མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྨོན་ལམ་ཚིག་མཛོད་ཀུ་ཤུ་རྟཊ་ཅན་གྱི་གློག་ཀླད་ནང་གསར་འཇུག

བོད་ཀྱི་དུས་བབ།
༢༠༡༣/༠༤/༢༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་བཙུཊ་ཏེ་ལོ་གཅིག་འཁོར་བའི་ཉིན་མོ་དང་བསྟུན་ཏེ། སྐར་ཁུང་རྟཊ་ཅན་གྱི་སྨོན་ལམ་ཚིག་མཛོད་བསྐྱར་བཟོ་དང་། སྨོན་ལམ་ཚིག་མཛོད་ཐོན་རིམ་ 1.1 ཀུ་ཤུ་རྟཊ་ཅན་གྱི་གློག་ཀླད་ནང་གསར་འཇུག་དབུ་འབྱེད་གནང་སོང་།

དེ་རིང་ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཐོག་ངྷ་ས་གངས་སྐྱིད་དུ་རྟེན་གཞི་བྱས་པའི་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་དུ། ལས་ཁུངས་དེ་གསར་འཛུགས་གནང་སྟེ་ལོ་གཅིག་ཏག་ཏག་འཁོར་བའི་དུས་དྲན་སྲུང་གཙི་དང་འབྲེལ། སྨོན་ལམ་ཚིག་མཛོད་ཐོན་རིམ་ 1.1 ཀུ་ཤུ་རྟགས་ཅན་གྱི་ཀློག་ཀླད་ནང་གསར་འཇུག་དང་། སྐར་ཁུང་རྟགས་ཅན་གྱི་སྨོན་ལམ་ཚིག་མཛོད་བསྐྱར་བཟོ་ཟིན་ཡོད་པའི་གསར་འགོད་གསལ་བསྒྲགས་བསྐྱངས་ཡོད་ཅིང་། ལྷན་ཚོགས་དེར་བོད་པའི་གསར་འགོད་པ་དང་ཤེས་ཡོན་བཅས་ཁྱོན་མི་ ༣༠ ལྷག་བསླེབས་འདུག

མཛད་སྒོའི་ཐོག་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་གློག་ཀླད་ཆེད་མཁས་པ་གྲྭ་བློ་བཟང་སྨོན་ལམ་ལགས་ཀྱིས་ངོ་སྤྲོད་གནང་དོན་ལྟར་ན། སྨོན་ལམ་ཚིག་མཛོད་ཐོན་རིམ་ 1.1 ནི་བོད་ཡིག་ཚིག་མཛོད་དང་དབྱིན་བོད་ཚིག་མཛོད། བོད་དབྱིན་ཚིག་མཛོད་བཅས་སྡེ་ཚན་གསུམ་ཡོད་པའི་མཉེན་ཆས་ཚིག་མཛོད་ཅིག་ཡིན་པ་དང་། ཚིག་མཛོད་དེར་ཁྱོན་བསྡོམས་མ་ཚིག་ ༢༠༠༠༠༠ ལྷག་ཡོད་ཅིང་། སྡེ་ཚན་གཅིག་ནས་སྡེ་ཚན་གཞན་ཞིག་ལ་ཐད་ཀར་བརྒྱུད་འཚོལ་ཐུབ་པ་བཟོས་ཡོད་འདུག དེ་སྔོན་སྨོན་ལམ་ཚིག་མཛོད་ཐོན་རིམ་དང་པོི་སྐར་ཁུང་རྟགས་ཅན་(windows) གྱི་གློག་ཀླད་ནང་མ་གཏོཊ་བེད་སྤྱོད་གཏོང་ཐུབ་ཀྱི་མེད་ཀྱང་། ད་ཆར་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ནང་དུའང་ཚིག་མཛོད་འདི་བེད་སྤྱོད་གཏོང་ཐུབ་པ་བྱས་ཡོད་ཅིང་། ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ནང་བོད་དབྱིན་ཐ་སྙད་དང་དེའི་འགྲེལ་བཤད་ཁག་རང་འགུལ་གྱིས་ཕན་ཚུན་ཕབ་བསྒྱུར་ཐོག་འབྲེལ་མཐུད་བྱ་རྒྱུར་ཤིན་ཏུ་སྟབས་བདེ་བཅས་བཟོས་ཡོད་སྟབས། བོད་དབྱིན་གང་རུང་ལ་རྨང་གཞི་ཞན་པ་དང་། དག་ཆའི་ཐོག་དཀའ་ངལ་ཡོད་མཁན་ཚོར་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་དང་། ཚིག་མཛོད་འདི་དྲ་འབྱེད་མཉེན་ཆས་ཁག་དང་ཀུ་ཤུ་བཟོ་ཚོང་ཁག་གིས་བཟོས་པའི་མཉེན་ཆས་རྣམས་དང་ཐད་ཀར་བེད་སྤྱོད་བཏང་ཆོག་པ་སོཊ་བཟོས་ཡོད་འདུག  

བློ་བཟང་སྨོན་ལམ་ལགས་ཀྱིས་སྨོན་ལམ་ཚིག་མཛོད་ 1.1 སྐར་ཁུང་རྟགས་ཅན་གྱི་གློག་ཀླད་ནང་བེད་སྤྱོད་ཚད་ལྡན་གཏོང་ཐུབ་པར་མ་ཟད། སྔོན་མའི་ཚིག་མཛོད་དང་བསྡུར་ན་བསྐྱར་བཅོས་ཚིག་མཛོད་འདི་ཁ་འབྱེད་རྒྱུར་སྔར་ལས་ཇེ་མགྱོགས་སུ་ཕྱིན་ཡོད་པའི་ཁར། བོད་ཡིག་ཚིག་མཛོད་ལ་ཞུ་དག་དང་བསྐྱར་བཅོས་ཐེངས་གཉིས་པ་བྱས་ཏེ་མང་ཚོགས་ལ་ཕན་ཐོགས་ཡོང་བ་དང་། བསྐྱར་བཅོས་ཚིག་མཛོད་འདི་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ལས་ཁུངས་དྲ་རྒྱ་ (www.monlamit.org) བརྒྱུད་ཐད་ཀར་ཕབ་ལེན་བྱ་ཐུབ་ཀྱང་། ཚིག་མཛོད་འདི་ནི་བོད་མི་རིགས་དང་དེའི་རིག་གནས་ཀྱི་སྲོག་རྩར་གྱུར་བའི་བོད་ཡིག་རྒྱུན་འཛིན་དང་དར་སྤེལ་ཁོ་ནར་དམིཊ་ཏེ་བཟོས་པ་ཞིག་ཡིན་སྟབས། ཚོགས་སྡེ་དང་མི་སྒེར་སུ་ཡིན་རུང་ཚོང་སྒྱུར་མི་གནང་རྒྱུའི་འབོད་སྐུལ་ཞུས་སོང་།

གྲྭ་སྨོན་ལམ་ལགས་ཀྱིས་དེ་སྔོན་ཞིབ་འཇུག་ཁང་དེས་ (Samsung) ནང་སྨོན་ལམ་ཚིག་མཛོད་ལྡུག་རྒྱུར་འབད་བརྩོན་རིམ་པར་བྱས་ཀྱང་། དེ་ནི་ (windows xp) ནང་བོད་ཡིག་ཁ་ཐོར་ཏེ་འཐུས་སྒོ་ཚང་བའི་ཡིག་གཟུགས་ཞིག་མ་ཡོང་བས་ནང་འཇུག་ཐོག་དཀའ་ངལ་འཕྲད་ཡོད་ཅིང་། དེའི་དཀའ་ངལ་གཙོ་བོ་བོད་ཡིག་གི་ནུས་པས་མ་ལྕོགས་པ་མིན་པར་རྒྱལ་སྤྱིའི་བཟོ་གྲྭ་ (campany) ཁག་དང་འབྲེལ་བ་ཡག་པོ་བྱེད་མ་ཐུབ་པ་ལས་བྱུང་བ་ཞིག་ཡིན་པ། དེང་སྐབས་རྒྱལ་སྤྱིའི་སྟེང་གི་མཉེན་ཆས་ཤུགས་ཆེ་ཤོས་ནི (Windows) དང་ (Mac)། (Android) བཅས་གསུམ་ཆགས་ཡོད་པའི་ཁྲོད། དྲ་རྒྱ་ཁག་ཏུ་བརྒྱ་ཆ་ ༨༠ ཙམ་ (Android)ཡིས་བཟུང་ཡོད་པ། སྐར་ཁུང་དང་ནོ་ཁེ་ཡཱ་ (Nokia) བཟོ་གྲྭ་གཉིས་བར་མཉམ་ལས་གནང་བཞིན་པའི་སྐབས་དང་བསྟུན་ཏེ། ཞིབ་འཇུག་ཁང་དེས་ཁོང་ཚོར་འབྲེལ་བ་བྱས་ཏེ་ལག་འཁྱེར་ནང་བོད་ཡིག་ལྡུག་རྒྱུར་འབད་བརྩོན་གནང་བཞིན་པ་དང་། ད་ཆར་སྤྱི་ཚོགས་ཁྲོད་གློག་ཀླད་ལས་ཁ་པར་ལ་དོ་སྣང་དང་བེད་སྤྱོད་བྱེད་མཁན་མང་པོ་ཡོད་སྟབས། བརྡ་འཕྲིན་ཞིབ་འཇུག་ཁང་དེའི་ངོས་ནས་མ་འོངས་པའི་ཟླ་ཤས་ནང་ (iphone) དང་ (ipad) ནང་དུའང་བསྐྱར་བཅོས་ཚིག་མཛོད་ལྡུག་ཐབས་བྱ་རྒྱུ་ཡིན་སྐོར་བརྗོད་སོང་།

མཇུག་ཏུ་གྲྭ་སྨོན་ལམ་ལགས་ཀྱིས་ཚིག་མཛོད་ཕྱོགས་སྒྲིག་གནང་བར་རང་ལུགས་དགོས་ཀྱི་མེད་སྟབས། ཉེ་ལམ་ནས་བརྡ་འཕྲིན་ཞིབ་ཁང་གིས་བོད་ཡིག་ཚིག་མཛོད་ཆེན་མོ་བསྡུ་སྒྲིག་ལས་གཞི་དངོས་སུ་མགོ་བཙུཊ་ཡོད་པ་དང་། ལྷག་པར་དུ་བཙན་བྱོལ་བོད་མིའི་ཆོས་ལུཊ་རིས་མེད་ཀྱི་དགོན་སྡེ་ཁག་གཙོས་པའི་ཚོགས་སྡེ་ཁག་ཅིག་ཏུ་རྩོམ་སྒྲིག་སྡེ་ཚན་ཆེད་འཛུགས་ཀྱིས། ཆོས་ལུགས་དང་འབྲེལ་བའི་ཐ་སྙད་གཙོས་ལོ་རྒྱུས་དང་གསོ་རིག ཡུལ་ལུང་སོ་སོའི་གནས་བབ་ལས་འཕྲོས་པའི་ཐ་སྙད་སོགས་ཅི་ཐུབ་ཀྱིས་བསྡུ་སྒྲིག་དང་། བཙན་བྱོལ་ནང་ཀརྨ་སྨོན་ལམ་གྱི་ཚིག་མཛོད་དང་བོད་ནས་གསར་དུ་ཐོན་པའི་ཚིག་གསར་དག་ཀྱང་ནང་འཇུག་བྱེད་བཞིན་ཡོད་ཀྱང་། བོད་ཕྱི་ནང་གཉིས་སུ་ཐ་སྙད་གསར་བཟོའི་ཐོག་ཤུགས་རྒྱག་མཁན་མང་པོ་ཡོད་པའི་སྟབས་ཀྱིས། ཞིབ་འཇུག་ཁང་དེས་ཐ་སྙད་གསར་པའི་ཐོག་དམིགས་བསལ་ནུས་པ་འདོན་གྱི་མེད་ཚུལ། ལས་གཞི་དེ་དང་འབྲེལ་བོད་མི་ལག་ཐོགས་ཁ་པར་འཛིན་མཁན་ཚོར་དམིགས་ཏེ། མི་འགྱངས་བར་ཐ་སྙད་ ༣༠༠༠ ཡོད་པའི་པར་རིས་ཚིག་མཛོད་ (photo dictionary ) ཅིག་བཟོ་སྒྲིག་གིས་སྤྱི་ཚོགས་ཐོག་ཡོངས་ཁྱབ་འགྲེམས་སྤེལ་བྱ་རྒྱུ་དང་། ཐ་སྙད་རྣམས་བོད་རྒྱ་དབྱིན་གསུམ་ཐོག་ཀློག་འདོན་དང་འདྲ་པར་མེད་པ་དག་འདྲ་རིས་ཀྱི་ལམ་ནས་འགྲེལ་བཤད་ཡོད་པ་ཞིག་བཟོ་འཆར་ཡོད་ཚུལ་སོཊ་ངོ་སྤྲོད་གནང་སོང་།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

ཆུ་ཚོད་ ༧ སྔོན་ལ།
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

ཆུ་ཚོད་ ༨ སྔོན་ལ།
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠

མཆན། 11

  1. འབྲོག་པ་རྣལ་མ། says:
    ལོ་ 13 སྔོན།

    སྐུ་ཞབས་སྨོན་ལམ་ལགས་བོད་ཀྱི་སྐད་ཡིག་ཐོག་ལ་ཕན་ཐོག་ནུས་པ་འདི་འདྲ་སྟོན་པ་རྗེས་སུ་ཡི་རང་དང་ཐུགས་རྗེ་ཆེ་ཞུ། རྗེས་སུ་ཆ་གཞི་ཡོད་པ་ནང་བཞིན་ཀུ་ཤུ་རྟགས་ཅན་མ་ཡིན་པའི་ཁ་པར་ནང་ལ་བོད་ཡིག་ཡག་པོ་ཡོང་བ་ཞིག་གལ་ཆེན་པོ་རེད་འདུག་ལ་འབད་བརྩོན་མུ་འཐུད་ནས་གནང་བའི་རེ་བ་ཆེ། བཀྲ་ཤིས་བདེ་ལེགས།

    Reply
  2. འཁྱམ་པོ། says:
    ལོ་ 13 སྔོན།

    དངོས་གནས་བོད་ལ་ཤ་ཞེན་དང་དུང་བ་ཡོད་ན་ཕྱག་ལས་དེ་ལས་ཕན་ཐོག་ཆེ་བ་དང་དེ་ལས་རླབས་ཆེ་བ་མ་འོང་མི་རིགས་ལ་ཕན་ཐོག་བའི་ལས་ཀ་གཞན་གང་ཡང་མེད། དེ་ཕྱིར་ང་རང་མི་སྒེར་ངོས་ནས་སྙིང་དབུས་ནས་རྒན་སྨོན་ལམ་ལགས་ལ་བཀའ་དྲིན་ཆེ་ལན་བརྒྱར་ཞུ་བ་དང་ཆབ་གཅིག་མ་འོང་ཁོང་གིས་ཕྱག་ལས་ཁག་གེག་བར་མེད་པ་ལེགས་གྲུབ་ཡོང་བས་སྨོན་ལམ་དང་བཅས།།

    Reply
  3. ཆུ་ཐིགས་སྔོན་མོ། says:
    ལོ་ 13 སྔོན།

    དྲ་འབུ་ལས་ངན་ཚོ་་་ཡིག་ནོར་མེད་པ་རེ་ཕྲིས་དང་་་ཡིད་སྐྱོ་བ་ཞིག་རེད་་
    རྒན་སྨོན་ལམ་ལགས་ཀྱིས་བསམ་དོན་འགྲུབ་པར་སྨོན།
    ཚིག་མཛོད་འདི་ལག་འཁྱེར་ཁ་པར་ནང་དུ་བླུགས་ཐུབ་ཀྱི་ཡོད་པ་རེད་དམ

    Reply
  4. རྒྱལ་ཁམས་པ། says:
    ལོ་ 13 སྔོན།

    བརྩེ་བའི་རྒན་སྨོན་ལམ་མཆོག་གི་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུད་འཛིན་ཀྱི་ཆེད་བྱ་བ་རླབས་ཆེན་སྒྲུབ་སོང་བས་སྙིང་ཐག་པ་ནས་ཐུགས་རྗེ་ཞུ།

    Reply
  5. ལུང་རྟོགས། says:
    ལོ་ 13 སྔོན།

    དྲ་འབུ་ལས་ངན་ཚོ། མི་ཡིན་ན་འདི་འདྲའི་བྱེད་རྗེས་རེ་ཞོགས་དང་གཞི་ནས་ཁྱེད་ཀྱི་སྐད་ཆ་ལ་མིས་རིན་ཐང་བཞག་གི་རེད། དེ་མིན་དུས་རྟག་པར་དྲ་རྒྱའི་ནང་ལ་མཁས་པ་དང་འཇོན་ཐང་ཅན་ལ་རྒྱབ་བཤད་བྱས་ནས་སྡད་ན་རང་ཉིད་དམྱལ་བར་འབྱར་སྐྱེད་ལས་ཅི་མེད།

    Reply
  6. ཤག་སྒང་པ། says:
    ལོ་ 13 སྔོན།

    བཀྲ་ཤིས་སོ།།

    མཉེན་ཆས་བརྒྱུད་ནས་ཚིག་མཛོད་སྔོག་པ་ནི་ཕྱི་ནང་འགྲིམ་འགྲུལ་གང་དུའང་ཆེས་སྟབས་བདེ་ཤོས་སོང་། ཚིག་མཛོད་འདི་ལ་བསྒུགས་ནས་ཡོད་པས། དེ་རིང་ཀུ་ཤུའི་ནང་བྱོན་པར་བཀྲ་ཤིའི་གཏམ་བཟང་འདི་ལ་རྟེན་འབྲེལ་ཞུ་འོ།།

    སྐུ་ཞབས་སྨོན་ལམ་ལགས་དང་ཕྱག་འབྲེལ་རྣམ་པར་བཀྲིན་ཆེ་ཞུའོ།།

    ཁྱེད་ནི་སྐད་ཡིག་སྲུང་བའི་མི་བོ་ཆོག་གོ།

    Reply
  7. རྔ་བ་དགེ་འདུན་རྒྱ་མཚོ། says:
    ལོ་ 13 སྔོན།

    སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་དབུ་བརྙེས་ཏེ་ལོ་ངོ་ཧྲིལ་བོ་གཅིག་འཁོར་བ་དང་། ཚིག་མཛོད་བསྐྱར་བཟོ་དང་གསར་བཟོ་གནང་བ་བཅས་ལ། འགན་འཛིན་སྐུ་ཞབས་བློ་བཟང་སྨོན་ལམ་མཆོག་དང་། ཁོང་གི་ཕྱག་རོགས་ལས་མི་ཡོངས་ལ་ལེགས་གསོའི་བསྔགས་བརྗོད་དང་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།།

    Reply
  8. མངའ་རིས་འཕྲིན་ལས། says:
    ལོ་ 13 སྔོན།

    གཞན་དབང་དུ་གྱུར་པ་བོད་མི་རིགས་ཀྱི་རིག་གཞུང་འཆི་ལ་ཁད་ཀྱི་གནས་སྐབས་འདིར་གྲྭ་རྐྱང་ཞིག་གིས་བྱས་རྗེས་འདི་འདྲ་བ་ཞིག་བཞག་གནང་བ་ནི་བསྟོད་མ་ཐུབ་ཀྱང་སྨད་ག་ལ་ནུས། ལྷག་པར་རྒན་སྨོན་ལམ་ལ་མཚོན་ན་ཁོང་གི་ཉིན་མཚན་མེད་པར་འབད་པ་དང་ངལ་བ་བརྒྱ་ཕྲག་ལྷུར་བླངས་པའི་འབྲས་བུར་སྨོན་ལམ་བོད་ཡིག་གི་བརྙན་ཆས་ཁག་དང་། དེ་བཞིན་ཚིག་མཛོད་སོགས་ཚང་མ་བོད་མི་རིགས་ཀྱི་རིག་གཞུང་ལ་སྲི་ཞུ་ཁོ་ནར་དམིགས་ནས་རིན་མེད་ཐོག་གནང་བཞིན་པ་ནི་དེ་བས་ཧ་ལས་དགོས་པ་ཞིག་རེད། དཔེར་ན་བཙན་བྱོལ་སྤྱི་ཚོགས་ཁྲོད་ཐ་ན་གཞས་འཁོར་ཐག་གཅིག་དང་དེབ་ཆུང་གཅིག་བཏོན་ཀྱང་ཁ་ནས་རིག་གཞུང་དང་སྐད་ཡིག་ཟེར་བ་ཙམ་ལས་དོན་ངོ་མར་སོ་སོའི་དངུལ་ཁུག་ལ་བརྩེ་བ་མ་གཏོགས་ད་བར་རིག་གཞུང་ལ་དམིགས་ནས་འདི་ལྟ་བུ་གནང་མཁན་བྱུང་ཡོད་དམ།

    Reply
  9. བདུད་རྡོ། says:
    ལོ་ 13 སྔོན།

    གྲྭ་སྨོན་ལམ་ལགས་ཀྱི་གཙོས་བྱས་པའི་ལས་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་ཏུ་ཚིག་མཛོད་ཆེ་མོ་དེ་མྱུར་འགྲུབ་པའི་སྨོན་འདུན་ཞུ།

    Reply
  10. མཉམ་ཞུགས says:
    ལོ་ 13 སྔོན།

    བོད་སྐད་ཡིག་གི་སྲོག་སྐྱབས་ཀྱི་དྲིན་ཅན་དང་གློག་ཀླད་ཆེད་མཁས་པ་གྲྭ་བློ་བཟང་སྨོན་ལམ་མཆོག་གི་ཚིག་མཛོད་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ནང་གསར་འཇུག་ལེགས་འགྲུབ་བྱུང་བར་སྙིང་ཐག་པ་ནས་བཀྲ་ཤིས་བདེ་ལེགས་ཞུ། འདི་ནི་ཁ་ཡོད་ལག་ཡོད་ཐོག་བོད་ཡིག་གི་བླ་སྲོག་ལ་སྨན་པའི་རྩ་ཆེའི་རིན་ཆེན་རིལ་བུ་ཞིག་རེད། བཙན་བྱོལ་གྱི་སྒྲིགས་འཛུགས་ནས་ཀྱང་ཁ་ཙམ་མིན་པར་སེམས་གཏིང་ནས་བོད་རིག་གཞུང་སྲུང་སྐྱོབ་བྱེད་འདོད་ཡོད་ཚེ་འདི་འདྲའི་དོན་ལ་རྒྱབ་སྐྱོར་དཔལ་འབྱོར་གྱི་མཐུན་རྐྱེན་ཡག་པོ་སྒྲུབ་རྒྱུ་གལ་ཆེན་པོ་རེད། གཞན་བོད་གཞུང་གི་ལས་བྱེད་ཁག་ཅིག་གིས་འདུ་འཛོམས་ཐོག་གཏམ་བཤད་བྱེད་སྐབས་བོད་སྐད་ཡིག་ལ་ཤ་ཚ་ཡོད་མདོག་མདོག་འདྲ་བཤད་དེ་ཉི་མ་གང་འཁྱོལ་བྱེད་པ་ནི་ཁ་བཤད་ཆུའི་ལྦུ་རང་ཡིན་པས། དེ་འདྲ་མི་བྱེད་པར་ལག་ལེན་གསེར་གྱི་ཐུག་པའི་ལས་དོན་འདི་འདྲ་ལ་ཆར་བ་གྲུ་འདེགས་བྱེད་རྒྱུ་ཧ་ཅང་གི་གལ་ཆེན་པོ་རེད།རྒན་བློ་བཟང་སྨོན་ལམ་ལགས་ཀྱི་བོད་སྤྱི་ལ་ཕན་པའི་ལས་དོན་མཐའ་དག་ལེགས་འགྲུབ་ཡོང་བར་སྨོན།

    Reply
  11. གྲྭ་ལོག says:
    ལོ་ 13 སྔོན།

    ཡག་པོ་རེད་དེ། ལས་ཀ་ཅུང་ཙམ་བྱས་མ་ཐག་ལམ་སེང་ཁྲོམ་བསྒྲགས་བྱ་རྒྱུར་རྔམ་དྲག་ན་ཡག་པོ་ཡོད་པ་མ་རེད། གཏམ་ཡོད་ན་སྡུག་ཆེ། དོན་ཆེ་ན་བློ་བདེ་གསུངས་པ་ལྟར། ༧གོང་ས་མཆོག་གི་སྙན་ལ་ཞེ་དྲག་གསར་གཏོད་བྱེད་ཡ་ཡོད་གསུངས་ཡོད་དུས། དེའི་ཚོད་ཀྱིས་ལས་ཀ་རྒྱ་ཆེན་པོ་གཏོང་ཟབ་པོ་ཞིག་བྱས་ན་ཡག་གི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese