མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོ་འཕྲུལ་སྨོན་ལམ་ལ་ལྐོག་ལྟ།

བོད་ཀྱི་དུས་བབ།
༢༠༡༣/༠༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ནི་ཧོར་ཟླ་དང་པོའི་ཚེས་ ༡༤ ཡིན་པ་དང་། བོད་ནང་གི་དགོན་སྡེ་ཁག་མང་པོ་ཞིག་ཏུ་ཆོ་འཕྲུལ་སྨོན་ལམ་ཆེན་མོར་ཁེལ་ཡོད་པ་ལྟར། ཨ་མདོ་བླ་བྲང་བསང་ཆུ་རྫོང་གི་ཉེ་འཁྲིས་སུ་ཡོད་པའི་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པར་ཡང་ ‘རྒྱ་ལོའི་སྨོན་ལམ་ཆེན་མོ’ཚོགས་བཞིན་ཡོད་འདུག ཚེས་ ༡༠ ཉིན་ནས་བཟུང་ཕྱོགས་མཐའ་ཁག་གི་ཆོས་མཇལ་བ་མང་པོ་བླ་བྲང་དགོན་པར་འཛོམ་བཞིན་ཡོད་པར། རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མི་ཧ་ཅང་མང་པོས་ཐབས་ཤེས་སྣ་ཚོགས་ཐེན་ཏེ་ལྐོག་ནས་དོ་དམ་ལྟ་རྟོག་བྱེད་ཀྱིན་ཡོད་འདུག

དེ་རིང་བོད་ནས་གནས་ཚུལ་འབྱོར་གསལ་ལྟར་ན། ཉིན་འདི་འགར་བསང་ཆུ་རྫོང་གི་དྲག་ཆས་དམག་མི་དང་ཉེན་རྟོག་པ་ ༢༠༠ ལྷག་གིས་མི་མང་དཀྱུས་མའི་ལ་བ་གྱོན་ཏེ། འགའ་རེ་ཚོང་པ་ཡིན་ཁུལ་དང་། འགའ་རེ་གསར་འགོད་པ་དང་པར་རྒྱག་མཁན་ཡིན་ཁུལ། ཡང་འགའ་རེ་ཆོས་མཇལ་བ་ཡིན་ཁུལ་བྱས་ནས་མི་མང་ནང་སིམ་འཛུལ་གྱིས་ལྟ་རྟོག་བྱེད་ཀྱིན་ཡོད་པ་མ་ཟད། མི་སྣ་དོགས་གཞི་ཅན་དག་ལ་རྗེས་འདེད་གཏོང་གི་ཡོད་འདུག

དགོན་གྲོང་གཉིས་ཀྱི་ཟ་ཁང་དང་མགྲོན་ཁང་ཚང་མའི་ནང་ལྐོག་བརྙན་འཕྲུལ་ཆས་བཙུགས་ཡོད་པ་མ་ཟད། དགོན་པའི་གླིང་བར་དང་གྲོང་འཁྱེར་བཞི་མདོ་ཁག་ཏུའང་པར་ལེན་འཕྲུལ་ཆས་དང་བརྙན་ལེན་འཕྲུལ་ཆས་བཙུགས་ཡོད་འདུག དེ་བཞིན། གླ་གཏོང་རླངས་འཁོར་གྱི་བདག་པོ་ཚོས་རྒྱ་སྒོར་ ༢༠༠ རེ་སྤྲད་དེ་བརྙན་ལེན་འཕྲུལ་ཆས་ཉོས་ཏེ་སོ་སོའི་རླངས་འཁོར་ནང་འཇོག་དགོས་པའི་བཙན་བཀའ་བཏང་ཡོད་འདུག

གནས་ཚུལ་ནང་བཀོད་དོན། “བརྙན་ལེན་འཕྲུལ་ཆས་བཙུགས་ཡོད་ས་དག་ནི། བླ་བྲང་དཔོན་ཚང་སྲང་མགོ་དང་། མཆོད་རྟེན་དཀར་པོ། གུང་ཐང་ཟམ་ཁ། གོས་སྐུའི་ཐང་། མཐུན་བསྒྲིལ་ཟམ་ཁ། བོད་ཡིག་སློབ་འབྲིང་མདུན་སོགས་ས་ཚིགས་ཁག་ ༣༠ ཙམ་དུ་བཙུགས་འདུག” ཅེས་བཀོད་འདུག

ཕྱི་ཚེས་ ༡༧ ཉིན་བསང་ཆུ་རྫོང་སྲིད་གཞུང་གིས་རྫོང་འོག་གི་ཞང་ཁག་སོ་སོར་བཀའ་རྒྱ་བཏང་སྟེ། བླ་བྲང་དགོན་པར་སྨོན་ལམ་ཆེན་མོར་སྐྱོད་མཁན་ཚོས་སྔོན་ལ་ཐོབ་ཐང་ལག་འཁྱེར་བཟུང་སྟེ་ཞང་སྲིད་གཞུང་ལ་ཐོ་འགོད་བྱེད་དགོས་པ་བསྒྲགས་ཡོད་འདུག

ཕྱི་ཚེས་ ༢༠ ཉིན་བརྡ་ཁྱབ་གསར་པ་ཞིག་བསྒྲགས་ཏེ། ད་ནས་བཟུང་མི་སུ་ཞིག་གིས་རང་སྲེག་བྱས་ཚེ་བཙོན་འཇུག་བྱེད་རྒྱུ་དང་། ཤི་ཚར་བ་རྣམས་ཀྱི་བེམ་པོ་ནང་མིར་སྤྲོད་རྒྱུ་མིན་པར་མེར་བསྲེགས་གཏོང་རྒྱུ་ཡིན་ཞེས་བཀོད་ཡོད་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

སྐར་མ ༤༥ སྔོན་ལ།
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

ཆུ་ཚོད་ ༤ སྔོན་ལ།
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༢༤ སྔོན་ལ།
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

མཆན། 2

  1. རྡོ་རྗེ་དོན་གྲུབ། says:
    ལོ་ 13 སྔོན།

    གོང་གི་མཆན་དེའི་ནང་གི་བླ་བྲང་བཀྲ་ཤིས་འཁྱིམ་གྱི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐོར་བཀོད་པ་དང་། བླ་བྲང་དགོན་པའི་སྐོར་བཀོད་པ་གང་ལ་གང་འཚམས་ཡག་པོ་འདུག་མོད། ད་དུང་ཆ་ཚང་བ་ཞིག་མ་རེད། དེ་རིང་ལུགས་རྙིང་གི་ཚེས་ 15 ཉིན་གྱི་སྔ་དྲོ་ནང་མཇལ་ཟེར་བ་དེ་རེད། དགོང་མོ་མེ་ཏོག་མཆོད་པ་ཡོད་རེད། བླ་བྲང་དགོན་པའི་ཚོགས་ཆེན་འདུ་ཁང་གུ་མདུན་ཐང་དུ་ཁང་རྩེག་སུམ་ཐོག་དང་མཉམ་པའི་མེ་ཏོག་མཆོད་པ་གཤམ་སྟེ་དད་ལྡན་མི་མང་རྣམས་ལ་ཞལ་མཇལ་གཏོང་གི་ཡོད་པ་རེད། སྔོན་ཆད་ཡིན་ན་དེ་རིང་ཕྱི་དྲོའི་ཆུ་ཚོད་ ༥ པ་ཙམ་ནས་མཆོད་མཇལ་བ་གཏོང་གི་རེད། དོ་ནུབ་མཚན་གང་བོར་སང་ཉིན་ནམ་མཁའ་མ་གསལ་བར་དད་ལྡན་སེར་སྐྱ་མི་མང་རྣམས་བང་བསྒྲིགས་ཏེ་མཆོད་མཇལ་བྱེད་པའི་སྲོལ་ཡོད།
    ངས་བསན་མ་རྒྱ་གཞུང་གིས་དམ་དྲག་བྱེད་མིན་ལ་མ་ལྟོས་པར་དོ་ནུབ་རང་ལུས་མེར་བསྲེག་གཏོང་མཁན་ཡོང་སྲིད་པ་རེད་སྙམ།

    Reply
  2. འབྲུག་གྲགས། says:
    ལོ་ 13 སྔོན།

    (བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་སྨོན་ལམ་ཆེན་མོའི་སྐོར་གྱི་གནས་ཚུལ་བོད་ནང་གི་དྲ་རྒྱ་ཁག་ཏུ་འཐོན་པ།)
    བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དེ་ནི་ལུགས་རྙིང་གི་ཚེས་ 10 ནས་ 16 བར་ཚོགས་པའི་སྲོལ་ཡོད་པ་དང་། ཚེས་ 13 ཉིན་གོས་སྐུ་ཆེན་མོ་ཞིག་དགོན་པའི་མདུན་རིའི་ངོས་སུ་བཤམ་པ་དང་། ཚེས་ 14 ཉིན་དཀར་འཆམ་འཁྲབ་པ། ཚེས་ 15 ཉིན་དད་ལྡན་མཆོད་མཇལ་བ་ཡོངས་བླ་བྲང་དགོན་པའི་གྲྭ་ཚང་དྲུག་གི་ལྷ་ཁང་དང་འདུ་ཁང་ཡོངས་རྫོགས་ནང་མཆོད་མཇལ་བྱེད་པའི་སྲོལ་ཡོད་ཅིང་། དེ་ལ་ནང་མཇལ་ཟེར། ཚཻས་ 16 ཉིན་བྱམས་པ་གླང་སྐོར་བྱེད་ཅིང་། ཉིན་དེར་བྱམས་པའི་སྐུ་བརྙན་ཆེན་པོ་ཞིག་དགོན་པའི་ཕྱི་སྐོར་ལ་གདན་འདྲེན་ཞུས་ཏེ་མི་མང་ལ་མཇལ་ཁ་ཞུ་རུ་འཇུག་པའི་སྲོལ་ཡོད།

    བླ་བྲང་བཀྲ་ཤིས་འཁྱིལ་དགོན་པས་སྟོན་སྐུ་ཆེན་མོའི་གོས་སྐུ་བཤམས་ཤིང་། འདི་ནི་བླ་བྲང་དགོན་པའི་ཆོས་ལུགས་ཀྱི་ཆོ་ག་གལ་ཆེན་ཞིག་ཡིན། སྔ་དྲོའི་ཆུ་ཚོད10:00ཡི་སྟེང་། རྩེ་ཞྭ་དང་གོས་ཆེན་གྱིས་བརྒྱན་པའི་གྲྭ་བཙུན་100ལྷག་གིས་སྙན་འཇེབས་དུང་གི་སྒྲ་དབྱངས་དང་ལྷན་དུ་གོས་སྐུ་ཕྲག་ལ་ཁུར་ཏེ་དགོན་པ་ནས་བར་ཐག་ལ་སྟོང་སྨི་1ཡོད་པའི་གོས་སྐུ་བཤམས་པའི་ཡུལ་དངོས་ལ་བསླེབས།

    ཆོས་ལུགས་ཀྱི་བྱེད་སྒོ་འདི་ལ་ལོ་ལྟར་ཀན་སུའུ་དང་མཚོ་སྔོན། སི་ཁྲོན། ཁམས་སྡེ་དགེ་དང་དཀར་མཛེས་ཕྱོགས། སྟོད་དབས་གཙང་གི་ནག་ཆུའི་ཁ་དང་འདམ་གཞུང་སོགས་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་གྲངས་ 30000 ནས་ 40000 ཡས་མས་ཕེབས་ཏེ་གོ་སྐུ་ཆེན་མོ་ལ་མཇལ་བའི་ལུགས་སྲོལ་ཡོད།

    གོས་སྐུ་བཤམས་པའི་ལམ་བར་དུ་དད་ལྡན་པ་རྣམས་ཀྱིས་གོས་སྐུ་ལ་ཁ་བཏགས་འཐེན་པ་དང་ཐོད་པ་གཏུག་ནས་སྨོན་ལམ་བཏབ་ཅིང་། ཆུ་ཚོད10:30ཡི་སྟེང་རིང་ཚད་ལ་སྨི100དང་ཞེང་ཚད་ལ་སྨི40ཡིན་པའི་གོས་སྐུ་དངོས་སུ་བཤམས་སྟོན་བྱེད།

    བླ་བྲང་དགོན་པ་ནི་དུས་རབས་བཅོ་བརྒྱད་པའམ་སྤྱི་ལོ1709ལོར་ཀུན་མཁྱེན་འཇམ་ དབྱངས་བཞད་པ་དབལ་ཤུལ་ངག་དབང་བརྩོན་འགྲུས་མཆོག་གིས་དགུང་ལོ་རེ་དྲུག་བཞེས་ པའི་ཐོག་བསང་ཆུ་རྫོང་དུ་ཕྱག་བཏབ་ཅིང་། དགོན་པ་དེར་མཚན་ཉིད་གྲྭ་ཚང(ཐོས་བསམ་གླིང)དང་། རྒྱུད་སྨད་གྲྭ་ཚང་། དུས་འཁོར་གྲྭ་ཚང་། སྨན་པ་གྲྭ་ཚང་། ཀྱེེ་རྡོར་གྲྭ་ཚང་། རྒྱུད་སྟོད་པ་གྲྭ་ཚང་བཅས་གྲྭ་ཚང་དྲུག་ཡོད། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་ངག་དབང་བརྩོན་འགྲུས་ཀྱིས་སྤྱི་ ལོ1710ལོར་མཚན་ཉིད་གྲྭ་ཚང་གསར་དུ་བཞེངས་པ་དང་། སྤྱི་ལོ1706ལོར་རྒྱུད་སྨད་པ་གྲྭ་ཚང་བཙུགས། འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་ཀུན་མཁྱེན་འཇིགས་མེད་དབང་པོས་སྤྱི་ ལོ1763ལོར་དུས་འཁོར་གྲྭ་ཚང་གསར་དུ་བཙུགས་པ། སྤྱི་ལོ1772ལོར་མཚན་ཉིད་གྲྭ་ཚང་ཇེ་རྒྱས་སུ་བཏང་། སྤྱི་ལོ1784ལོར་སྨན་པ་གྲྭ་ཚང་གསར་དུ་བཙུགས། ཀྱེེ་རྡོར་གྲྭ་ཚང་ནི་འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་པ་སྐལ་བཟང་ཐུབ་བསྟན་དབང་ ཕྱུག་དཔལ་བཟང་པོས་སྤྱི་ལོ1879ལོར་གསར་དུ་བཙུགས་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese