ་ 14 སྔོན།

    གསར་འགྱུར་རིང་གི་ཡ བཀླགས་ཡ་རྙོག་སོང་ལོ་

    Reply
  5. ཕུར་པུ་ཚེ་རིང་། says:
    ལོ་ 14 སྔོན།

    ཚེ་རིང་རྒྱལ་སྐུ་མཁྱེན། གསར་འགྱུར་འདིའི་ནང་ཡིག་ནོར་དང་གཏག་ནོར། ཕྲད་དང་དུས་གསུམ་ནོར་བ་མང་དྲགས་ཏེ་གསར་འགྱུར་གྱི་ནང་དོན་གོ་ཁག་པོ་ཆགས་འདུག ཁྱེད་རང་གསར་འགོད་པ་ཡིན་པའི་སྟེང་ལ་རྩོམ་སྒྲིག་ལས་རོགས་ཀྱང་མ་རེད་དམ། འདི་འདྲ་བྲིས་ཏེ་རྩོམ་སྒྲིག་ཕྱག་རོགས་གནང་ན་དུས་བབ་ལ་ཕན་ལས་གནོད་ཚབ་ཆེ་བ་འདུག
    ཀློག་ཞོར་དུ་མཐོང་བའི་ནོར་སྐྱོན་དག
    རྒྱ་བ་ཀརྨ་པ
    ཕྱི་རྒྱལ་གྱི་སྦྱིན་རྣམ་པ་
    དར་ཚོན་གྲོལ་ཏེ་
    རྣམས་ལ་འཁྱེར་གནང་པ་
    གཏོར་བཤིགས་
    སློབ་པ་མཐར་སོན་
    རྩེ་ཕུད་
    ནང་ལོག་གི་
    ལུགས་སྲོལ་ཏུ་བརྗོད་ན་
    ཡར་སྒྲིག་སྟེ་
    ཞལ་ཕྱེ་དེ་
    ཐེག་པ་རིམ་འཛེགས་
    འཆན་ཉན་གནང་པ་
    (གོང་གི་མཆན་དེ་མདང་ནུབ་སྤེལ་ཡང་དྲ་ངོས་སུ་སྤེལ་མི་འདུག ད་ལྟ་ཡང་བསྐྱར་བཏང་བ་ཡིན། དག་ཆ་ངོས་འཛིན་བྱེད་སྟངས་ཐད་ཀློག་པ་པོ་ཚོར་གླེང་གཞིའི་ཚུལ་དུ་སྤེལ་བ་ཡིན།

    Reply
  6. མི་རྒོད། says:
    ལོ་ 14 སྔོན།

    བོད་རྩམ་ཟས་རྗེས་རང་གིས་བརྡ་དག་བརྗེད།།
    བོད་ཀྱི་དུས་བབ་བྱིས་པ་ཆུ་བརྒལ་འདྲ།།
    བོད་གསར་འགོད་མཁན་ཡུལ་གྱི་ཁྲལ་་པ་འདྲ།།
    བོད་སྐད་ཚིག་དོན་ མི་མཁས་གཞས་པ་འདྲ།།

    Reply
  7. ཕུར་པུ་ཚེ་རིང་། says:
    ལོ་ 14 སྔོན།

    ཚེ་རིང་རྒྱལ་སྐུ་མཁྱེན། གསར་འགྱུར་འདིའི་ནང་ཡིག་ནོར་དང་གཏག་ནོར། ཕྲད་དང་དུས་གསུམ་ནོར་བ་མང་དྲགས་ཏེ་གསར་འགྱུར་གྱི་ནང་དོན་གོ་ཁག་པོ་ཆགས་འདུག ཁྱེད་རང་གསར་འགོད་པ་ཡིན་པའི་སྟེང་ལ་རྩོམ་སྒྲིག་ལས་རོགས་ཀྱང་མ་རེད་དམ། འདི་འདྲ་བྲིས་ཏེ་རྩོམ་སྒྲིག་ཕྱག་རོགས་གནང་ན་དུས་བབ་ལ་ཕན་ལས་གནོད་ཚབ་ཆེ་བ་འདུག
    ཀློག་ཞོར་དུ་མཐོང་བའི་ནོར་སྐྱོན་དག
    རྒྱ་བ་ཀརྨ་པ
    ཕྱི་རྒྱལ་གྱི་སྦྱིན་རྣམ་པ་
    དར་ཚོན་གྲོལ་ཏེ་
    རྣམས་ལ་འཁྱེར་གནང་པ་
    གཏོར་བཤིགས་
    སློབ་པ་མཐར་སོན་
    རྩེ་ཕུད་
    ནང་ལོག་གི་
    ལུགས་སྲོལ་ཏུ་བརྗོད་ན་
    ཡར་སྒྲིག་སྟེ་
    ཞལ་ཕྱེ་དེ་
    ཐེག་པ་རིམ་འཛེགས་
    འཆན་ཉན་གནང་པ་

    Reply
  8. གྲྭ་རྒོད says:
    ལོ་ 14 སྔོན།

    ཡག་པོ་འདུག་རྗེས་སུ་ཡི་རང་ཡོད །

    Reply
  9. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    སྔགས་རམས་པ་འཐོན་པའི་དགེ་བཤེས་རྣམས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་བསྟན་སྲིད་ཀྱི་ཆེད་དུ་ཞབས་འདེགས་ལེགས་པོར་ཡོང་བའི་སྨོན་འདུན་ཡང་ཞུ། གཞིས་བཞུགས་གངས་ཅན་པའི་ལྷག་བསམ་གྱི་སྙིང་སྟོབས་དང་། བྱེས་འབྱོར་གངས་ཅན་པའི་སློབ་སྦྱོང་གཉིས་གཅིག་ཏུ་བསྡོམས་ན་ཅི་འདྲའི་ཡག་པ་ལ་ཨང་།

    Reply
  10. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཐེགས་པ་གསུམ་མ་རེད། ཐེག་པ་གསུམ་རེད་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese