མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་དང་དབྱིན་ཇིའི་ལོ་རྒྱུས་རང་བཞིན་གྱི་ཛ་དྲག་འབྲེལ་འདྲིས།

བོད་ཀྱི་དུས་བབ།
༢༠༡༣/༠༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༡༨ ནས་ ༢༠ བར་ཉིན་གསུམ་རིང་དབྱིན་ཇིའི་སྲིད་བློན་ཌ་ཝེ་ཌི་ཡིས་སྣེ་འཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་རྒྱ་གར་ནང་འཚམ་གཟིགས་གནང་སྟེ། ཕྱོགས་གཉིས་ཀྱི་དཔལ་འབྱོར་འབྲེལ་ལམ་གྱི་ཞོར་དུ། ཇཱ་ལེན་ཝ་ལཱ་དམར་གསོད་དོན་རྐྱེན་བྱུང་ཡུལ་དུ་ཆེད་བཅར་མྱ་ངན་ཞུས་ཡོད་འདུག  

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་དབྱིན་ཇིའི་སྲིད་བློན་ཌ་ཝེ་ཌི་(David Cameron)མཆོག་གི་སྣེ་འཁྲིད་འོག བློན་ཆེན་གཞན་ ༤། གྲོས་ཚོགས་འཐུས་མི་ ༩། དེ་བཞིན་དབྱིན་ཡུལ་གྱི་ཁེ་ལས་དང་བཟོ་ལས། ཚོང་ལས་སྡེ་ཚན་སོགས་ཚན་པ་འདྲ་མིན་གྱི་འཐུས་མི་ ༡༤༠ ལྷག་ལས་གྲུབ་པའི་ཚོགས་ཆུང་ཞིག་རྒྱ་གར་ལ་ཉིན་ ༣ རིང་གི་འཚམ་གཟིགས་སུ་འབྱོར་ཡོད་ཅིང་། ཉིན་དང་པོར་རྒྱལ་གར་གྱི་མུམ་བྷའེ་(Mumbai) ནང་རྒྱ་གར་གྱི་ཚོང་ལས་སྡེ་ཚན་ཁག་གི་མི་སྣ་ཚོར་ཐུབ་འཕྲད་བརྒྱུད། དབྱིན་རྒྱ་གཉིས་ཀྱི་ཚོང་ལས་དཔལ་འབྱོར་མཉམ་ལས་ཤུགས་ཆེ་རུ་གཏོང་ཐབས་ཐོག་ལྷན་ཚོགས་གྲོས་བསྡུར་གནང་ཡོད་འདུག

མུམ་བྷའེ་ཡི་ལྷན་ཚོགས་སྐབས་ཌ་ཝེ་ཌི་ཡིས། ༢༠༡༠ ལོར་ཐོག་མར་ཁོང་རྒྱ་གར་ལ་ཡོང་སྐབས་ཕྱོགས་གཉིས་བར་ཨ་སྒོར་ཐེར་འབུམ་ ༡༢ དང་གྲངས་ཆུང་དྲུག་གི་ཚོང་འབྲེལ་མགོ་འཛུགས་བྱས་ཡོད་པ་དང་།  ༢༠༡༡ ནས་ ༢༠༡༢ བར་ཨ་སྒོར་ཐེར་འབུམ་ ༡༦ དང་གྲངས་ཆུང་གཉིས་བར་འཕེལ་ཐུབ་ཡོད་སྐོར། ད་ནས་འབྱུང་འགྱུར་ ༢༠༡༥ ལོའི་བར་ཕྱོགས་གཉིས་བར་གྱི་ཚོང་འབྲེལ་ཨ་སྒོར་ཐེར་འབུམ་ ༣༥ བསླེབ་ཐུབ་པའི་ལམ་བུ་ཞིག་ཏུ་སྐྱོད་བཞིན་ཡོད་པར་ཕན་ཚུན་ཕྱོགས་གཉིས་ཀས་མཉམ་ལས་ནུས་པ་གོང་མཐོར་གཏོང་དགོས་སྐོར་བརྗོད་ཡོད་འདུག   

ཕྱི་ཚེས་ ༡༩ ཉིན་ཌ་ཝེ་ཌི་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སེན་(Manmohan Singh) དང་སྲིད་འཛིན་མུ་ཀར་ཇེ་(Pranab Mukharjee) གཉིས་ལ་ཐུག་འཕྲད་གནང་རྗེས། སྲིད་བློན་རྣམ་གཉིས་ཀྱི་གསར་འགོད་ལྷན་ཚོགས་ཤིག་བསྐྱངས་པའི་ཐོག མན་མོ་ཧན་སེན་གྱིས་དེ་སྔོན་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ཡུ་རོབ་མཉམ་འབྲེལ་དྲག་ཆས་བཟོ་སྐྲུན་ཁང་(Agusta Westland) ནས། ཨ་སྒོར་ས་ཡ་ ༧༥༠ ཙམ་གྱི་རིན་གོང་ལྡན་པའི་དམག་འཐབ་གནམ་གྲུ་ (VVIP) རྟགས་ཅན་ ༡༢ ཉོ་འཆར་བྱས་ཡོད་པར་ལྐོག་རྔན་སྤྲད་པའི་ཉེས་མིང་འོག་རྒྱ་གར་ལ་བཙོང་རྒྱུ་ཕྱིར་འཐེན་བྱས་ཡོད་པ་མ་ཟད། མ་འོངས་པར་ལོ་ ༡༠ རིང་རྒྱ་གར་ལ་ཚོང་སྒྱུར་བྱ་རྒྱུ་མིན་པའི་ཉེན་བརྡ་བཏང་ཡོད་པ། གཞན་དབྱིན་ཡུལ་དུ་སློབ་གཉེར་ལ་འགྲོ་མཁན་རྒྱ་གར་གྱི་སློབ་ཕྲུག་ཚོའི་ཐོངས་མཆན་ཐད་དམ་དྲག་བྱེད་ཀྱི་ཡོད་པ་སོགས་ལ་དབྱིན་གཞུང་གིས་ལན་འདེབས་གསལ་བོ་དང་གུ་ཡངས་དགོས་སྐོར་གླེང་ཡོད་འདུག

ཌ་ཝེ་ཌི་ཡིས་དམག་འཐབ་གནམ་གྲུའི་གནད་དོན་ཐད་ཞིབ་འཇུག་གིས་གནས་ཚུལ་ཁ་གསལ་བཟོ་རྒྱུར་གཞུང་གིས་འགན་ལེན་བྱེད་ཆོག་པ། གལ་སྲིད་ཉེ་སྔོན་ཧྥ་རན་སིའི་ ༡༢༦ ཅན་གྱི་རཱ་ཧྥ་ལེ་(Rafale ) དམག་འཐབ་གནམ་གྲུ་ཉོ་རྒྱུའི་ལས་འཆར་ལ་བསྐྱར་ཞིབ་བྱས་ཚེ། དབྱིན་ཡུལ་དུ་བཟོ་སྐྲུན་བྱས་པའི་དམག་འཐབ་གནམ་གྲུ་ཉོ་ཚོང་གི་ལམ་ཁ་བཟང་པོ་ཞིག་འབུལ་འཆར་ཡོད་པའི་མཇུག་སྣོན་བྱས་ཡོད་ལ། དེ་ནི་ཉེ་ཆར་ཧྥ་རན་སིའི་སྲིད་འཛིན་རྒྱ་གར་དུ་ཡོང་སྐབས་ཕྱོགས་གཉིས་པར་དམག་འཐབ་གནམ་གྲུ་ཉོ་ཚོང་གི་ལས་དོན་འཆར་གཞི་ཞིག་བཟོས་ཡོད་པ་དེ། མཐའ་མའི་གཏན་འབེབས་ཐག་གཅོད་ད་དུང་བྱས་མེད་པ་དབྱིན་གཞུང་གིས་ཤེས་རྟོགས་བྱུང་ཡོད། མ་འོངས་པར་རྒྱ་གར་གྱི་སློབ་ཕྲུག་དང་ཆེད་མཁས་པ། ཚོང་པ་སོགས་དབྱིན་ཡུལ་དུ་མཐོང་མཆན་སྤྲོད་རྒྱུར་སྔར་བས་ལས་སླ་རུ་གཏོང་རྒྱུ་ཡིན་སྐོར་སོགས་བརྗོད་ཡོད།

ཐེངས་འདིར་ཌ་ཝེ་ཌི་ཡིས་རྒྱ་གར་ནང་དབྱིན་ཇིའི་ཁེ་ལས་སྡེ་ཚན་དང་དངུལ་ཁང་སོགས་ཀྱི་ཁྲོམ་ར་རྒྱ་སྐྱེད་དང་། གསར་འཛུགས་བྱ་རྒྱུར་རྒྱ་གར་གཞུང་གིས་ཕྱི་ཕྱོགས་སྒོ་འབྱེད་ཡོང་རྒྱུའི་སྐུལ་འདེད་བྱས་ཡོད་པར་མ་ཟད། རྒྱ་གར་ནི་ད་དུང་ལུགས་སྲོལ་རྙིང་པ་དང་ཁྲིམས་སྒྲིག་རྙིང་པའི་འགག་སྒོ་ལས་ཐར་མེད་པའི་ཐེར་ཚུལ་ཡང་བཤད་ཡོད་ཅིང་། རྒྱ་གར་གྱིས་འབྱུང་འགྱུར་ལོ་ ༥ ནང་ཨ་སྒོར་ཁྲག་ཁྲིག་ཆེན་པོ་ ༡ ($1 trillion) གི་འགྲོ་གྲོན་འོག་འཛུགས་སྐྲུན་ལས་འཆར་ཡོད་པ་ལས། ཌ་ཝེ་ཌི་ཡིས་ལས་གཞི་དེའི་གན་རྒྱ་གང་མང་ཞིག་དབྱིན་ཇིའི་འབྲེལ་ཡོད་སྡེ་ཚན་ཁག་ལ་རག་རྒྱུར་འབད་བརྩོན་བྱེད་ཀྱིན་ཡོད་འདུག

དེང་སྐབས་ཨ་རི་སོགས་ནུབ་ཕྱོགས་པ་དག་གིས་ཕྱོགས་ཡོངས་ནས་འབྱུང་འགྱུར་གྱི་ཆབ་སྲིད་ལམ་ལུགས་དང་དམག་དོན་འཐབ་ཇུས། ཚོང་ལས་དཔལ་འབྱོར་གྱི་ཁྲོམ་ར་བཅས་ཨེ་ཤ་ཡའི་ནང་ཁ་ཕྱོགས་ཀྱི་ཡོད་ལ། དེ་ནི་སྔོན་མའི་ནུབ་ཕྱོགས་པའི་བཙན་འཛུལ་ཕྱིར་ལོག་གི་དུས་སྐབས་ཤིག་སླེབ་བཞིན་ཡོད་སྟབས། རྒྱ་གར་ནི་ཁོ་ཚོའི་རྐང་པ་འཛུགས་ས་གལ་ཆེན་ཞིག་ཏུ་མཐོང་གི་ཡོད།

ཕྱི་ཚེས་ ༢༠ ཉིན་སྲིད་བློན་ཌ་ཝེ་ཌི་པན་འཇབ་མངའ་སྡེའི་གསེར་ལྡན་ལྷ་ཁང་(Golden Temple) དུ་ཕྱོགས་སྐྱོད་དང་འབྲེལ། ཡུལ་དེར་ ༡༩༡༩ ལོར་རྒྱ་གར་དབྱིན་གཞུང་བཅར་དམག་གིས་ཨམ་རེ་ཊི་སར་(Amritsar) ས་གནས་ཀྱི་ཇཱ་ལེན་ཝ་ལཱ་བྷཀ་(Jallianwala Bagh) དམར་གསོད་ཆེན་མོ་བྱུང་ཡུལ་དུ་ལྟ་སྐོར་གནང་སྟེ། དོན་རྐྱེན་དེ་ནི་དབྱིན་ཇིའི་ལོ་རྒྱུས་ནང་གི་ཧ་ལས་པའི་ངོ་ཚ་ཞིག་ཡིན་པར་བརྗོད་པར་མ་ཟད། ལྟ་སྐོར་བའི་ཚོར་དེབ་ནང་ “ང་ཚོས་འདིར་ག་རེ་བྱུང་ཡོད་པ་དུས་ནམ་ཡང་བརྗེད་མི་རུང་”ཞེས་བྲིས་ཡོད་པ་དང་། དེ་ནི་དབྱིན་ཇིའི་སྲིད་བློན་ཞིག་དངོས་སུ་དོན་རྐྱེན་བྱུང་ཡུལ་དུ་སྐོར་སྐྱོད་མྱ་ངན་བྱས་པ་ཐོག་མ་ཆགས་ཡོད་པ་རེད།

ཌ་ཝེ་ཌི་གསེར་ལྡན་ལྷན་ཁང་དང་ཇཱ་ལེན་ཝ་ལཱ་དམར་གསོད་ཆེན་མོ་བྱུང་ཡུལ་བཅས་སུ་སྐོར་སྐྱོད་སྐབས། པན་ཇབ་ཀྱི་རྫོང་ཁག་དྲུག་གི་དམིགས་བསལ་སྦྱོང་བརྡར་ཐོབ་པའི་དམག་མི་ ༣༠༠༠ ལྷག་གིས་སྲུང་སྐྱོབ་དམ་པོ་བྱས་ཡོད་པ་ནི་དབྱིན་ཇི་དང་རྒྱ་གར་བར་གྱི་དབང་སྒྱུར་དུས་རབས་ཀྱི་འཁོན་སེམས་ཟུར་དུ་བཞག་སྟེ། དུས་རབས་གསར་པའི་མཛའ་གྲོགས་ལ་དམིགས་བསལ་མཐོང་ཆེན་བྱེད་ཀྱི་ཡོད་པའི་རྣམ་པ་བསྟན་ཡོད་འདུག དེ་སྔ་དབྱིན་ཇིའི་རྒྱལ་མོ་ཨེ་ལེ་ཛཱ་བྷི་ཐི་ (Ellizabeth II) ཚུད་པའི་མཐོ་རིམ་མི་སྣ་མང་པོས་དམར་གསོད་དེ་ནི་དབྱིན་ཇི་རང་ཉིད་ཀྱི་ནོར་འཁྲུལ་ཞིག་ཡིན་པར་ཐེངས་མང་པོར་ངོས་ལེན་བྱས་ཡོད་ཀྱང་། རྒྱ་གར་ལ་དགོངས་དག་ཞེས་པའི་ཚིག་དེ་ནམ་ཡང་བེད་སྤྱོད་བྱས་མེད་སྟབས། ཐེངས་འདིར་ཌ་ཝ་ཌི་ཡིས་ཇཱ་ལེན་ཝ་ལཱ་དམར་གསོད་ཆེན་མོར་མྱ་ངན་འགྱོད་བཤགས་བྱེད་སྐབས་དགོངས་དག་ཞུ་སྲིད་མིན་ཐད་སྔོན་དཔག་སྣ་ཚོགས་བྱས་ཡོད་ཀྱང་། ད་རེབ་སྲིད་བློན་མཆོག་གིས་ཀྱང་དགོངས་དག་ཞུས་མེད་པར་གླེང་སློང་སྣ་ཚོགས་འབྱུང་བཞིན་ཡོད་པ་རེད།

ཆབ་སྲིད་དཔྱད་བརྗོད་པ་ཁག་ཅིག་གིས།  ཌ་ཝེ་ཌི་ཡིས་དགོངས་དག་མ་ཞུས་པའི་རྒྱུ་མཚན་གཉིས་འདྲེན་གྱི་ཡོད་པ་ནི། གཅིག་ནས་གལ་སྲིད་ཁོས་རྒྱ་གར་ལ་དགོངས་དག་ཞུས་པ་ཡིན་ན་མ་འོངས་པར་དེ་སྔ་དབྱིན་ཇིའི་དབང་སྒྱུར་ས་ཁོངས་གང་ས་ནས་བྱུང་པའི་དོན་རྐྱེན་རིགས་ལ་དབྱིན་གཞུང་གིས་དགོངས་དག་ཞུ་དགོས་པ་དང་། གཉིས་ནས་ཇཱ་ལེན་ཝ་ལཱ་དོན་རྐྱེན་བྱུང་རྗེས་དབྱིན་གཞུང་གིས་བྱ་སྤྱོད་དེར་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། དམག་དཔོན་ཌ་ཡར་ལས་གནས་ནས་ཕྱིར་ཕུད་བཏང་བ་བཅས་ལ་བརྟེན་ཏེ་ཐེངས་འདིར་དགོངས་དག་ཞུ་བའི་དགོས་པ་མ་མཐོང་བ་བཅས་ཡིན་འདུག རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་གྲངས་ཅན་ཨ་མེར་ཁན་(Aamir Khan) གྱིས། སྲིད་བློན་ཌ་ཝེ་ཌི་ཡིས་ “དབྱིན་ཇིའི་མི་རབས་སྔོན་མ་ཚོས་བཟོས་པའི་ནོར་འཁྲུལ་གྱི་འགན་དེ་ད་ལྟའི་མི་རབས་རྗེས་མའི་སྟེང་གཡོག་ན། དེ་ནི་དྲང་སྙོམས་ཤིག་མ་རེད་”ཅེས་བརྗོད་འདུག

ཇཱ་ལེན་ཝ་ལཱ་དམར་གསོད་ཆེན་མོ་ཟེར་བ་དེ་ནི། ༡༩༡༩ ལོའི་ཟླ་ ༤ ཚེས་ ༡༣ ཉིན་པན་ཇབ་ (Punjab) མངའ་སྡེའི་ཨམ་རེ་ཊི་སར་(Aamritar)ས་གནས་ཀྱི་ཇཱ་ལེན་ཝ་ལཱ་བྷཀ་ཐང་ཆེན་དུ་རྒན་གཞོན་ཕོ་མོ་ ༢༠༠༠༠ ལྷག་ལྷན་འཛོམས་ཐོག དབྱིན་གཞུང་ལ་ངོ་རྒོལ་བྱས་བར་སྐབས་དེའི་པན་ཇབ་མངའ་སྡེའི་དབྱིན་ཇི་སྲིད་སྐྱོང་པ་ཨོ་ཌ་ཡར་(Michael Francis O’Dwyer)གྱི་བཀའ་ཁྱབ་འོག དམག་དཔོན་ཌ་ཡར་(Reginald Dyer)གྱི་སྣེ་འཁྲིད་འོག་ལོ་རྒྱུས་ཐོག་གྲགས་པའི་དམར་གསོད་ཆེན་མོ་དེ་བྱུང་བ་ཞིག་ཡིན་པ་དང་། དབྱིན་གཞུང་གིས་ཉིན་དེའི་དོན་རྐྱེན་ཁྲོད་མི་ ༣༧༩ དམར་གསོད་དང་སྟོང་ཕྲག་ལྷག་ལ་རྨས་སྐྱོན་ཕོག་ཡོད་ཚུལ་དང་། རྒྱ་གར་བས་མི་ ༡༠༠༠ ཙམ་དམར་གསོད་དང་ལྷག་མ་རྣམས་ལ་རྨས་སྐྱོན་ཕོག་ཚུལ་བརྗོད་ཡོད། སྐབས་དེའི་དབྱིན་ཇིའི་ཤེས་ཡོན་པ་དང་མཐོ་རིམ་དཔོན་རིགས། དེ་བཞིན་གྲོས་ཚོགས་བཅས་སུ་བྱ་སྤྱོད་དེར་སྐྱོན་བརྗོད་བྱུང་ཡོད་པ་མ་ཟད། དམག་དཔོན་ཌ་ཡར་གཙོས་དམར་གསོད་དོན་རྐྱེན་ལ་ཐད་ཀར་འབྲེལ་བ་ཡོད་པའི་པན་ཇབ་ནང་གི་དབྱིན་ཇིའི་དཔོན་རིགས་ཁག་ཅིག་གནས་དབྱུང་བཏང་ཡོད།

ཇཱ་ལེན་ཝ་ལཱའི་དམར་གསོད་དོན་རྐྱེན་བྱུང་ནས་ལོ་ ༢༦ སྟེ། ༡༩༤༧ ལོར་རྒྱ་གར་དབྱིན་ཇིའི་དབང་སྒྱུར་འོག་ནས་རང་བཙན་ཐོབ་ཡོད་ལ། ལོ་རྒྱུས་སྨྲ་བ་མང་པོ་ཞིག་གིས་ཇཱ་ལེན་ཝ་ལཱ་དམར་གསོད་དོན་རྐྱེན་དེ་ནི་རྒྱ་གར་རང་བཙན་འཐབ་རྩོད་ཀྱི་སྒུལ་ཤུགས་དང་། རྒྱ་གར་ནང་གི་དབྱིན་ཇིའི་དབང་སྒྱུར་མཇུག་སྒྲིལ་བའི་རྒྱུ་རྐྱེན་ཞིག་ཏུ་གྱུར་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 3

  1. རྡོ་རྗེ་དོན་གྲུབ། says:
    ལོ་ 13 སྔོན།

    རྒྱ་གར་དང་དབྱིན་ཇིའི་བར་དུ་ཤ་འཁོན་ཆེན་པོ་ཡོད་ཀྱང་། དེང་སྐབས་མཛའ་མཐུན་གྲོགས་པོ་ཆགས་ཡོད། ལྷག་པར་དུ་མི་མང་རང་བཞིན་གྱིས་འབྲེལ་བ་ཤུགས་ཆེན་པོ་ཡོད་པ་མ་ཟད། རྒྱ་གར་གྱི་ཁྱིམ་ཚང་ཆེན་པོ་མང་ཆེ་བ་དབྱིན་ཇིའི་ནང་བརྟེན་གཞི་བྱས་ཡོད། མཐོ་སློབ་ཁག་ཕལ་ཆེ་བ་དང་སློབ་ཕྲུག་ཕར་གཏོང་ཚུར་གཏོང་གི་འབྲེལ་ལམ་རྒྱ་ཆེན་པོ་ཞེ་དྲག་ཡོད་པ་རེད།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་ རྒྱ་གར་ནི་ད་དུང་ལུགས་སྲོལ་རྙིང་པ་དང་ཁྲིམས་སྒྲིག་རྙིང་པའི་འགག་སྒོ་ལས་ཐར་མེད་པའི་ཐེར་ཚུལ་ཡང་བཤད་ཡོད་ཅིང་། ་་་་་ཟེར།

    Reply
  3. ཀླུ་སྨྱོན། says:
    ལོ་ 13 སྔོན།

    དམར་གསོད་ཆེན་མོ་འདིར་གློག་བརྙན་དུ་འཁྲབས་འདུག
    http://www.youtube.com/watch?v=XE9_zB8k_lk

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese