མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ།

བོད་ཀྱི་དུས་བབ།
༢༠༡༢/༠༥/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་དྲོ་དྷ་སྟེང་དྷ་ས་ས་གནས་གཞོན་ནུ་དང་བུད་མེད་གཉིས་ཀྱི་གོ་སྒྲིག་འོག བོད་ཁྱིམ་རྩེད་ཐང་དུ་མེར་མེ་འདུ་འཛོམས་ཀྱི་ལས་འགུལ་ཞིག་སྤེལ་སོང་།

ཁ་སང་ཕྱི་དྲོ་ཆུ་ཚོད་ ༦ དང་ཕྱེད་ཀའི་སྟེང་། དྷ་ས་ས་གནས་གཞོན་ནུ་དང་བུད་མེད་གཉིས་ཀྱི་གོ་སྒྲིག་འོག དྷ་སྟེང་བོད་ཁྱིམ་རྩེད་ཐང་དུ་རྐང་སྤོལ་རྩེད་འགྲན་པ་དང་ལྟད་མོ་བ་ཡོངས་རྫོགས་མཉམ་འཛོམས་ཐོག ཕྱི་ཚེས་ ༢༧ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་རང་མེར་བསྲེགས་ཀྱིས་རྒྱ་གཞུང་གི་དབང་སྒྱུར་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་སྐད་འབོད་བྱེད་མཁན། རྡོ་རྗེ་ཚེ་བརྟན་དང་དར་རྒྱས་ལགས་རྣམ་གཉིས་གཙོས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད། ངག་བཅད་མྱ་ངན་དང་མ་ཎི་འུར་འདོན། བདེན་ཚིག་སྨོན་ལམ་དབྱངས་ལ་གྱེར་ཏེ་མར་མེ་འདུ་འཛོམས་ཀྱི་ལས་འགུལ་ཞིག་སྤེལ་སོང་།

ལས་འགུལ་གོ་སྒྲིག་པས་གཏམ་བཤད་སྐབས། བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་བོད་ཀྱི་བདེན་པའི་འཐབ་རྩོད་ཆེད་གཅེས་པའི་ལས་སྲོག་ལོངས་སྤྱོད་མཐའ་དག་ཕངས་མེད་འབུལ་བཞིན་པའི་རླབས་ཆེན་གྱི་ལས་འགུལ་དེ་དག རྒྱ་གཞུང་གི་དྲག་གནོན་འོག་ནག་བསུབ་ཏུ་མ་བྱིན་པར་འཛམ་གླིང་རྒྱལ་སྤྱིའི་སྒང་སྐྱེལ་ཐུབ་པ་གནང་དགོས་རྒྱུ་ནི་ང་ཚོ་བཙན་བྱོལ་བོད་མི་རྣམས་ཀྱི་འོས་འགན་ཆགས་ཡོད་སྟབས། བཙན་བྱོལ་མི་མང་ཚང་མས་སོ་སོའི་འོས་འགན་ཕྲག་ཏུ་བླངས་ཏེ། རྣམ་དཔྱོད་ཡོད་མཁན་གྱིས་རྣམ་དཔྱོད་དང་། རྒྱུ་འབྱོར་ཡོད་མཁན་གྱིས་རྒྱུ་འབྱོར། ལུས་སྲོག་འབུལ་མཁན་གྱིས་ལུས་སྲོག་ཕུད་དེ། བོད་ནང་གི་རླབས་ཆེའི་འཐབ་རྩོད་ལ་གདུང་སེམས་མཉམ་སྐྱེད་དང་དཔུང་བ་མཉམ་འདེགས་བྱ་དགོས་སྐོར་བརྗོད་སོང་།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༨ སྔོན་ལ།
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

ཆུ་ཚོད་ ༡༡ སྔོན་ལ།
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

མཆན། 6

  1. ཡུལ་གྱར་བ། says:
    ལོ་ 14 སྔོན།

    གཞོན་ནུ་ཚོགས་པར་སྡང་ཟུག་འཛིན་མཁན་དང་དེར་རྒྱབ་སྐྱོར་གནང་མཁན་དག་ལ་ཞུ་རྒྱུ། སྤྱིར་གཞོན་ནུ་ཚོགས་པར་ནོར་འཁྲུལ་མེད་ཅེས་བརྗོད་བཞིན་མེད་ཀྱང་བོད་དོན་གང་མཚམས་ཀྱིས་རྒྱལ་སྤྱིའི་ཅན་དུ་གྱུར་པ་འདི་གཙོ་བོ་མི་ཞིག་དང་ཚོགས་པ་གཅིག་གི་སྐུ་ལས་ལ་བརྟེན་ནས་བྱུང་བ་གསལ་པོ་རེད། རྒྱ་དམར་སྲིད་གཞུང་གིས་རྟག་ཏུ་ཁ་བྲལ་བའི་འགོ་ཁྲིད་ཏ་ལ་དང་དྲག་གཅོད་ཀྱི་སྒྲིག་འཛུགས་གཞོན་ནུ་ཞེས་ཉིན་ལན་གསུམ་མཚན་ལན་གསུམ་དུ་བཟློ་བཞིན་པ་འདི་རྣག་ཐོག་ཙག་འཁེལ་བཞིན་ཡོད་པའི་རྟགས་མཚན་གསལ་པོ་རེད། གཞོན་ནུས་ལས་འགུལ་ཇི་ཙམ་སྤེལ་བ་བགྲངས་ཀྱིས་མི་ལང་བས་དེ་ཙམ་ཡིན། གཞོན་ནུས་རྒྱལ་ས་ལྡི་ལི་ལྟ་བུར་སྐད་འབོད་ཞིག་གོ་སྒྲིག་གནང་ན་འགྲོ་སོང་ཇི་ཡོད་མཁྱེན་ན་གཞོན་ནུས་དཔལ་འབྱོར་འདུ་འགོད་གནང་བ་འདིའང་ཁ་ཡོད་ལག་ཡོད་ཡིན་པའི་ཡིད་ཆེས་ཤིག་ངང་གིས་འཆར་ངེས་རེད། རང་ཉིད་སྤྱི་ཚོགས་ཤིག་ཏུ་དངོས་སུ་ཞུགས་ནས་འགན་ཁྱེར་བའི་ཉིན་མོ་ནས་འགྲོ་གྲོན་སོགས་ལ་དཀའ་ངལ་ཇི་ཡོད་ཤེས་ཀྱི་རེད། གཞོན་ནུས་ཞལ་འདེབས་བསྡུ་བཞིན་འདུག་ཟེར་ནས་ཟུག་བཞིན་པའི་མི་ཚོས་གཞོན་ནུར་ཞལ་འདེབས་ཧིན་སྒོར་བཅུ་གྲངས་ཤིག་རྒྱག་མྱོང་མིན་ཅི་ཆ། ཆབ་སྲིད་གཅིག་པོར་མ་ཡིན་པར་སྤྱི་ཚོགས་ཞབས་ཞུར་མཚོན་ན་གཞོན་ནུ་དང་འདྲ་བའི་ཚོགས་པ་གང་ཞིག་གིས་ཞུས་འདུག ཁ་ནས་ཐོན་ཚད་གཏམ་ཡིན་ཙམ་མི་དགོངས་པར་གང་ཐུབ་ཀྱིས་བརྟགས་ཤིང་དཔྱད་དེ་བཤད་ན་དོན་ཡོད་ངེས་རེད།

    Reply
  2. བུ་ཡུག says:
    ལོ་ 14 སྔོན།

    རེབ་ཐོགས་མདའ་ལ་ཐུགས་རྗེ་ཆེ། སྐུ་ཉིད་ཀྱིས་ལུས་སྲོག་ལོངས་སྤྱོད་རྐང་རྩེད་སྤོ་ལོ་འབུད་བཞིན་པའི་བསམ་མེད་འདི་དག་གི་རང་མཚང་ཕྱི་རུ་བཏོན་པར་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད།

    Reply
  3. བུ་ཡུག says:
    ལོ་ 14 སྔོན།

    ཁ་སང་བོད་ཀྱི་རྒྱ་ལྷ་སར་མདོ་སྨད་བྲང་ནས་ཡིན་པས་རྡོ་རྗེ་ཚེ་བརྟེན་དང་རྔ་བ་ནས་ཡིན་པས་དར་རྒྱས་གཉིས་ཀྱིས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བོད་བསྟན་སྲིད་ཀྱི་ཆེད་དུ་བརྔོས་དུས། རྡ་སའི་རི་མགོ་ན་ཡུལ་གྱུར་བའི་བཙན་བྱོལ་བ་དག་གིས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་རྐང་རྩེད་སྤོ་ལ་གཏུམ་བཞིན་འདུག། ངོ་མ་བཤད་ན་འཇིག་རྟེན་ན་རྒྱུ་འབྲས་མི་འདུག། མེ་རྒྱོག་གི་སོ་ཁ་ན་དྲག་དུ་འཕྱར་བས་མེ་ལྕེ་ཁྲོད་ཀྱི་རྒྱལ་གཅེས་པ་འདི་དག་གི་ན་ཟུག་དང་སྤོབས་པ་དག་ནི་ཁྱེད་ཅག་གི་ཧ་ཧ་ཧོ་ཧོ་དགོད་སྒྲའི་ཁྲོད་ཀྱི་སྐར་མ་གཅིག་གི་མྱ་ངན་རྫུན་མའི་ཁུག་པ་མིན།

    Reply
  4. རེབ་ཐོག་མདའ says:
    ལོ་ 14 སྔོན།

    ཕྱི་ལོགས་ན་ད་འགན་ཞིག་འཁུར་གི་ཡོད་པས་བཟོ་འདྲ་བོ་ཞིག་མ་གཏོགས་ཁ་ཡོད་ལག་ཡོད་གིས་ཕན་ཞིག་ཐོག་པའི་ལས་ཀ་སྣ་གཅིག་ཀྱང་ལས་གིན་མི་འདུག། བོད་ནང་གིས་བོད་མི་ཚོས་རང་ལུས་མེ་སྒྲོན་དུས་གཞོན་ནུ་དང་བུད་མེད་དག་གིས་རྩེ་མོ་འདྲ་རྩེ་ནས་བསྡད་ཡོད་པ་རེད།
    སྤྱིར་ཡིན་ན་དོན་དག་བྱུང་རྗེས་རྒྱལ་སྤྱི་འམ་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་དག་ལ་སྙན་ཞུ་འབུལ་བ་འམ་རྒྱབ་སྐྱོར་འཚཽལ་བ་ད་དུང་གསར་འགོད་གསལ་བསྒྲགས་བསྡུ་བ། མ་ཟད་རྡི་ལི་རུ་ཡོད་པའི་གཞུང་ཚབ་ཁང་དག་དུ་ཛ་དྲག་གིས་ངང་ནས་བསྐྱོད་དེ་འབྲེལ་བ་བྱེད་དགོས་བ་བཤད་མི་དགོས་ཞིག་ཡིན་མོད།
    གཞོན་ནུ་དང་བུད་མེད་སོགས་ཀྱིས་བོད་ཕྲུག་ཁྱིམ་སྡེ་གིས་རྒྱབ་ལོགས་ན་ཁ་ལག་དང་ཆར་གདུག་བཙོང་བཞིན་བོད་ནས་དོན་དག་བྱུང་ན་མ་གཏོགས་ག་དུས་ཡིན་ཡང་དཔའ་འབྱོར་འཚོལ་བ་འམ་ཞལ་འདེབས་བསྡུ་བ་སོགས་ལས་ཀ་ཆོ་མེད་པ་རྐྱང་རྐྱང་བསྒྲུབས་ནས་བསྡད་པ་ལས་གང་ཡང་འཇོན་གི་མ་རེད། ག་རེ་འདང་གི་མེད་པ་སུ་ཤེས། བོད་ཕྲུག་ཁྱིམ་སྡེ་ནས་མར་མེ་བཟུང་དེ་གདུང་སེམས་མཉམ་བསྐྱེད་བྱས་ནས་དེའི་མཐའ་འཁོར་གི་རི་དང་ནགས་ཚལ་ད་དུང་སྤྲེའུ་དང་དུད་འགྲོ་དེ་དག་ལ་གསལ་བསྒྲགས་བྱེད་ཀྱིན་ཡོད་ནི་མ་གཏོགས་རི་ཁུག་དེ་ནས་སུ་ཞིག་གིས་དོ་སྣང་བྱེད་དགོས་བ་སུས་ཤེས། དངོས་གནས་ཆོ་མེད་པ་དག་དག་བྱས་ནས་བསྡད་འདུག།

    Reply
  5. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    ཡང་གཞོན་དཔོན་ཚེ་་དབང་རིག་འཛིན་གྱིས་འཁྱོག་བཤད་བྱས་མེད་ན་བཟངགི།

    Reply
  6. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    ཡག་པོ་རེད་་་་་་གཞན་ནུ་དང་བུད་མེད་གཉིས་ཀྱི་ཚོགས་པ་འདི་ཧ་ཅང་འཆམ་པོ་འདུག་་་་་གཅིག་གིས་གཅིག་ལ་གོ་སྐབས་སྤྲད་རེས་བྱེད་ཀྱི་ཡོད་ས་རེད་པ་ཧཧཧ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese