མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕས་བུ་མོར་སྤྲིངས་པའི་འཕྲིན།

བོད་ཀྱི་དུས་བབ།
༢༠༡༢/༠༦/༡༨
Share on FacebookShare on TwitterShare on EmailShare on Whatsapp

༼རྒྱ་གར་གྱི་སྲིད་བློན་དང་པོ་ཇོ་ཧ་ལ་ནེ་རུས་རང་གི་བུ་མོ་རྒྱ་གར་གྱི་བུད་མེད་སྲིད་བློན་དང་པོ་ཨིན་དྷ་ར་གྷན་དྷིར་སྤྲིངས་པའི་འཕྲིན།༽

ཇོ་ཝ་ཧ་ལ་ནེ་རུས་བརྩམས། ནོར་བསམ་གྱིས་བསྒྱུར།

༡༽ རང་བྱུང་ཁམས་ཀྱི་དཔེ་དེབ།

ཁྱེད་རང་ང་དང་མཉམ་དུ་ཡོད་སྐབས་ཁྱེད་ཀྱིས་ང་ལ་གནས་ཚུལ་འདྲ་མིན་ཐོག་དྲི་བ་ཡང་ཡང་དྲི་ཡི་ཡོད་ཀྱང་། ད་ལྟ་ཁྱེད་རང་མ་སུ་རིར་ཡོད་ལ་ང་ནི་ཨ་ལ་ཧ་བྷ་ཀྲེར་ཡོད་པར་བརྟེན་ང་གཉིས་ཕན་ཚུན་སྐད་ཆ་བཤད་ཐབས་མེད་པས་ངས་ཁྱེད་ལ་དུས་ནས་དུས་སུ་འཕྲིན་ཡིག་བྲིས་ཏེ་ང་ཚོའི་སའི་གོ་ལའི་ནང་ཆ་བགོས་བྱས་པའི་རྒྱལ་ཁབ་ཆེ་ཆུང་མང་པོའི་ལོ་རྒྱུས་བརྗོད་ཀྱི་ཡིན། ཁྱེད་ཀྱིས་དབྱིན་ཇི་དང་རྒྱ་གར་གྱི་ལོ་རྒྱུས་ཉུང་ཤས་བཀླགས་མྱོང་ཡང་རྒྱ་གར་ནི་ལུང་པ་ཆེན་པོ་ཡིན་མིན་གང་ལྟར་ཡང་སའི་གོ་ལའི་ཐོག་ནས་བལྟས་ཚེ་ཆུང་ངུ་ཞིག་ལས་མ་རེད་ལ། དབྱིན་ཡུལ་ཡང་མཚོ་གླིང་ཆུང་ཆུང་ཞིག་རེད། གལ་སྲིད་ང་ཚོས་འཛམ་བུ་གླིང་གི་གནས་ཚུལ་ཤེས་འདོད་ཡོད་ཚེ་ངེས་པར་དུ་རྒྱལ་ཁབ་ཚང་མ་དང་། དེའི་ནང་གནས་སྡོད་བྱེད་མཁན་ཚང་མའི་སྐོར་ལ་བསམ་བློ་གཏོང་དགོས་པ་ལས། ང་ཚོ་སྐྱེ་སའི་ཡུལ་ལུང་ཆུང་ངུ་དེ་ཁོ་ནར་བསམ་བློ་བཏང་ན་མི་འགྲིག

ངས་འཕྲིན་ཡིག་བརྒྱུད་ནས་གནས་ཚུལ་ཕྲན་བུ་ལས་བཤད་མི་ཐུབ་པས་ཞེད་སྣང་སྐྱེ་ཡི་འདུག་ཀྱང་། གནས་ཚུལ་ཕྲན་བུ་དེ་བརྒྱུད་ནས་འཛམ་གླིང་ནང་གི་མི་རིགས་ཚང་མ་ང་ཚོའི་སྤུན་ཟླ་ཡིན་པ་ཁྱེད་ཀྱིས་དོ་སྣང་བྱས་ཏེ་ཤེས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།  ཁྱེད་རང་འཚར་ལོངས་བྱུང་རྗེས་ཁྱེད་ཀྱིས་དཔེ་དེབ་ཐུག་པོ་དེ་འདྲའི་ནང་ནས་སའི་གོ་ལ་དང་དེའི་ཐོག་གནས་བཅའ་མཁན་མིའི་སྐོར་ཀློག་ངེས་ལ་ཕལ་ཆེར་དེ་དུས་ཁྱེད་ཀྱིས་བཀླགས་པའི་སྒྲུང་དེབ་གཞན་ལས་དགའ་སྣང་ཆེ་བ་ཡོང་སྲིད།

ཁྱེད་ཀྱིས་ཤེས་གསལ་ལྟར་ང་ཚོའི་སའི་གོ་ལ་དེ་ནི་ལོ་ངོ་ས་ཡ་མང་པོ་སོང་ཟིན་པས་ཧ་ཅང་རྙིང་ཞིང་དུས་ཡུན་རིང་པོའི་སྔོན་ལ་དེའི་ནང་འཚོ་སྡོད་བྱེད་མཁན་འགྲོ་བ་མི་མེད།  འགྲོ་བ་མི་མ་བྱུང་བའི་སྔོན་ལ་དུད་འགྲོ་སེམས་ཅན་ཁོ་ན་ལས་མེད་ལ། དུད་འགྲོ་སེམས་ཅན་མ་བྱུང་བའི་སྔོན་ལ་སྲོག་ཆགས་རིགས་རྩ་བ་ནས་མེད། ད་ལྟ་འགྲོ་བ་མི་དང་དུད་འགྲོ་སེམས་ཅན་གྱི་རིགས་འདྲ་མིན་ཚང་མ་ཡོད་པའི་ང་ཚོའི་འཛམ་གླིང་དེའི་ནང་དེ་དག་གཅིག་ཀྱང་མེད་པ་བློ་ཡུལ་དུ་འཆར་ཁག་པོ་ཡོད་ཀྱང་ཚན་རིག་པས་གནད་དོན་དེའི་ཐོག་རྟགས་དཔྱད་ཞིབ་འཇུག་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར་སའི་གོ་ལ་དེ་ཉིད་ཧ་ཅང་གི་ཚ་དྲོད་འཕེལ་ནས་སྲོག་ཆགས་གནས་དཀའ་བའི་དུས་ཚོད་གཅིག་བྱུང་ཡོད། གལ་ཏེ་ང་ཚོས་དེའི་སྐོར་གྱི་དཔེ་དེབ་ཀློག་པ་དང་། རྡོ་དང་རྗེས་ཤུལ་འགྱུར་རྡོར་རྟགས་དཔྱད་བྱས་ཚེ་གནད་དོན་དེ་རིགས་བདེན་པ་ཡིན་པ་ང་ཚོས་ཤེས་ཐུབ།

ལོ་རྒྱུས་ཁྱེད་ཀྱིས་དཔེ་དེབ་ནས་ཀློག་ཐུབ་ཀྱང་མི་མ་བྱུང་བའི་སྔོན་ལ་དེབ་འབྲི་ཐུབ་མེད་པ་ངེས་གཏན་ཡིན་པས་ང་ཚོས་སྐབས་དེ་དུས་ག་རེ་བྱུང་ཡོད་མེད་ཇི་ལྟར་ཤེས་ཐུབ་བམ། ང་ཚོ་ལྷོད་ལྷོད་བྱས་ཏེ་བསྡད་ཀྱང་གནས་ཚུལ་ཚང་མ་བསམ་བློའི་ཡུལ་དུ་འཆར་མི་ཐུབ། ང་ཚོས་གནས་ཚུལ་མཐའ་དག་བསམ་བློའི་ཡུལ་དུ་རང་གིས་གང་འདོད་ལྟར་འཆར་སྣང་བསྐྱེད་ནས་ཡིད་དུ་འོང་བའི་ལྷ་སྒྲུང་ཞིག་བསྐྲུན་རྒྱུ་ནི་ཤིན་ཏུ་དགའ་སྣང་སྐྱེ་དགོས་པ་ཞིག་ཡིན་ཡང་། དེ་ནི་ང་ཚོས་དོན་དངོས་མཐོང་ཆོས་སུ་གྱུར་བ་ལྟར་བདེན་པ་མ་རེད། ང་ཚོར་འདས་པའི་དུས་ཡུན་ནང་བྲིས་པའི་དཔེ་དེབ་མེད་ཀྱང་སྟབས་ལེགས་པ་ཞིག་ལ་ང་ཚོར་དངོས་པོ་འགའ་ཞིག་ཡོད་པ་དེ་དག་གིས་དཔེ་དེབ་ཀྱི་ཚབ་བྱེད་ཐུབ། ང་ཚོར་ཡོད་པ་ནི་བྲག་རྡོ་དང་། རི། མཚོ། སྒྱུ་སྐར། གཙང་པོ། བྱེ་ཐང་། གནའ་བོའི་སྲོག་ཆགས་ཀྱི་རྗེས་ཤུལ་འགྱུར་རྡོ་སོགས་དང་དེ་ལྟ་བུའི་དངོས་རིགས་གཞན་གྱིས་ང་ཚོས་སའི་གོ་ལའི་ཐོག་ཡོད་པའི་གནའ་བོའི་ལོ་རྒྱུས་བལྟ་བྱེད་ཀྱི་དཔེ་དེབ་རེད་ལ། དོན་དངོས་ཐོག་ལ་ཡང་ང་ཚོས་ལོ་རྒྱུས་ཤེས་ཆེད་མི་གཞན་གྱིས་བྲིས་པའི་དཔེ་དེབ་བལྟ་རྒྱུའི་ཚབ་ལ་རང་བྱུང་ཁམས་ཀྱི་དཔེ་དེབ་ཆེན་པོ་དེ་ཀློག་དགོས། ཁྱེད་ཀྱིས་རི་དང་བྲག་རྡོ་ལས་ལོ་རྒྱུས་སློབ་སྦྱོང་མགྱོགས་པོ་བྱེད་ཐུབ་པར་ངས་རེ་བ་བྱེད་ཀྱི་ཡོད། བསམ་བློ་བཏང་ཚེ་དེ་ནི་ཇི་འདྲའི་ཡིད་དུ་འོང་བའི་བྱ་བཞག་ཞིག་མ་ཡིན་ནམ། ལམ་ཟུར་དང་ཡང་ན་རི་གཟར་ལ་ལྷུང་པའི་རྡོ་ཆུང་རེ་རེར་ཕལ་ཆེར་རང་བྱུང་ཁམས་ཀྱི་དཔེ་དེབ་ཀྱི་ཤོག་བུ་རེ་ཡོད་ལ་གལ་ཏེ་ཁྱེད་ཀྱིས་ཀློག་སྟངས་ཇི་ལྟར་ཡིན་པ་ཤེས་ན་གནས་ཚུལ་མི་ཉུང་བ་ཞིག་ཤེས་ཐུབ། ཧིན་དྷི་དང་། ཨུར་དྷུ། དབྱིན་ཡིག་སོགས་སྐད་ཡིག་གང་འདྲ་ཞིག་སློབ་སྦྱོང་བྱེད་ནའང་སྐད་ཡིག་དེའི་གསལ་བྱེད་ཡི་གེ་སྦྱོང་དགོས་པ་དེ་དང་གཅིག་མཚུངས་ཁྱེད་ཀྱིས་ཀྱང་ངེས་པར་དུ་རང་བྱུང་ཁམས་ཀྱི་ལོ་རྒྱུས་བྲག་དང་རྡོ་ལས་གྲུབ་པའི་དཔེ་དེབ་མ་ཀློག་སྔོན་ལ་རང་བྱུང་ཁམས་ཀྱི་གསལ་བྱེད་ཡི་གེར་སློབ་སྦྱོང་བྱེད་དགོས། ཕལ་ཆེར་ད་ལྟ་ཁྱེད་ཀྱིས་ཇི་ལྟར་ཀློག་དགོས་མིན་ཅུང་ཙམ་ཤེས་ཀྱི་ཡོད་སྲིད།

གལ་སྲིད་ཁྱེད་ཀྱིས་བཀྲགས་མདང་ཅན་གྱི་ཆུ་རྡེའུ་སྒོར་སྒོར་ཆུང་ངུ་ཞིག་མཐོང་ཚེ་དེས་ཁྱོད་ལ་གནས་ཚུལ་ཞིག་བརྗོད་ཀྱི་མི་འདུག་གམ། ཟུར་དང་རྩུབ་པོ་ཡོད་པའི་གྲི་སོགས་གང་ཡང་མེད་པར་ཇི་ལྟར་བྱས་ཏེ་དེ་ནི་སྒོར་སྒོར་དང་། འཇམ་པོ། འོད་འཚེར་མཁན་ཆགས་པ་རེད་དམ། གལ་ཏེ་ཁྱེད་ཀྱིས་རྡོ་ཆེན་པོ་ཞིག་དུམ་བུར་གཅོག་པ་ཡིན་ན། དུམ་བུ་རེ་རེ་རྩུབ་པོ་དང་། ཟུར་ཡོད་པ། རྩུབ་ཤ་ཅན་གྱི་ཁའམ་རྣོ་ཡོད་པ་ལས་དེ་ནི་རྣམ་པ་ཀུན་ནས་ཆུ་རྡེའུ་འཇམ་པོ་སྒོར་སྒོར་དེ་འདྲ་མ་རེད། དེས་ན་ཆུ་རྡེའུ་ཧ་ཅང་གི་སྒོར་སྒོར་དང་འཇམ་པོ། འོད་འཚེར་པ་དེ་འདྲ་ཇི་ལྟར་ཆགས་པ་རེད་དམ། གལ་ཏེ་ཁྱེད་ལ་བལྟ་ཐུབ་པའི་མིག་དང་ཉན་ཐུབ་པའི་རྣ་ཅོག་ཡོད་ཚེ་དེས་ཁྱེད་ལ་ལོ་རྒྱུས་ཤིག་བརྗོད་ཀྱི་ཡོད། བརྗོད་དོན་ནི་དུས་ཡུན་རིང་པོའི་སྔོན་ལ་ད་ལྟ་ཁྱེད་ཀྱིས་བྲག་རྡོ་བཅག་ནས་དུམ་བུ་སོང་བའི་རྡོ་ཕྲུག་ལྟ་བུ་ཟུར་དང་སྣེ་མང་པོ་ཡོད་པ་ཞིག་དང་། ཕལ་ཆེར་རི་གཟར་དུ་ཡོད་ངེས། དེ་རྗེས་ཆར་ཆུས་འཁྱེར་ནས་ལུང་གཤོངས་ནང་ལྷུངས་པ་དང་དེ་རྗེས་རི་སྟེང་གི་རྒྱུག་ཆུས་འཕུད་རྒྱག་བཏང་ནས་གཙང་པོ་ཆུང་ངུའི་ནང་བསླེབས་པ་དང་། དེ་ནས་གཙང་པོའི་གཏིང་མཐའ་ལ་བསྒྲིལ་ནས་དེའི་ཟུར་གྱི་རྣོ་དང་ངོས་རྩུབ་བོ་རྣམས་འཇམ་པོ་དང་བཀྲག་མདངས་ཅན་ཆགས་པ་དེ་ནི་ཁྱེད་ཀྱིས་མཐོང་བའི་ཆུ་རྡེའུ་དེ་རེད། གཙང་ཆུས་འཁྱེར་མཚམས་བཞག་པར་བརྟེན་ད་ལྟ་ཁྱེད་ཀྱིས་མཐོང་ཐུབ་པ་ལས་དེ་མིན་མུ་མཐུད་གཙང་ཆུས་འཁྱེར་ཡོད་ཚེ་ཆུང་དུ་ཆུང་དུ་ཕྱིན་ནས་མཐའ་མ་འབྲུ་རྡོག་ལྟ་བུའི་བྱེ་མར་གྱུར་ནས་རྒྱ་མཚོའི་འགྲམ་ལ་ཕྲུ་གུ་ཚོས་བྱེ་མའི་མཁར་རྫོང་བརྒྱབ་པ་དང་། སྤྲོ་འཆམ་བྱེད་ཡུལ་མཚོ་གླིང་ཡིད་དུ་འོང་བ་ཞིག་ཆགས་ཡོད།

གལ་ཏེ་ཆུ་རྡེའུ་ཆུང་ཆུང་ཞིག་གིས་ཁྱེད་ལ་གནས་ཚུལ་དེ་ཙམ་བརྗོད་ཀྱི་ཡོད་ན། ང་ཚོའི་གཡས་གཡོན་ལ་མཐོང་ཆོས་སུ་ཡོད་པའི་རི་དང་བྲག་རྡོ་སོགས་ལས་དེ་ལས་མང་བའི་གནས་ཚུལ་ག་ཚོད་ཤེས་ཐུབ་བམ།

༌༌༌༌༌༌༌༌༌༌༌༌༌༌༌༌༌༌མུ་འགོད།

འབྲེལ་ཡོད་གསར་འགྱུར།

From left 1. BTSM women members, 2. Shri Rupesh Kumar, National Central Executive Member of Rashtriya Swayamsevak Sangh (RSS), 3. Shri Lt. Gen. R.K. Sharma (Retd.), 4. Shri Indresh Kumar, Patron of BTSM, 5. Thupten lungrig, Former Cabinet Minister, 6. Shri Pankaj Goyal, National Organisational Secretary, BTSM, 7. Shri Sanjeev Manmotra, BTSM Jammu.
Mobile App

ལུས་སེམས་གཉིས་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་མུ་མཐུད་བྱ་རྒྱུ་ཡིན།

ཆུ་ཚོད་ ༡༠ སྔོན་ལ།
དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་ཡིན་པའི་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས། རྒྱ་གར་གསར་ལམ་ཁག་གི་པར།
Mobile App

དགེ་འདུན་པ་ཞིག་དམར་གསོད་བཏང་བའི་དོགས་ཡོད་ཉེས་ཅན་ལྔ་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༡༢ སྔོན་ལ།
བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

༢༠༢༦/༠༥/༠༥
This photograph taken during a government-organized media tour shows a young boy standing near his house in Damxung county, in China’s Tibet Autonomous Region, in June 2021. (Photo: Hector Retamal/AFP)
Mobile App

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་། 

༢༠༢༦/༠༥/༠༥
Tibetans in Nepal Advised not to Hold March 10 Rallies
Mobile App

ཨ་རིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ལྟ་རྟོག་དགོས་པའི་སྐུལ་མ་བྱས།

༢༠༢༦/༠༥/༠༥
ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤
༸གོང་ས་མཆོག གསར་འགྱུར།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

༢༠༢༦/༠༥/༠༤

མཆན། 6

  1. ཚེ་རིང་རྡོ་རྗེ says:
    ལོ་ 14 སྔོན།

    འགྱུར་ལེགས་པོ་འདུག ཁ་བྲོ་བཀྲ་ཤིས།

    Reply
  2. སྨྲ་བརྗོད་རང་དབང་། says:
    ལོ་ 14 སྔོན།

    སྔོན་མ་ལྷག་བསམ་བརྩེགས་པ་ཞིག་སྟེང་འདི་ཚར་གཉིས་གསུམ་ཞིག་ལ་བཀླགས་པ་ཡིན། རྩོམ་ཉམས་དང་ཡིད་འགྱུ་སྤྲོད་སྟངས་སོགས་ཀྱིས་ངའི་ཡིད་སེམས་དབང་མེད་དུ་དྲང་སོང་། བསྒྱུར་མཁན་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུས་དང་། ད་དུང་ཐེ་གོར་དང་འོ་ཞོ་སོགས་ཀྱི་ཁྱད་འཕགས་པའི་རྩོམ་གཤིས་དང་། གཏིང་ཟབ་པའི་བསམ་བློའི་རིན་ཐང་སོགས་གང་མང་ཞིག་ཡོད་པས། སྐུ་ཉིད་ཀྱིས་རྩོམ་བསྒྱུར་གང་མང་ཞིག་གིས་རང་རེེས་སྤྱི་ཚོགས་འདིར་ཤེས་ཡོན་གྱི་མཁའ་དབུག་བརྟན་པོ་ཞིག་གི་རྨིང་གཞི་གཏོང་བར་འབད་རོགས་ཞུས་པ་ཡིན།

    Reply
  3. ནད་པ says:
    ལོ་ 14 སྔོན།

    ནོར་བསམ་ལགས་ཀྱིས་ཧ་ཅང་ཡག་པོ་བསྒྱུར་ཡོད་པའི་ཚོར་སྣང་ཞིག་བྱུང་། ངས་དཔེ་དེབ་འདི་ད་བར་རྩ་བ་ནས་བཀླགས་མ་མྱོང་བས་ཁ་སང་ཐེངས་གཅིག་བལྟས་པས་ཡིད་དབང་རབ་ཏུ་འཕྲོག་བྱུང་།

    ད་རིང་ཡང་བསྐྱར་ཐེངས་མནོ་བསམ་གཏོང་གིན་གཏོང་གིན་བཀླགས་པ་ཡིན་པས་དཔེ་མི་སྲིད་པའི་ཚིག་དོན་སྙན་འཇེབས་ལྡན་པ་དང་། དོན་སྙིང་ཧ་ཅང་ཆེ་བ། གོ་དོན་ཐད་ཀར་རྟོགས་སླ་བ། ནང་དོན་ལ་བསམ་བློ་བཏང་ན་དེ་བས་རྡེའུ་འཇམ་པོ། འོད་ཚིལ་ཚིལ་ཅན་སོགས་ཡོད་ལ་ལྷང་ངེར་འཆར་བ་སོགས་ཀྱིས་རང་བྱུང་ཁམས་ཀྱི་སྤྱི་ཚོགས་ཀྱི་ཆོས་ཉིད་ངོ་མ་དང་། དེའི་འགྱུར་རིམ་ཆ་ཚང་བ་ཞིག་ངེས་ཤེས་ཐུབ་པའི་གོ་དོན་ཟབ་མོ་ངོ་སྤྲོད་བྱས་པ་དེ་རེད།

    ངས་རྩོམ་ཡིག་འདི་བཀླགས་རྗེས་ད་དུང་ང་ཚོའི་བོད་རིགས་ན་ཆུང་བྱིས་པ་ཚོས་ཀྱང་ཆུང་ཆུང་བྱིས་དུས་ནས་བཟུང་མི་རྒན་ཞིག་མ་ཆགས་ཀྱི་བར་དུ་བོད་བརྒྱུད་ནང་བསྟན་གྱི་རྩ་ཆེའི་ལོ་རྒྱུས་དང་། རིག་གཞུང་། སྤྱི་ཚོགས། དེ་བས་ཚན་རིག་ལས་རང་བྱུང་ཁམས་ཀྱི་སྐྱེ་དངོས་དང་། རྩི་ཤིང་། འཕེལ་འགྱུར་རིག་པ་ལ་སོགས་པའི་གནས་ལུགས་མང་དག་གཅིག་ཕ་མ་དང་། དགེ་རྒན། གྲོགས་པོ་ཚང་མས་ཤུགས་བརྒྱབ་ཏེ་མ་འོངས་པའི་མི་རབས་ཚོར་འདི་ལྟ་བུའི་བསླབ་གསོ་ཞག་སྤྲོད་ཐུབ་བམ།

    ད་གཟོད་སྤྲོད་ཐུབ་ཚེ་ཆེས་དོན་དངོས་ཐོག་མི་ཚེའི་རིན་ཐང་དེ་བས་ཇི་འདྲའི་མཛེས་སྡུག་ལྡན་པ་ཞིག་ཇི་ལྟར་མི་ཡོང་ངམ་གྲོགས་པོ་ཚོ།

    ད་དུང་ངས་རེ་བ་ཞིག་ཡོད་པ་དེ་ཁྱེད་ཀྱིས་མུ་མཐུད་འདི་ལྟར་ཡིག་བསྒྱུར་གནང་བའི་རེ་བ་དེབ་འདི་བོད་མི་་རིགས་ཀྱི་སྐད་ཡིག་ནང་ཕབ་བསྒྱུར་ཚད་ལྡན་ཆ་ཚང་བ་ཞིག་ཐུབ་ཚེ་ད་གཟོད་དཔེ་དེབ་དཔར་སྐྲུན་ཡོང་ཐུབ་པའི་རེ་བ་ཡོད།

    དཔེ་སྐྲུན་ཐོག་མཐུན་འགྱུར་རོགས་རམ་དགོས་གལ་མཆིས་ཚེ་གང་ཐུབ་ཀྱིས་ཐབས་འཚོལ་རོགས་འདེབས་ངེས་པར་ཞུ་ངེས་ཡིན། ཐུགས་རྗེ་ཆེ།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    < Letters from a Father to His Daughter>རང་གི་བུ་མོར་སྤྲིངས་པའི་ཕ་ཡི་གེ

    འདི་བཞིན།

    ༼རྒྱ་གར་གྱི་སྲིད་བློན་དང་པོ་ཇོ་ཧ་ལ་ནེ་རུས་རང་གི་བུ་མོ་རྒྱ་གར་གྱི་བུད་མེད་སྲིད་བློན་དང་པོ་ཨིན་དྷ་ར་གྷན་དྷིར་སྤྲིངས་པའི་འཕྲིན།༽
    ཇོ་ཝ་ཧ་ལ་ནེ་རུས་བརྩམས། ནོར་བསམ་གྱིས་བསྒྱུར་པ་རྗེས་སུ་ཡི་རང་ཡོད།

    Reply
  5. བློ་རབ། says:
    ལོ་ 14 སྔོན།

    དཔེ་དེབ་དེ་ཀློག་མ་མྱོང་མོད། རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་མཆོག་གིས་དཔྱད་མཆན་ནང་ངོ་སྤྲོད་གནང་བ་ལྟར་ན་ཇི་འདྲའི་རྩ་ཆེན་པོ་ཞིག་ཡིན་ནམ་སྙམ་པའི་ཚོར་བ་བྱུང་སོང་ལ། དབྱིན་ཡིག་ཐར་ཐོར་ཅིག་ལས་མི་ཤེས་མོད། སྲིད་བློན་ནེ་རོ་མཆོག་གིས་ཁོང་གི་བུ་མོ་ལོ་ ༡༠ ་ཅན་ཞིག་ལ་བྲིས་པ་ཡིན་དུས་ང་རང་གིས་ཀྱང་ཀློག་ཐུབ་གི་རེད་བསམ་པའི་སྤོབས་པ་སྐྱེས་སོང་བས་གང་མགྱོགས་ཐབས་ཤེས་ཤིག་མི་འཐེན་ག་མེད་ཆགས་སོང་། མ་འོངས་པར་ནོར་བསམ་ལགས་ཀྱིས་གང་མགྱོགས་བོད་ཡིག་ནང་བསྒྱུར་ཏེ་བོད་རང་གི་སྐད་ཡིག་ནང་ཀློག་ཐུབ་པར་རེ་བསྒུག་བྱ་རྒྱུ་ཡིན།

    Reply
  6. དོན་འགྲུབ་བཀྲ་ཤིས། says:
    ལོ་ 14 སྔོན།

    འདི་ལ་འཕྲིན་ཡིག་མང་པོ་ཞིག་ཡོད། དེ་དག་ཧ་ཅང་གི་སྣང་བར་འགྲོ་བོ་རྐྱང་རྐྱང་ཡིན། དཔར་གཟུགས་ཁ་ཤས་ཤིག་ཡོད་རབས་ཐོས་ཀྱང་། ངས་བཀླགས་པ་དེ་འཕྲིན་ཡིག་རྣམས་ཕྱོགས་བསྒྲིགས་བྱས་ཏེ་བྱང་ཚད་ཆེ་གྲས་ཀྱི་ཤོག་ངོས་ ༦༠ ཡས་མས་ཡོད་པའི་< Letters from a Father to His Daughter>ཟེར་བའི་དེབ་གཟུགས་ཤིག་རེད། སྔོན་མ་སློབ་གྲྭར་ལྟ་ཀློག་གི་ཞོར་ནས་དེབ་དེ་གང་ལ་གང་འཚམ་ཞིག་བོད་ཡིག་ཐོག་བསྒྱུར་ཁུལ་བྱས་པ་ཡིན། དགེ་རྒན་ཞིག་གིས་མུ་མཐུད་དུ་ཆ་ཚང་བ་བསྒྱུར་ཐབས་བྱོས་དང་། ངས་ཁྱོད་ལ་ཞུ་དག་གི་རོགས་རམ་བྱེད་ཆོག་གསུངས་སོང་། འོན་ཀྱང་སློབ་གྲྭ་ཐོན་རྗེས་ལས་བྲེལ་དང་ལེ་ལོའི་དབང་གིས་མཐའ་འཁྱོལ་ཐུབ་མ་སོང་། བསྒྱུར་འཕྲོས་དེ་འདོར་མ་ཐུབ་པར་ད་ལྟའང་ཉར་ནས་བསྡད་ཡོད།
    ཨ་ཕས་བུ་མོར་ཡི་གེ་ཐོག་མ་སྤྲིངས་སྐབས་ཕྱི་ལོ་ ༡༩༢༨ ལོ་རེད། སྐབས་དེར་ཨིན་དྷ་ར་གྷན་དྷི་ལོ་ན་ཧ་ཅང་ཆུང་ཆུང་རེད། རང་ལོ་ ༡༠ ཡིན་བསམ་སོང་། ཇོ་ཧ་ལ་ནེ་རའུ་ཡིས་ཧ་ཅང་གཏིང་ཟབ་ཅིང་རྒྱ་ཆེའི་བའི་རིག་ཚན་ཞིག རང་གི་བུ་མོ་ཆུང་ཆུང་དེར་ཁ་གསལ་ལ་གོ་བདེ་བ། བྱིས་པའི་བློ་ངོར་འཆར་སླ་ཞིང་ཉར་བདེ་བའི་ལམ་ནས་འགྲེལ་བཤད་བསྐྱོན་ཡོད། ནཱེ་རུ་མཆོག་གིས་རང་གི་བུ་མོ་ལོ་ ༡༠ ནས་ ༡༣ ལ་སོན་པའི་བར་ཡི་གེ་སྔ་ཕྱི་ ༣༠ ཙམ་བཏང་སྟེ། རང་བྱུང་ས་ཁམས་དང་སྐྱེས་དངོས། སྤྱི་ཚོགས་འཕེལ་འགྱུར་ (Natural history and the story of civilization)སྐོར་སློབ་སྟོན་གནང་ཡོད། ༼ཡི་གེ་ཚང་མ་ ༡༩༢༨ ལོར་བཏང་ཞིང་ ༡༩༢༩ ལོར་དེབ་གཟུགས་སུ་དཔར་སྐྲུན་བྱས་ཟེར་སྲོལ་ཡང་ཡོད།༽
    དཔེ་དེབ་འདི་བོད་ཕྱི་ནང་གང་རུང་ཞིག་ཏུ་གཞན་ཞིག་གིས་ཀྱང་བོད་ཡིག་ཐོག་བསྒྱུར་ཡོད་རབས་ཤིག་ཐོས་མོད། ད་བར་ཀློག་རྒྱུ་མ་བྱུང་ལ། ལོ་འགའི་གོང་ངའི་གྲོགས་པོ་ཞིག་གིས་ཀྱང་དེབ་འདི་བོད་བསྒྱུར་ཞུ་བཞིན་ཡོད་ཟེར་ཡང་ད་བར་མཐོང་ཐོས་མི་འདུག དེབ་འདིའི་ནང་རང་བྱུང་ཁམས་ཆེན་པོའི་ཀྱག་ཀྱོག་གི་ལོ་རྒྱུས་འཕེལ་འགྱུར་ཡིད་གཟུགས་སུ་འདྲེན་ཐུབ་པའི་སྣང་བརྙན་བྲིས་རིས་དང་། འདས་པའི་ལོ་ངོ་ཁྲ་ཕྲག་གི་ལོ་རྒྱུས་སྦྲུམ་པའི་འགྱུར་རྡོ་གསོན་ཉམས་ལྡན་པའི་པར་རིས་མང་པོ་ཞིག་བཅས་ཡོད་པས། དེ་དག་ཀྱང་འདིར་མཉམ་སྦྱར་གྱིས་འགོད་ཐུབ་ན་ཀློག་པ་པོ་དག་གི་ཡིད་ཀྱི་དང་བ་འདྲེན་པར་གདོན་མི་ཟའོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese