མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་མཆོག་ལ་ཊེམ་པེལ་ཊོན་གཟེངས་རྟགས་འབུལ་བཞེས་གནང་བ།

བོད་ཀྱི་དུས་བབ།
༢༠༡༢/༠༥/༡༥
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཟླ་བའི་ཉིན་༸གོང་ས་མཆོག་ལ་འཛམ་གླིང་གི་དངུལ་འབོར་མང་ཤོས་ཊེམ་པེལ་ཊོན་གཟེངས་རྟགས་ཕུལ་ཡོད་ལ། གཟེངས་རྟགས་ཀྱི་བྱ་དགའི་ཕྱག་དངུལ་ཡོངས་རྫོགས་སྤྱི་ཚོགས་བདེ་རྩེར་ཞལ་འདེབས་ལ་བསྩལ་འདུག

ཁ་སང་ཕྱི་ཚེས་ ༡༤ ཉིན་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཡོད་པའི་སན་ཊི་པའུ་ཁཱ་ཐེ་ཌི་རལ་(St. Paul’s Cathedral) ཡེ་ཤུ་ཆོས་ཁང་དུ་སྐུ་མགྲོན་ ༢༠༠༠ ལྷག་འདུ་འཛོམས་ཐོག སྐུ་ཞབས་ཇོན་ཊེམ་པེལ་ཊོན་(Sir John Templeton) དམ་པ་ཁོང་གི་བུ་ཊེམ་པེལ་ཊོན་ཐེབས་རྩའི་ཚོགས་གཙོ་ཇོན་ཨམ་ཊེམ་པེལ་ཊོན་(John M. Templeton) ལགས་ཀྱིས། ༸གོང་ས་མཆོག་ལ་ ༢༠༡༢ ལོའི་ཊེམ་པེལ་ཊོན་གཟེངས་རྟགས་ཕུལ་ཡོད་ཅིང་། གཟེངས་རྟགས་ཀྱི་ཕྱག་དངུལ་ཨ་སྒོར་ས་ཡ་ ༡ དང་འབུམ་ ༧ ལྷག་ཡོད་པའི་ཁྲོད་ནས། ༸གོང་ས་མཆོག་གིས་ཨ་སྒོར་ས་ཡ་ ༡ དང་འབུམ་ ༥ རྒྱ་གར་ནང་གི་བྱིས་པའི་རོགས་སྐྱོར་ཚོགས་པ་དང་། དེ་འཕྲོས་ཀྱི་ལྷག་དངུལ་རྣམས་སེམས་དང་སྲོག་གི་ཐེབས་རྩ་ཁང་དང་དགོན་སྡེ་ཁག་གི་བོད་པའི་གྲྭ་བཙུན་ཚོའི་ཚན་རིག་སློབ་སྦྱོང་གི་ལས་གཞིའི་ཐད་ལ་ཞལ་འདེབས་སུ་གནང་འདུག

གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་ཐོག༸གོང་ས་མཆོག་གིས་གཟེངས་རྟགས་དེ་ནི་ཁོང་རང་ཉིད་ཀྱིས་འགྲོ་བ་མིའི་སྤྱི་ཚོགས་ལ་ཞབས་འདེགས་ཅུང་ཙམ་བསྒྲུབས་པར་ངོས་འཛིན་བྱུང་པ་ཞིག་དང་། ཁོང་རང་ཉིད་འཛམ་གླིང་མི་འབོར་ཐེར་འབུམ་ ༧ ནང་གི་མི་གཅིག་ཡིན་པ་ལས་དམིགས་བསལ་ཅན་གང་ཡང་མིན་ཚུལ།  དངུལ་དང་དབང་ཆས་ནང་སེམས་ཀྱི་བདེ་བར་གཏོར་བརླག་གཏོང་གི་ཡོད་པ་དང་། ཁོང་གིས་མུ་མཐུད་འཚེ་བ་མེད་པ་དང་ཆོས་ལུགས་འཆམ་མཐུན་སོགས་ཀྱི་ཐད་ཤུགས་སྣོན་རྒྱག་རྒྱུ་ཡིན་ལ། ལྷག་པར་དུ་ད་ལྟའི་བྱིས་པ་ཚོར་བདག་གཅེས་དང་སློབ་སྦྱོང་ཡག་པོ་སྤྲོད་ཐུབ་པ་ཡིན་ན། མ་འོངས་པའི་འཛམ་གླིང་འདིར་ཁོ་ཚོས་འགྱུར་བ་ཞིག་བཟོ་ངེས་ཡིན་པའི་སྐོར་བཀའ་སློབ་བསྩལ་འདུག

ཊེམ་པེལ་ཊོན་གཟེངས་རྟགས་འདི་ནི།  ༸གོང་ས་མཆོག་གིས་ཕྱི་དངོས་པའི་ཚན་རིག་དང་ནང་བསམ་བློའི་ཚན་རིག་གཉིས་ཟུང་འབྲེལ་ཐོག མིའི་སྤྱི་ཚོགས་ལ་ཕན་བདེ་བསྐྲུན་རྒྱུར་གཞན་དང་མ་འདྲ་བའི་ནུས་བ་འདོན་གྱི་ཡོད་པར་ངོས་འཛིན་ཐོག་ཕུལ་བ་ཞིག་ཡིན་འདུག

ཐེངས་འདིར་༸གོང་ས་མཆོག་དབྱིན་ཡུལ་དུ་ཊེམ་པེལ་ཊོན་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་ཆིབས་བསྒྱུར་སྐབས། དབྱིན་ཇིའི་སྲིད་བློན་ཌ་ཝེ་ཌི་ (David Cameron) དང་སྲིད་བློན་གཞོན་པ་ནེ་ཁི་ (Nick Clegg) གཉིས་ལའང་མཇལ་འཕྲད་གནང་ཡོད་པ་རེད།  

ཊེམ་པེལ་ཊོན་ཐེབས་རྩ་ཚོགས་པ་འདི་ ༡༩༧༢ ལོར་དབྱིན་ཡུལ་གྱི་ཚོང་པ་ཆེན་མོ་སྐུ་ཞབས་ཇོན་ཊེམ་པེལ་ཊོན་ལགས་ཀྱིས་གསར་འཛུགས་བྱས་ཏེ། འཛམ་གླིང་ནང་བསམ་བློ་དང་གསར་གཏོད། ལག་ལེན་གང་རུང་ཐོག་འགྲོ་བ་མིའི་སྤྱི་ཚོགས་ལ་ཕན་བདེ་རླབས་ཆེན་སྒྲུབ་མཁན་རྣམས་ལ་གཟེངས་རྟགས་འདི་འབུལ་བཞིན་ཡོད་པ་དང་། གཟེངས་རྟགས་ཐོག་མ་དེ་ ༡༩༧༣ ལོར་མཱ་ཐར་ཊེ་རེ་སཱ་(Mother Teresa) ལགས་ལ་ཕུལ་ཡོད་ཅིང་། གཟེངས་རྟགས་འདིའི་བྱ་དགའི་དངུལ་ནི་འཛམ་གླིང་ནང་ཕོན་ཆེ་ཤོས་ཡིན་འདུག

གསར་འགོད་པ། བནྡེ་སྐྱབས།

(གནས་ཚུལ་རྒྱས་པ་ཚེས་ ༢༡ ཉིན་གྱི་དུས་བབ་གསར་ཤོག་ལ་གཟིགས།)

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 6

  1. ནད་པ says:
    ལོ་ 14 སྔོན།

    སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པ་བརྗོད་པའི་མདོ་ལས་ཀྱང་ལུང་དུ་བསྟན་པ་འདི་ལྟ་སྟེ།

    ཡོན་ཏན་ལྡན་ཞིང་ཡོན་ཏན་ཤེས།།
    ཆོས་ཤེས་བཀྲ་ཤིས་བཀྲ་ཤིས་འབྱུང་།།
    བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ།།
    གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ།

    ཞེས་འཐིག་རྟེན་འདི་ན་བཀྲ་ཤིས་པའི་ནང་ནས་ཆེས་བཀྲ་ཤིས་པའི་མི་སྣ་དེ་མཚན་སྙན་གྲགས་ས་སྟེང་ཀུན་ཏུ་ཁྱབ་པའི་མི་གང་ཡིན་པ་དེ་ནི་བཀྲ་ཤིས་པའི་ནང་ནས་བཀྲ་ཤིས་པའི་མཆོག་དང་རབ་ཡིན་པ་གསུངས་པ་ལྟར་གྲགས་པའི་བཀྲ་ཤིས་ཀྱི་ནང་ནས་ཆེས་བཀྲ་ཤིས་པའི་མི་སྣ་རྩེ་མོར་སོན་པ་དེ་ནི་བོད་ཀྱི་བླ་ན་མེད་པའི་སྐྱབས་མགོན་༸ རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་ཁོ་ན་ཡིན་པ་དེ་ཡོངས་སུ་གྲགས་པ་ལྟར་ཡིན།

    བཟང་པོའི་རྩེ་མོར་སོན་པའི་སྐྱབས་མགོན་ཏྰ་བླ་མ་མཆོག་ནི་བོད་མི་རིགས་ཀྱི་ཡིད་བལིན་ནོར་བུ་ཙམ་ཡིན་པ་སྙོན་དུ་མེད་ཁར་ད་ལྟ་འཛམ་གླིང་འགྲོ་བའི་མི་རིགས་ཀྱི་སྤྱི་ནོར་ཞིག་ཡིན།

    ཁོང་ནི་འཛམ་གླིང་མིའི་རིགས་དང་། ཆོས་ལུགས་ཡོངས། ནང་པ་ཡོངས། བོད་རིགས་ཡོངས་རྫོགས་བཅས་ཀྱི་བཀྲ་ཤིས་པའི་ནང་ནས་ཆེས་བཀྲ་ཤིས་རླབས་ཆེན་གྱི་མི་སྣ་བཟང་པོའི་རྩེ་མོར་སོན་པ་དེ་ནི་བསྟན་དང་འགྲོ་བའི་བསོད་ནམས་ཁོ་ན་ལས་གྲུབ་པ་ཞིག་ཡིན།

    Reply
  2. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    གང་གི་རྣམ་དཔྱོད་ཤིན་ཏུ་ཡངས་པ་ཡིས། །རྒྱ་ཆེན་ནོར་འཛིན་མ་འདི་བཅིངས་པ་ཡིས། །གྲགས་པའི་བ་དན་འཛམ་གླིང་རྩེ་མོ་ན། །ལྷབ་ལྷབ་གཡོ་འདིས་བདག་སེམས་སྤྲོ་བ་འཕེལ། །

    Reply
  3. ནད་པ says:
    ལོ་ 14 སྔོན།

    རབ་འབྱམས་རྒྱལ་བ་ཀུན་གྱི་མཛད་པའི་འཁུར།།
    སྙིང་སྟོབས་ཕྲག་པར་བཟུང་བའི་རླབས་ཆེན་གྱི།།
    འཕྲིན་ལས་ཀུན་ཕན་ནམ་མཁའི་སྙིང་པོ་ཅན།།
    བཞེད་པ་ཇི་བཞིན་ལྷུན་གྱིས་འགྲུབ་རྒྱུར་ཅིག།

    ༸ རྒྱལ་བའི་ཡོངས་འཛིན་ཟུང་གི་གསུང་ཡིན།

    རྗེ་བཙུན་འཇམ་དཔལ་ངག་གི་དབང་པོའི་སྐུ།།
    སྙིང་རྗེའི་གཏེར་ཆེན་བློ་བྲོས་བཟང་པོའི་གསུང་།།
    ཡེ་ཤེས་མཐུ་སྟོབས་གསང་བའི་བདག་པོའི་ཐུགས།།
    ༸ རྒྱལ་བའི་དབང་པོ་བསྟན་འཛིན་རྒྱ་མཚོའི་སྡེ།།
    ཡོངས་རྫོགས་བསྟན་པའི་བདག་པོར་ཞབས་བྟན་གསོལ།།

    རྙིང་མའི་ཁྲི་འཛིན་དམ་པ་སྐྱབས་རྗེ་འཁྲུལ་ཤིག་རིན་པོ་ཆེའི་གསུང་ཡིན།

    བོད་ཀྱི་བླ་ན་མེད་པའི་༸ གོང་ས་སྐྱབས་མགོན་རྒྱལ་བ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐུ་ཡི་འཕྲེང་བ་བཅུ་བཞི་པ་འཕགས་མཆོག་ཕྱག་ན་པདྨོ་འཛམ་གླིང་སྐྱེ་འགྲོའི་བདེ་སྐྱིད་ཆེད་སྐུ་ཚེ་ཁྲི་ལོར་བརྟན་པའི་སྨོན་འདུན་ཞུ།།

    Reply
  4. རེབ་ཐོག་མདའ says:
    ལོ་ 14 སྔོན།

    དུས་བབས་ཚང་ལ་སྐུལ་བའི་རེ་བ་ཆུང་ཆུང་ཞིག་ལས་གཞན་ཅི་ཡང་མེད་། གོང་ས་མཆོག་བྱ་དགའ་སྩལ་པའི་གནས་ཚུལ་འདི་འདྲ་གལ་ཆེན་པོའི་རིགས་དུས་འགྱངས་མེད་པར་བསྒྱུར་ནས་དྲ་རྒྱའི་ཐོག་དུ་གང་མགྱོགས་ངང་བཀོད་ཐུབ་ན་ལེགས་སྙམ་སོང་གང་ཡིན་ཟེར་གཟེངས་རྟགས་འབུལ་གནང་མཛད་དེ་ཉིན་ཞག་གཅིག་དང་ཕྱེད་ཀའི་རིང་ལ་གནས་ཚུལ་འདི་བཀོད་མི་འདུག་དང་པོ་དེ་ད་ནངས་ཞཽགས་པ་དབྱིན་ཡིག་ནང་མཐཽང་སོང་དེ་ནས་བོད་ཡིག་བསྒྱུར་དགོས་བསམ་ཡང་དུས་བབས་ནང་དུ་མ་བཀོད་གོང་ལ་ཟིན་བྲིས་སུ་བཞག་ན་ཡག་པོ་མཐོང་མ་སོང་བས་བསྒྱུར་མེད་།
    དགོང་མོ་ནང་དུ་ལོག་ནས་ཡང་བསྐྱར་ལྟ་དུས་ད་གཟོད་དྲ་དངོས་སུ་བཞག་འདུག།
    ངའི་འདི་ལ་བཤད་འདོད་པ་ནི་གལ་སྲིད་མ་འོངས་བར་གསར་འགྱུར་གལ་ཆེན་རིགས་གང་མགྱོགས་ངང་བཏོན་ཐུབ་ན་བཟང་སྙམ།
    འདི་ནི་རེ་སྐུལ་ཙམ་ལས་དུས་བབས་ཚང་གི་མི་བུ་སུ་ལ་ཡང་སྐྱོན་བརྗོད་འམ་ཐ་ཚིག་བསྒྲགས་པ་དེ་འདྲ་གཏན་ནས་མིན་། ཐུགས་རྗེ་ཆེ

    Reply
  5. ཡར་ཀླུང་ལྷ་རྗེ། says:
    ལོ་ 14 སྔོན།

    རྒྱལ་སྲས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་༸གོང་ས་ཡིད་བཞིན་ནོར་བུ་མཆོག་༸འཕུལ་བར་འཚམས་འདྲིའི་བཀྲིས་བདེ་དུང་ཕྱུར་འབུམ་ཕྲག་ཞུ།།

    Reply
  6. མཉམ་ཞུགས says:
    ལོ་ 14 སྔོན།

    གསར་འགྱུར་འདི་དེ་རིང་ཞོགས་པ་སྔ་པོ་དབྱིན་ཡིག་ཐོག་བཀླགས་པ་དང་།དགའ་སྤྲོ་ཆེན་པོ་ཞིག་སྐྱེས་ཏེ་དུས་ཚོད་ཀྱི་དབང་གིས་ལམ་སེང་བོད་བསྒྱུར་མ་ཐུབ་ཀྱང་མ་ཞི་དེ་ག་རང་དུས་བབ་ཀྱི་མཆན་འདོག་ས་འདིར་བཏང་ཡང་ད་དུང་སླེབས་མི་འདུག།ཕལ་ཆེར་དུས་བབ་ཚང་གིས་བཀག་པ་ཡིན་པ་འདྲ།གང་ལྟར་ད་ལྟ་འདིར་བོད་ཡིག་ཐོག་གནས་ཚུལ་མདོར་བསྡུས་ཤིག་བཀོད་འདུས་པས་དགའ་པོ་བྱུང་།༸གོང་ས༸མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་བཞེད་དོན་ལྷུན་གྱིས་འགྲུབ་པར་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese