མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་རཱ་སློབ་གྲྭར་རྒྱལ་ཁབ་ ༡༦ ནས་སློབ་མ་ ༢༥ ཙམ་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༨/༢༤
Share on FacebookShare on TwitterShare on EmailShare on Whatsapp


དེང་སྐབས་བོད་ཀྱི་རིག་གཞུང་ལྟེ་གནས་ཁག་ཏུ་བོད་ཡིག་དང་བོད་སྐད། བོད་ཀྱི་རིག་གཞུང་ལ་སློབ་གཉེར་བྱེད་མཁན་ཕྱི་རྒྱལ་བ་མང་དུ་འགྲོ་བཞིན་ཡོད་ཅིང་། ས་རཱ་མཐོ་སློབ་ནི་རིག་གཞུང་ལྟེ་གནས་དེ་དག་ཁྲོད་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད་སྟབས། འདི་གའི་གསར་འགོད་པས་ས་རཱ་མཐོ་སློབ་ནང་གི་ཕྱི་གླིང་བའི་སློབ་གཉེར་བའི་སྐོར་ལ་རྒྱུས་ལོན་བྱས་ཡོད།



    ཕྱི་ཚེས་ ༧ ཉིན་གསར་འགོད་པ་ཆེད་དུ་ས་རཱ་མཐོ་སློབ་ཏུ་ཕྱིན་ཏེ། ས་རཱ་མཐོ་སློབ་ཀྱི་གནས་ཚུལ་སྤྱི་དང་བྱེ་བྲག་ཏུ་ཕྱི་རྒྱལ་བའི་སློབ་གཉེར་བ་ཚོའི་སྐོར་ལ་རྒྱུས་ལོན་བྱས་ཡོད། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནི་རྒན་དམ་པ་བློ་བཟང་རྒྱལ་མཚོ་མཆོག་གི་གཙོ་འགན་འོག་ ༡༩༩༨ ལོར་གསར་རྒྱག་མགོ་བཙུགས་ཡོད་ཅིང་། ད་ཆར་སློབ་གཉེར་ཁང་འདིར་རིག་གནས་རབ་འབྱམས་པ་དང་། མཚམས་སྦྱོར། ཟུར་སྦྱོང་། ནང་དོན་རིག་པ། ཕྱི་རྒྱལ་སློབ་ཕྲུག་བཅས་སྡེ་ཁག་ ༥ ཡོད་ཅིང་། ཤེས་རིག་ལྷན་ཁང་དང་མཉམ་འབྲེལ་ཐོག་དགེ་རྒན་འོས་སྦྱོང་གི་ལས་གཞི་ཞིག་ཀྱང་སྐབས་ཐོག་སོ་སོར་སྤེལ་གྱི་ཡོད་འདུག ད་ལྟ་སློབ་མ་ ༣༠༠ ལྷག་ཡོད་འདུག



    རིག་གནས་རབ་འབྱམས་པར་ལོ་ལྟར་ཚུད་རྒྱུགས་ཀྱི་ལམ་ནས་སློབ་མ་ ༢༥ ནས་ ༣༠ བར་བསྡུ་བཞིན་ཡོད་ཅིང་། དེའི་ཁོངས་སུ་བོད་ནས་ཡོང་མཁན་དང་བཙན་བྱོལ་དུ་སྐྱེས་པ། ཧི་མ་ལ་ཡའི་རི་རྒྱུད་སོགས་གང་ནས་སུ་ཡིན་ཡང་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་ཚུད་རྒྱུགས་བརྒྱུད་འདེམས་སྒྲུག་བྱེད་ཀྱི་ཡོད་ཅིང་། དུས་ཡུན་ལོ་ ༣ རིང་གི་སློབ་མཐར་ཕྱིན་མཁན་རྣམས་ལ་རིག་གནས་རབ་འབྱམས་པའི་ (BA) ལག་འཁྱེར་སྤྲོད་བཞོན་ཡོད། མཚམས་སྦྱོར་འཛིན་གྲྭ་ནི། གཞི་རིམ་འཛིན་གྲྭ་ ༡༢ ཐོན་མཁན་ཚོར་ལོ་གཅིག་རིང་བོད་ཡིག་གི་རྨང་གཞི་གཏན་པོ་གཏོང་ཆེད་བཙུགས་པ་ཞིག་དང་། མཚམས་སྦྱོར་འཛིན་གྲྭར་ཞུགས་མཁན་ཕལ་ཆེ་བས་རིག་གནས་རབ་འབྱམས་པའི་ཚུད་རྒྱུགས་ལ་དམིགས་ཏེ་ཡོང་གི་ཡོད་འདུག ཟུར་སྦྱོང་འཛིན་གྲྭའི་ནང་བོད་དང་རྒྱལ་ཁབ་གཞན་དག་གི་མི་སུ་ཡིན་ཡང་སློབ་ཞུགས་བྱ་ཆོག་པ་དང་།  དེ་ནི་བོད་ཡིག་འབྲུ་ཀློག་ཤེས་མཁན་ཚོར་ཟུར་ནས་བོད་ཡིག་སློབ་སྦྱོང་གི་གོ་སྐབས་བསྐྲུན་པའི་འཛིན་གྲྭ་ཞིག་དང་། འཛིན་གྲྭ་འདི་ལ་ཞུགས་མཁན་མང་པོ་ཞིག་རྒྱ་གར་མཐོ་སློབ་ཁག་ནས་ཐོན་པའི་བོད་རིགས་ན་གཞོན་ཚོ་ཡིན་འདུག ནང་དོན་རིག་པའི་སློབ་མ་ལོ་ ༣ རེའི་ནང་ཐེངས་རེ་བསྡུས་ཏེ། ས་རཱ་ནས་ལོ་གང་འཚམ་སློབ་སྦྱོང་སྤྲད་དེ་རིམ་བཞིན་རིག་ལམ་སློབ་གཉེར་ཁང་དུ་གཏོང་གི་ཡོད་པ་དང་། ཁོང་ཚོའི་སློབ་སྦྱོང་གི་དུས་ཡུན་ལོ་ ༡༦ ཐོན་རྗེས་རིས་མེད་དགེ་བཤེས་ཀྱི་ལག་འཁྱེར་སྤྲོད་བཞིན་ཡོད་འདུག



ཕྱི་རྒྱལ་སློབ་ཕྲུག་གི་འཛིན་གྲྭ་འདི་ ༢༠༠༥ ལོ་ནས་མགོ་བཙུགས་པ་དང་། འཛིན་གྲྭ་འདི་གཙོ་བོ་བོད་སྐད་བོད་ཡིག་སྦྱང་འདོད་ཡོད་པའི་ཕྱི་རྒྱལ་མི་རིགས་ཚོའི་ཆེད་དུ་གསར་འཛུགས་བྱས་པ་ཞིག་དང་། འཛིན་གྲྭ་འདི་མགོ་བཙུགས་པ་ནས་ཨེ་ཤ་ཡ་དང་ཡུ་རོབ། ཨ་རི། ལྷོ་ཨ་ཧྥི་རི་ཀ་སོགས་ཀྱི་རྒྱལ་ཁབ་ ༡༧ ཙམ་ནས་སློབ་གཉེར་པ་ ༢༦༠ ཙམ་སློབ་ཐོན་བྱུང་ཡོད་འདུག་ལ། ད་ལྟ་རྒྱལ་ཁབ་ཁག་ ༡༦ ནས་སློབ་གཉེར་པ་ ༢༥ ཙམ་གྱིས་སློབ་གཉེར་བྱེད་མུས་རེད། གཞན་ཕྱི་རྒྱལ་ཁག་ནས་ཕེབས་པའི་བོད་རིགས་སློབ་ཕྲུག་བོད་ཡིག་གི་རྨང་གཞི་མེད་མཁན་དག་ཀྱང་འཛིན་གྲྭ་འདིར་ཞུགས་འདུག འཛིན་གྲྭ་འདིའི་ནང་ཞུགས་མཁན་ཚོ་ཉུང་མཐར་ཟླ་ ༣ ནས་ལོ་གཉིས་པར་བོད་སྐད་བོད་ཡིག་སློབ་སྦྱོང་གི་གོ་སྐབས་ཡོད་འདུག རྒན་སྤེན་པ་ཚེ་རིང་ལགས་ཀྱིས་ “ཕྱི་རྒྱལ་ཁག་ནས་བོད་ཡིག་སྦྱང་གི་ཡོང་མཁན་བོད་རིགས་ཚོར་དམིགས་བསལ་ཡོད་པ་རེད་ལ། བོད་པ་མིན་ཡང་རྒྱ་བལ་འབྲུག་གསུམ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་གཉེར་བ་ཚོར་སློབ་ཡོན་གྱི་ཐད་ནས་ཕྱི་རྒྱལ་བ་ལས་བརྒྱ་ཆ་ ༢༥ གཅོག་གི་ཡོད་པ་རེད་”ཟེར།



    ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་རྒན་འཇམ་དཔལ་གྲགས་པ་ལགས་ཀྱིས་ཕྱི་རྒྱལ་བ་འཛུལ་ཞུགས་ཆོག་པའི་འཛིན་གྲྭ་འདི་ཐོག་མར་འཛུགས་དགོས་པའི་རྒྱུ་མཚན་ངོ་སྤྲོད་གནང་པ་ལྟར་ན། ཐེངས་ཤིག་སོག་པོའི་མཐོ་སློབ་དགེ་རྒན་ཁག་ཅིག་ལ་བོད་ཡིག་བསླབས་པ་དང་། ཀོ་རེ་ཡ་ཁག་ཅིག་ལ་བོད་ཡིག་སློབ་སྦྱོང་གི་གོ་སྐབས་སྤྲད་པ། གཞན་ཕྱི་རྒྱལ་བ་ཁག་ཅིག་གིས་བོད་ཡིག་སློབ་སྦྱོང་གི་གོ་སྐབས་སྤྲོད་རྒྱུར་རེ་སྐུལ་བྱུང་བ་བཅས་ལ་བརྟེན་མགོ་འཛུགས་བྱས་པ་ཞིག་ཡིན་འདུག ཁོང་གིས་ “ཕྱི་རྒྱལ་བ་ཁག་ཅིག་འདིར་ཡོང་སྟེ། ང་ཚོར་བོད་སྐད་བོད་ཡིག་སྦྱོང་རྒྱུར་འདོད་མོས་ཆེན་པོ་ཡོད་ཀྱང་། སློབ་སྦྱོང་བྱེད་ས་ཡག་པོ་རག་གི་མི་འདུག མཐོ་སློབ་འདི་ནས་ང་ཚོར་བོད་སྐད་བོད་ཡིག་སློབ་སྦྱོང་གི་གོ་སྐབས་ཤིག་སྤྲོད་རོགས་ཞེས་མིག་ཆུ་བཏང་སྟེ་བཤད་བྱུང་། དེར་བརྟེན་བོད་སྐད་བོད་ཡིག་ལ་སློབ་སྦྱོང་བྱ་འདོད་ཡོད་པ་དང་། ལྷག་པར་དུ་མང་པོ་ཞིག་གིས་བོད་སྐད་བོད་ཡིག་སྦྱོང་པ་དེ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་སློབ་གཉེར་བྱ་ཆེད་ཡིན་སྟབས་འཛིན་གྲྭ་འདི་མགོ་འཛུགས་བྱས་པ་ཡིན་”ཟེར།



    ཕྱི་རྒྱལ་སློབ་ཕྲུག་ཚོར་སློབ་ཁྲིད་གནང་མཁན་དགེ་བཤེས་སྤེན་པ་ཚེ་རིང་མཆོག་གིས་ཁོ་ཚོའི་སློབ་སྦྱོང་གི་དམིགས་ཡུལ་གང་འདྲ་ཁྱེར་ཏེ་བོད་སྐད་བོད་ཡིག་སློབ་ཀྱི་ཡོད་པའི་སྐོར་གསུངས་པ་ལྟར་ན། ཝེ་ཊི་ནམ་དང་ཐའེ་ཝན། སེང་གྷ་པོར། ཀོ་རི་ཡ་སོགས་ནས་ཡོང་མཁན་ཕལ་ཆེ་བ་གྲྭ་བཙུན་དང་། ཁོང་ཚོ་བོད་ཡིག་འཛིན་གྲྭ་མཐར་ཕྱིན་པ་བྱས་ཏེ་བོད་པའི་དགོན་སྡེ་ཁག་ཏུ་ནང་ཆོས་སློབ་སྦྱོང་བྱ་བར་འགྲོ་པ་དང་། སོག་རིགས་མང་པོ་ཞིག་གིས་བོད་སྐད་བོད་ཡིག་ལ་སློབ་སྦྱོང་བྱས་ཏེ་བོད་སྨན་སྦྱང་གི་ཡོད་པ།  དེ་མིན་ནུབ་ཕྱོགས་ནས་ཡོང་མཁན་ཕལ་ཆེ་བ་ཞིག་བོད་དོན་ཉམས་ཞིབ་ཆེད་བོད་སྐད་བོད་ཡིག་སྦྱངས་ཏེ། བོད་དུ་འགྲོ་མཁན་དང་ཆོས་ཚོགས་ཁག་ལ་འགྲོ་མཁན་སོགས་སྣ་ཚོགས་ཤིག་ཡོད་པ་མ་ཟད། འཛིན་གྲྭ་འདིར་ཞུགས་མཁན་ཁག་ཅིག་ཡིག་སྒྱུར་ཆེད་བོད་ཡིག་སྦྱོང་གི་ཡོད་པ་དེ་འདྲ་ཡང་ཡོད་འདུག



རྒྱ་གར་གྲོང་ཁྱེར་མུམ་བྷའེ་(Mumbai) ནས་ཡིན་པ་ཀཱ་ཝེ་ཊ་(Kavita) ཡིས། ལོ་འགའི་གོང་ནས་ཁོ་མོས་རྒྱ་གར་གྱི་གནའ་བའི་སྒྱུ་རྩལ་རིག་གནས་སྐོར་ལ་ཉམས་ཞིབ་བྱས་མྱོང་ཞིང་། སྐབས་དེར་ཧིན་རྡི་དང་ནང་པ་སོགས་རྒྱ་གར་གྱི་ཆོས་ལུགས་གྲུབ་མཐའ་ཁག་ལ་ལྟ་ཀློག་བྱས་པ་ནས་ནང་ཆོས་ལ་དོ་སྣང་ཆེན་པོ་བྱུང་ཡོད་པ་དང་། དེ་བཞིན་མོ་རང་རྒྱ་གར་བྱང་ཤར་ལ་དྭགས་ཁུལ་དུ་ཐེངས་མང་ཕྱིན་རྗེས། བོད་པའི་རིག་གཞུང་ནི་གཅིག་ནས་ནང་ཆོས་དང་། གཉིས་ནས་གོང་གི་ས་ཁུལ་དེ་དག་གི་རིག་གཞུང་དང་འབྲེལ་བ་དམ་ཟབ་ཡོད་པ་ཤེས་རྟོགས་བྱུང་རྗེས། རང་ཉིད་ལ་བོད་སྐད་བོད་ཡིག་སྦྱང་འདོད་ཆེན་པོ་བྱུང་སོང་ཟེར་ལ། བྱུང་ན་ལོ་གཅིག་གཉིས་རིང་མུ་མཐུད་སློབ་སྦྱོང་བྱ་འདོད་ཡོད་ཚུལ་བརྗོད་བྱུང་།



 

 

ཨ་ཪི་ནས་ཡིན་པ་ཨགྷ་ནེ་སི་(Agnes) ཡིས། “ ངས་ཨ་རིའི་མཐོ་སློབ་ཅིག་ཏུ་སློབ་སྦྱོང་བྱེད་བཞིན་པ་དང་། མཐོ་སློབ་ཀྱི་ཉམས་ཞིབ་བརྗོད་གཞི་རྒྱལ་སྤྱིའི་འབྲེལ་ལམ་དང་བྱེ་བྲག་བོད་རིག་པའི་སྐོར་ཡིན་སྟབས། བོད་ཀྱི་ཁོར་ཡུག་དང་རིག་གཞུང་། ཆབ་སྲིད། ལོ་རྒྱུས་སོགས་ཁྱོན་ཡོངས་ལ་ཤེས་རྟོགས་བྱ་ཆེད་དབྱིན་ཡིག་ནང་ཡོད་པ་ཙམ་མ་ཡིན་པར། བོད་སྐད་བོད་ཡིག་ལ་སློབ་སྦྱོང་གིས་གནས་ཚུལ་གཏིང་ཟབ་ས་ནས་རྒྱུས་ལོན་བྱ་འདོད་པ་དེ་ཡིན་”ཟེར།

 

 

 

    ཨ་རིར་གནས་སྡོད་བྱེད་མཁན་སྡོམ་པ་ཚང་ཚེ་རིང་དབང་མོ་ལགས་ཀྱང་འཛིན་གྲྭ་དེའི་ནང་བོད་ཡིག་སྦྱང་གི་ཡོད་ཅིང་། ཁོ་མོས་ད་ལྟ་ནུབ་ཕྱོགས་རྩོམ་རིག་སྟེང་འབུམ་རམས་པ་(Ph.D)འདོན་གྱི་ཡོད་འདུག ཁོ་མོས་ “རང་ཉིད་ཆུང་དུས་ནས་དབྱིན་ཡིག་སློབ་གྲྭར་ཕྱིན་ཏེ་བོད་ཡིག་སྦྱང་པའི་གོ་སྐབས་མ་རག་པ་དང་། དེང་སྐབས་བོད་ནང་གཙོ་བོར་གྱུར་པའི་བོད་ཡིག་ནང་བྲིས་པའི་སྙན་ངག་དང་རྩོམ་ཡིག་ཀློག་འདོད་ཆེན་པོ་ཡོད་ཀྱང་། མི་གཞན་ཞིག་གིས་དབྱིན་ཡིག་ནང་བསྒྱུར་རྒྱུར་སྒུག་བསྡད་དགོས་སྟབས། དེ་ལས་སོ་སོས་ཆུ་ཚོད་བཏོན་ཏེ་བོད་ཡིག་གང་ཐུབ་ཀྱིས་སྦྱང་པ་ཡིན་ན་ཡག་གི་རེད་སྙམ་སྟེ་འདིར་ཡོང་བ་ཡིན”ཟེར།



ཝེ་ཊི་ནམ་ནས་ཡིན་པ་གྲྭ་བློ་བཟང་བསྟན་འཛིན་ལགས་ཀྱིས་བརྗོད་པ་ལྟར་ན། ཁོ་བོ་ཝེ་ཊི་ནམ་དུ་ཡོད་སྐབས་བོད་སྐད་བོད་ཡིག་ཅུང་ཙམ་སྦྱངས་མྱོང་ཡོད་པ་དང་། བོད་ཡིག་སྦྱངས་པའི་དམིགས་ཡུལ་ནི་ནང་པའི་གཞུང་ལུགས་ལ་སློབ་གཉེར་བྱ་ཆེད་དང་། ས་རཱ་ནས་ལོ་གཉིས་གསུམ་ཙམ་རིང་བོད་སྐད་བོད་ཡིག་ལ་སློབ་སྦྱོང་བྱས་རྗེས། རྒྱ་གར་ལྷོ་ཕྱོགས་བརྒྱུད་མེད་གྲྭ་ཚང་དུ་ནང་ཆོས་ལ་སློབ་གཉེར་གང་འཚམ་བྱས་རྗེས་ཝེ་ཊི་ནམ་ལ་ལོག་རྒྱུ་ཡིན་ཟེར།



    ཡང་ཨ་རིའི་ནེའུ་ཡོག་ནས་ཡིན་པ་ཚེ་རིང་སྒྲོལ་མ་ལགས་ཀྱིས་ “ང་ཨ་རི་ནས་མཐོ་སློབ་ཐོན་ཏེ་ལས་ཀ་བྱེད་ཀྱི་ཡོད། ད་ཆར་སོ་སོ་ལོ་ཡང་གང་འཚམ་ཆེན་པོ་ཆགས་ཡོང་གི་ཡོད་སྟབས། ཐེངས་འདིར་ལས་ཀ་ནས་དགོངས་པ་ཞུས་ཏེ་ཆེད་དུ་བོད་ཡིག་སྦྱོང་གི་ཡོང་པ་ཡིན། ད་ལྟ་བཟའ་ཟླ་དང་བུ་ཕྲུག་མེད་པའི་དུས་འདིར་བོད་ཡིག་ཅིག་སྦྱང་མ་ཐུབ་ཚེ། རྗེས་མ་གོ་སྐབས་རག་རྒྱུ་ཁག་པོ་རེད།”ཅེས་བརྗོད་བྱུང་།

    ས་རཱ་མཐོ་སློབ་ནང་ད་བར་འཛིན་གྲྭ་སོ་སོ་ནས་འཐོན་མཁན་གྲངས་ ༡༤༠༧ ཙམ་བྱུང་ཡོད་པའི་ཁྲོད། ཕྱི་རྒྱལ་གྱི་སློབ་ཕྲུག་ ༢༡༥ དང་། ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་སློབ་འཐོན་པ་ ༨༢ ། རིག་གནས་རབ་འབྱམས་པ་ ༢༥༨ ། མཚམས་སྦྱོར་འཛིན་གྲྭ་ ༢༥༠ ། ཟུར་སྦྱོང་འཛིན་གྲྭ་ ༣༥༠ ། དགེ་རྒན་འོས་སྦྱོང་བ་ ༢༥༢ བཅས་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

 

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

མཆན། 1

  1. ཚེ་རིང་བུ། says:
    ལོ་ 14 སྔོན།

    ཕྱི་རྒྱལ་གྱི་སློབ་ཕྲུག་མང་པོ་བོད་པའི་སློབ་གྲྭ་ཁག་ནང་འཛུལ་ཞུགས་བྱེད་བཅུག་ན་ཡག་པོ་འདུག་གམ། ང་ཚོ་རྒྱལ་ཁབ་རང་བཙན་ཡོད་མཁན་ཚོ་དང་འདྲ་གི་མ་རེད། རྒྱལ་ཁབ་རང་བཙན་ཡོད་མཁན་དག་ལ་མཚོན་ན། མཐོ་རིམ་སློབ་མ་འགྲོ་འོང་གི་ལམ་ཁ་ཡོད་པ་རེད། ཡིན་ནའང་ང་ཚོར་མཚོན་ན་འདི་ཡག་པོ་ཞིག་ལ་མཐོང་མ་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese