མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཝེ་ནེའི་སྲིད་འཛིན་སྐུ་གྲོངས་པར་རྒྱལ་སྤྱིར་གླེང་སློང་ཆེན་པོ་བྱུང་།

བོད་ཀྱི་དུས་བབ།
༢༠༡༣/༠༣/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ལཱ་ཊེན་ཨ་མེ་རི་ཀའི་ཝེ་ནེ་ཛུ་ལའི་སྲིད་འཛིན་སྐུ་གྲོངས་མ་ཐག རྒྱལ་སྤྱིའི་སྲིད་དོན་པ་རྣམས་དང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གླེང་སློང་ཤུགས་ཆེན་བྱུང་ཡོད་པ་དང་། དེ་ནི་སྲིད་འཛིན་ཁོང་གིས་དམངས་གཙོའི་རིང་ལུགས་པ་ཞིག་གི་རྣམ་པའི་ཐོག་ནས་སྲིད་དབང་སྒེར་སྤྱོད་བྱས་ཡོད་མེད་ཀྱི་རྩོད་གཞི་དེ་རེད།

གཟའ་མིག་མར་ཉིན་ལཱ་ཊེན་ཨ་མེ་རི་ཀའི་(Latin America) ཝེ་ནེ་ཛུ་ལཱ་(Venezula) ཡི་སྲིད་འཛིན་གཞོན་པ་ནེ་ཀོ་ལཱ་སི་(Nicolas Maduro) ཡིས་ངུ་ངག་དང་བཅས། ཕྱི་ཚེས་ ༥ ཉིན་སྲིད་འཛིན་ཧུ་གྷོ་(Hugo Chavez) སྐྲན་ནད་ཀྱིས་འདས་གྲོངས་སུ་ཕྱིན་པ་དང་། ཁོང་གི་སྐྲན་ནད་དེ་དགྲ་བོས་བཟོས་སྐོར་གསལ་བསྒྲགས་སྤེལ་དང་འབྲེལ། ཝེ་ནེ་ཛུ་ལཱ་རྒྱལ་ཡོངས་སུ་ཁོང་ལ་ཉིན་བདུན་རིང་མྱ་ངན་ཞུ་རྒྱུ་ཡིན་སྐོར་བརྗོད། སྲིད་འཛིན་ཧུ་གྷོ་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་བསྒྲགས་མ་ཐག་ཝེ་ནེ་ཛུ་ལའི་རྒྱལ་ཡོངས་མི་མང་དང་། ལྷག་པར་དུ་འབྱོར་མེད་མང་ཚོགས་ཁྲི་ཕྲག་མང་པོ་འདུ་འཛོམ་མྱ་ངན་བྱས་ཡོད་པ་དང་། འཛམ་གླིང་གི་རྒྱལ་ཁབ་མང་པོའི་སྲིད་འཛིན་དང་སྲིད་བློན། རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གིས་མྱ་ངན་ཞུ་ཚིག་ཕུལ་ཡོད།  

སྲིད་འཛིན་ཧུ་གྷོ་འདས་གྲོངས་ཕྱིན་པར་ཁོང་གི་ཁ་གཏད་སྲིད་གཞུང་ཁག་དང་ཁ་གཏད་ཚོགས་སྡེ་དག་གིས་ཀྱང་། སྲིད་འཛིན་ཧུ་གྷོ་ནི་རང་ཚུགས་དང་བློ་སྟོབས་ཆེན་པོ། གསར་བརྗེའི་བསམ་བློ་ཡོད་མཁན། མི་སེམས་འགུག་པའི་མགོ་ཁྲིད་ཀྱི་ཁྱད་ཆོས་ལྡན་པ། ལཱ་ཊེན་ཨ་མེ་རི་ཀ་དང་ལྷོ་ཨ་མེ་རི་ཀ་སོགས་ཀྱི་ནང་ཁུལ་ཆིག་སྒྲིལ་དང་། ཝེ་ནེ་ཛུ་ལཱའི་མི་མང་ལ་བཀའ་དྲིན་ཆེ་བའི་སྲིད་འཛིན་རླབས་ཆེན་ཞིག་ཡིན་པར་ཡི་རངས་བྱས་ཡོད། གཞན། ཝེ་ནེ་ཛུ་ལཱའི་ཕྱོགས་འགལ་ཚོགས་པ་ལེབ་གནོན་བྱས་པ་དང་། སྲིད་དབང་སྒེར་སྤྱོད་ཆེ་བ། གྷ་ཌ་ཧྥེ་དང་བྷ་ཤར་སོགས་ལ་རྒྱབ་སྐྱོར་བྱས་པ་བཅས་ལ་སྐྱོན་བརྗོད་ཀྱང་བྱེད་མཁན་བྱུང་ཡོད།

ཁུ་བྷ་(Cuba) དང་ཨར་ཇིན་ཊེ་ན་(Argentina) གཉིས་ཀྱིས་ཉིན་གསུམ་དང་། བྷོ་ལེ་ཝེ་ཡ་(Bolivia) སྲིད་གཞུང་གིས་ཉིན་བདུན་རིང་བཅས་རྒྱལ་ཁབ་སོ་སོའི་ནང་ཁོང་ལ་རྒྱལ་ཡོངས་མྱ་ངན་ཞུ་རྒྱུའི་ཁྱབ་བསྒྲགས་དང་། སེ་རི་ཡའི་སྲིད་འཛིན་བྷ་ཤར་གྱིས་ཧུ་གྷོ་འདས་གྲོངས་ཕྱིན་པ་ནི་ཁོང་སྒེར་དང་སེ་རི་ཡའི་མང་ཚོགས། ཝེ་ནེ་ཛུ་ལཱའི་མི་མང་བཅས་ཀྱི་གྱོང་གུད་ཆེན་པོ་ཡིན་སྐོར། རྒྱལ་ཚོགས་དྲུང་ཆེ་བྷན་ཀེ་མོན་གྱིས་ཧུ་གྷོ་ཡིས་སོ་སོའི་རྒྱལ་ཁོངས་འཕེལ་རྒྱས་ལ་ཤུལ་རྗེས་རླབས་ཆེན་བཞག་ཡོད་པའི་བསྔགས་བརྗོད། ཨེ་རན་སྲིད་འཛིན་གྱིས་ཧུ་གྷོ་ནི་ལཱ་ཊེན་ཨ་མེ་རི་ཀའི་གསར་བརྗེ་བ་དང་དཔའ་ངར་ལྡན་པའི་འཐབ་མོ་བ་ཡོངས་ཀྱི་ཚབ་མཚོན་མི་སྣ་ཞིག་ཡིན་སྐོར། རཱ་ཤཱི་ཡའི་སྲིད་འཛིན་པུ་ཊེན་གྱིས་ཧུ་གྷོ་ནི་མི་ཁྱད་པ་བ་ཞིག་དང་མཁྲེགས་པོ། འབྱུང་འགྱུར་ལ་ལྟ་བའི་མིག་རྒྱང་ཡོད་མཁན་ཞིག་ཡིན་སྐོར། དབྱིན་གཞུང་གིས་མ་འོང་པར་མུ་མཐུད་ཝེ་ནེ་ཛུ་ལཱ་ལྷན་དུ་མཉམ་ལས་བྱ་འདོད་ཡོད་སྐོར་བཅས་བསྒྲགས་ཡོད།

ཧུ་གྷོ་ཡིས་འདས་པའི་ལོ་ ༡༤ རིང་གི་སྲིད་འཛིན་ལས་ཐོག་སྐབས་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་དག་དང་ལྷག་པར་དུ་ཨ་རིའི་ཤུགས་རྐྱེན་འགོག་ཐབས་དང་། ཨ་རིའི་ཕྱི་འབྲེལ་རྒྱ་སྐྱེད་རིང་ལུགས་ལ་མཐའ་གཅིག་ཏུ་ཁ་གཏད་བཅགས་ཡོད་པ་མ་ཟད། ཨ་རིར་ཁ་གཏད་གཅོག་མཁན་རྒྱལ་ཁབ་དག་ལ་འབྲེལ་ལམ་བཟུང་སྟེ། ཨ་རིའི་ཕྱི་ཕྱོགས་རྒྱ་སྐྱེད་སྲིད་ཇུས་ལ་ངོ་རྒོལ་བྱས་ཡོད། ལེ་བྷེ་ཡའི་སྲིད་འཛིན་ཟུར་པ་གྷ་ཌ་ཧྥེ། སེ་རི་ཡའི་སྲིད་འཛིན་བྷ་ཤར། བྱང་ཀོ་རེ་ཡ་དང་ཁུ་བྷ། ཨེ་རན་སོགས་ནི་ཁོང་གི་མཐུན་ཕྱོགས་རྒྱལ་ཁབ་ཡིན།

ཐེངས་འདིར་ཨ་རིའི་ཕོ་བྲང་དཀར་པོ་ནས་བསྒྲགས་གཏམ་ཞིག་སྤེལ་ཏེ། སྲིད་འཛིན་ཧུ་གྷོ་འདས་གྲོངས་ཕྱིན་པའི་ཛ་དྲག་གི་གནས་སྐབས་འདིར། ཨ་རིས་ཝེ་ནེ་ཛུ་ལཱ་གཞུང་དང་ཕྱི་འབྲེལ་མཉམ་ལས་གོང་འཕེལ་དང་ཝེ་ནེ་ཛུ་ལཱའི་མང་ཚོགས་ལ་རྒྱབ་སྐྱོར་བྱ་རྒྱུ། ཝེ་ནེ་ཛུ་ལཱར་ལོ་རྒྱུས་ཀྱི་གླེགས་བམ་གསར་པ་ཞིག་མགོ་འཛུགས་བཞིན་པའི་དུས་འདིར། ཁྲིམས་ལུགས་དང་འགྲོ་བ་མིའི་ཐོབ་ཐང་། དམངས་གཙོ་བཅས་དར་སྤེལ་གོང་འཕེལ་ཐད་ཨ་རིའི་རྒྱབ་སྐྱོར་གྱི་ལངས་ཕྱོགས་བརྟན་པོ་ཡིན་སྐོར་བསྒྲགས་འདུག

རྒྱ་ནག་གི་སྲིད་འཛིན་ཞཱི་ཅིན་པེན་དང་སྲིད་འཛིན་ཟུར་བ་ཧུའུ་ཅིན་ཐོ་གཉིས་ཀྱིས་ཧུ་གྷོ་གྲོངས་པར་མྱ་ངན་ཞུས་ཡོད་པ་དང་། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཧའུ་(Hua Chunying) ཡིས་ཧུ་གྷོ་ནི་ཝེ་ནེ་ཛུ་ལཱའི་མགོ་ཁྲིད་རླབས་ཆེན་དང་རྒྱ་ནག་གི་གྲོགས་པོ་ཡག་པོ་ཞིག་ཡིན་སྐོར། ཁོང་གིས་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་མཐོར་འདེགས་ཐད་ནུས་པ་ཆེན་པོ་བཏོན་ཡོད་སྐོར་བརྗོད་ཡོད་པ་མ་ཟད། རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་སོགས་ཀྱིས་ཧུ་གྷོ་ནི་མའོ་ཙེ་ཏུང་སོགས་དམར་ཤོག་མེས་པོ་དག་གི་རྗེས་འབྲང་པ་རླབས་ཆེན་ཞིག་ཡིན་པར་སྒྲུབ་ཡོད་ཀྱང་། རྒྱལ་སྤྱིའི་ཆབ་སྲིད་དཔྱད་བརྗོད་པ་མང་པོ་ཞིག་གིས་ཁོང་ནི་སྤྱི་ཚོགས་རིང་ལུགས་པ་ཞིག་ཡིན་ཡང་། མའོ་དང་སི་ཏཱ་ལིན་སོགས་དང་མི་འདྲ་བར་དུས་རབས་ཉེར་གཅིག་པའི་སྤྱི་ཚོགས་རིང་ལུགས་པ་ཞིག་ཡིན་པར་གླེང་།

ཧུ་གྷོ་ཁོང་ཝེ་ནེ་ཛུ་ལཱའི་ཁྱིམ་ཚང་དབུལ་བོ་ཞིག་ཏུ་སྐྱེས་ཤིང་། སློབ་འབྲེང་མཐར་ཕྱིན་རྗེས་ཝེ་ནེ་ཛུ་ལཱའི་རྒྱལ་སའི་དམག་གི་སློབ་གྲྭར་ཞུགས་ཤིང་། ཁོས་དུས་རབས་བཅུ་དགུ་བའི་ནང་གི་ལྷོ་ཨ་མེ་རི་ཀའི་གསར་བརྗེ་བ་སེ་མོན་(Simon Boliver) དང་ཁུ་བྷའི་གསར་བརྗེ་བ་མཱ་ཁེ་སི་རིང་ལུགས་པ་ཆཱེ་གྷའུ་ཝ་རཱ་(Che Guevara) གཉིས་ལ་སློབ་སྦྱོང་དང་མིག་དཔེ་ལྟ་མཁན་ཞིག་ཏུ་གྱུར། རྗེས་སུ་ཁོ་དམག་གི་སློབ་གྲྭ་དེའི་དགེ་རྒན་བྱས་སྐབས་ཁོང་གི་ཆབ་སྲིད་ལྟ་གྲུབ་ཀྱིས་གཞན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་མ་ཟད། རྒྱལ་ཁོངས་ཀྱི་དམའ་རིམ་སྤྱི་ཚོགས་དང་གྲངས་ཉུང་མི་རིགས། ས་གནས་མང་ཚོགས་ལ་འགྲོག་འདྲིས་དང་། ༡༩༩༢ ལོར་སྐབས་དེའི་སྲིད་འཛིན་པེ་རེ་ཛི་སྲིད་གཞུང་མགོ་རྟིང་སློག་པའི་གསར་བརྗེ་བསླངས་ཤིང་བཙོན་འཇུག་ཀྱང་ཐེངས་མང་ཐེབས།

ཨ་རིར་ཁ་གཏད་གཅོག་པའི་ལངས་ཕྱོགས་དེས་ཁོང་ལ་མཐུན་ཕྱོགས་ཀྱི་གྲོགས་པོ་མང་དུ་གཏོང་ཐུབ་ཡོད་ཅིང་། སྤྱི་ཚོགས་རིང་ལུགས་ཐོག་ཝེ་ནེ་ཛུ་ལཱའི་དབུལ་ཕུངས་མང་ཚོགས་ཀྱི་འཕེལ་རྒྱས་བཅོས་སྒྱུར་ལ་ཤུགས་གནོན་བརྒྱབ་སྟབས། ཁོང་སྲིད་འཛིན་དུ་བསྟུད་མར་ཐེངས་བཞིར་འོས་ཤོག་ཐོབ། ཝེ་ནེ་ཛུ་ལཱའི་སྣུམ་གྱི་ཐོན་ཁོངས་ལ་བརྟེན་ནས་ཧུ་གྷོ་ཡིས་ཝེ་ནེ་ཛུ་ལཱ་རྒྱལ་སྤྱིའི་སྡིངས་ཆའི་སྟེང་ཤུགས་རྐྱེན་ཡོད་པའི་རྒྱལ་ཁབ་ཅིག་གི་གནས་བབ་བསྐྲུན་ཡོད། འོན་ཀྱང་། ཁོང་གི་ཕྱོགས་འགལ་ཆབ་སྲིད་ཚོགས་པར་མཚོན་ན་ཧུ་གྷོ་ནི་མི་གཅིག་དབང་སྒྱུར་བ་གདུག་རྩུབ་ཅན་ཞིག་ཡིན་འདུག་ལ། ཁོང་གི་ཁ་གཏད་དུ་ལངས་མཁན་སུ་བྱུང་པ་དེར་ལེབ་གནོན་བྱེད་མཁན་ཞིག་ཀྱང་ཡིན་པས་ཁོ་ལ་གདུག་རྩུབ་ཅན་མི་གཅིག་དབང་འཛིན་པ་ཞེས་སྐྱོན་བརྗོད་བྱེད་མཁན་ཡང་ཡོད།

༡༩༩༨ ལོའི་སྲིད་འཛིན་བསྡུའི་སྐབས་ཁོང་ལ་རྒྱལ་ཁ་ཐོབ་རྗེས་དེ་སྔའི་སྣུམ་གྱི་གཏེར་མཛོད་ལ་བདག་གཉེར་བྱེད་མཁན་ཚོ་ལྐོག་ཟ་རུལ་སུངས་དང་སྐྱིད་པོ་རྒྱག་པའི་འཚོ་བ་སྤྱོད་མཁན་རྣམས་ཕྱིར་ཕུད་བཅོས་སྒྱུར་དང་། རྒྱལ་སྤྱིའི་དངུལ་ཁང་གི་རྩ་འཛིན་ཡིག་ཆའི་འོག་ཡུལ་གྱི་དཔལ་འབྱོར་སྲིད་ཇུས་བཟུང་། རྒྱལ་སྤྱིའི་སྲིད་གཞུང་དང་ཁེ་ལས་སྡེ་ཚན་ཁག་གིས་རྒྱལ་ཁོངས་སུ་མཉམ་ལས་དངུལ་རྩ་འཇོག་རྒྱུར་སྐུལ་འདེད། རིན་མེད་འཕྲོད་བསྟེན་ལྟ་སྐྱོང་དང་ཉམ་ཐག་མང་ཚོགས་ལ་བཟའ་འབྲུའི་སྐྱོབ་གསོ་སྤྲོད་པའི་སྲིད་ཇུས་གཏན་འབེབས། མང་ཚོགས་ལ་རྒྱུས་ལོན་དང་འབྲེལ་ལམ་ཡོང་ཆེད་བདུན་ཕྲག་རེ་ཡི་ནང་བརྙན་འཕྲིན་དང་རླུང་འཕྲིན་ནང་ཁོང་གིས་གཞུང་གི་སྲིད་ཇུས་སྐོར་ལ་གོ་རྟོགས་སྤེལ་པ་མ་ཟད། མང་ཚོགས་ཚོས་ཐད་ཀར་ཁོང་ལ་ཁ་པར་བརྒྱུད་བགྲོ་གླེང་དང་དྲི་བ་འདོན་པའི་ལམ་སྲོལ་གཏོད།

༡༩༩༩ ལོར་གྲོས་ཚོགས་གསར་འཛུགས་དང་རྩ་ཁྲིམས་གཏན་འབེབས་བྱ་རྒྱུར་མང་ཚོགས་ཀྱི་བསམ་ཤོག་བསྡུས་པར་མང་མོས་རྒྱབ་སྐོར་བྱུང་། ཁོང་ནི་ཨ་རིའི་ཕྱི་ཕྱོགས་རྒྱ་སྐྱེད་སྲིད་ཇུས་ལ་མངོན་གསལ་དོད་པའི་གདོང་མཆོང་བ་ཞིག་ཡིན་ཡང་། ༢༠༠༨ ལོར་ཨོ་བྷ་མར་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་སྐབས་ཁོས་ཨོ་བྷ་མར་སྲིད་འཛིན་ཐོབ་པར་རྟེན་འབྲེལ་ཞུས་པ་དང་སྦྲགས། “ང་ཨོ་བྷ་མའི་དགྲ་ཟླ་མིན། འོན་ཀྱང་། ཝ་ཤིན་ཊོན་དུ་རྒྱལ་ཁམས་རིང་ལུགས་པ་(རྒྱལ་ཁབ་མང་པོ་མངོན་ཐོན་རྒྱལ་ཁབ་གང་དེའི་དབང་ཤུགས་འོག་འཇུག་པའི་ལམ་ལུགས་) མེད་ཟེར་པ་མཐོང་ཁག་པོ་རེད་”ཅེས་བརྗོད།

ཨ་རབ་གསར་བརྗེ་སྐབས་ཧུ་གྷོ་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་དག་གི་དམིགས་འབེན་གྷ་ཌ་ཧྥེ་དང་བྷ་ཤར་སོགས་ལ་རྒྱབ་སྐྱོར་བྱས་ཡོད་ལ། དེ་ནི་ཆེད་དུ་ཨ་རིའི་ལངས་ཕྱོགས་ལ་རྒོལ་བ་ཞིག་ཡིན་པ་མ་ཟད། དཔྱད་བརྗོད་པ་ཚོས་དེ་ནི་ཨ་རབ་ཀྱི་གཏམ་དཔེ་“ངའི་དགྲ་ཟླའི་དགྲ་ཟླ་ནི་ངའི་གྲོགས་པོ་ཡིན་”ཞེས་པའི་ལངས་ཕྱོགས་བཟུང་པ་ཞིག་ཡིན་པར་ངོས་འཛིན་བྱས་ཡོད།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 1

  1. རྡོ་རྗེ། says:
    ལོ་ 14 སྔོན།

    སྲིད་འཛིན་འདི་གྲོངས་ཏེ་ཨ་རི་དགའ་ཐག་ཆོད་འདུག CNN ནང་དུ་ཉིན་མ་རྟགས་པར་མི་འདིའི་བྱ་ཉེས་སྤྱོད་ལོགས་རྐྱང་རྐྱང་སྟོན་གྱི་འདུག ཡང་གསར་འགྱུར་བརྒྱུད་ལམ་གཞན་ན་ཁོ་ལ་བཟང་ཕྱོགས་ངན་ཕྱོགས་གཉིས་ཀ་ཡོད་པ་དང་། ལྷག་པར་དུ་སྲིད་དབང་སྒེར་སྤྱོད་པའི་ནང་ནས་རང་གཤིས་ཚ་ཤོས་དང་མི་མང་ལ་ཡག་པོ་བྱེད་མཁན་ཞིག་ཡིན་རབ་ཤོད་ཀྱི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese