མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙུན་མ་ ༢༧ རྒྱུཊ་སྤྲོད་ནང་ཞུཊ་འཆར།

བོད་ཀྱི་དུས་བབ།
༢༠༡༣/༠༥/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ནང་འཚོཊ་འཆར་ཡོད་པའི་དགེ་བཤེས་མའི་རྒྱུཊ་སྤྲོད་ནང་། རྒྱ་བལ་བཙུན་དགོན་ཁག་ནས་གཞུང་ཆེན་བཀའ་པོད་ལྔར་བསླབ་པ་མཐར་སོན་པའི་བཙུན་མ་ ༢༧ འཛུལ་ཞུཊ་བྱ་རྒྱུ་རེད།

བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་བཙུན་མའི་ལས་འཆར་གཉིས་ཀྱི་མཐུན་འགྱུར་འོག ཟླ་འདིའི་ཕྱི་ཚེས་ ༢༠ ནས་ཕྱི་ཟླ་ ༦ ཚེས་ ༣ ཉིན་བར། བཞུགས་སྒར་ངྷ་སར་ཡོད་པའི་འཇམ་དབྱངས་ཆོས་གླིང་བཙུན་དགོན་གྱི་ཆོས་རའི་ནང་། ལོ་རྒྱུས་རང་བཞིན་གྱིས་དགེ་བཤེས་མའི་རྒྱུགས་སྤྲོད་ཐོག་མ་དེ་མགོ་འཛུགས་གནང་རྒྱུ་ཡིན་འདུག

དེའི་ཐད་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དྲུང་ཆེ་ངག་དབང་ཆོས་གྲཊ་ལཊ་ཀྱིས་བརྗོད་པ་ལྟར་ན། ཐེངས་འདིའི་དགེ་བཤེས་མའི་རྒྱུཊ་སྤྲོད་ནང་རྒྱ་བལ་རིས་མེད་བཙུན་དགོན་ཁག་ནས་དུས་ཡུན་མི་ལོ་ ༡༧ རིང་གཞུང་ཆེན་བཀའ་པོད་ལྔར་བསླབ་པ་མཐར་སོན་ཏེ། སློབ་ཚན་རེར་ཆ་སྙོམས་སྐར་གྲངས་ ༧༥ ལོན་པའི་བཙུན་མ་ ༢༧ འཛུལ་ཞུཊ་གནང་རྒྱུ་ཡིན་ཞིང་། རྒྱུགས་སྤྲོད་སྐབས་ཀྱི་གཟུ་དཔང་ངམ་སྐར་གྲངས་སྤྲོད་མཁན་ལ་གདན་ས་ཁག་ནས་དགེ་བཤེས་ལྷ་རམས་པ་ཁག་ཅིག་གདན་ཞུ་གནང་རྒྱུ་དང་། དགེ་བཤེས་མའི་ཡིག་རྒྱུགས་ཁྲོད་བསྟུད་མར་ལོ་བཞིའི་རིང་གཞུང་ཆེན་ཁག་ལ་ཡིག་རྒྱུགས་འཕྲོད་པ་ཡིན་ན་གཞི་ནས་དགེ་བཤེས་མའི་ཕྱག་འཁྱེར་དེ་སྤྲོད་རྒྱུ་ཡིན་འདུག

དྲུང་ཆེ་ལགས་ཀྱིས་མུ་མཐུད་དུ་བརྗོད་དོན་ལ། ཕྱི་ཟླ་ ༥ ཚེས་ ༢༠ ཉིན་ཕར་ཕྱིན་འབྲི་རྒྱུགས་དང་ཚེས་ ༢༢ ཉིན་ཕར་ཕྱིན་རྩོད་རྒྱུགས། ཚེས་ ༢༤ ཉིན་དབུ་མ་འབྲི་རྒྱུགས་དང་ཚེས་ ༢༦ ཉིན་དབུ་མ་རྩོད་རྒྱུགས། ཚེས་ ༢༨ ཉིན་རྣམ་འགྲེལ་འབྲི་རྒྱུགས་དང་ཚེས་ ༣༠ ཉིན་རྣམ་འགྲེལ་རྩོད་རྒྱུགས། ཕྱི་ཟླ་ ༦ ཚེས་ ༡ ཉིན་བརྡ་སྤྲོད་རྒྱུགས་དང་ཚེས་ ༢ ཉིན་ཚན་རིག་རྒྱུགས། ཚེས་ ༣ ཉིན་རྒྱལ་རབས་ཡིག་རྒྱུགས་བཅས་གཏོང་རྒྱུ་ཡིན་འདུག

གསར་འགོད་པས་དྲུང་ཆེ་ངག་དབང་ཆོས་གྲཊ་ལཊ་སུ་དགེ་བཤེས་མའི་རྒྱུཊ་སྤྲོད་བརྒྱུད་བོད་ཀྱི་བཙུན་མའི་བསླབ་པ་སློབ་གཉེར་ཐོག་ཕན་ཐོཊ་ཅི་ཙམ་ཡོང་མིན་སྐོར་དྲིས་པར། “བོད་ཀྱི་ཆོས་ལུཊ་རིས་མེད་ཀྱི་བཙུན་མ་ཚོས་དགེ་བཤེས་མའི་རྒྱུགས་སྤྲོད་གཏོང་རྒྱུ་དེ་འདས་པའི་མི་ལོ་ ༣༠ གོང་ནས་༸གོང་ས་མཆོག་གིས་གསུངས་ཡོད་པ་ཞིག་ཡིན་རུང་། རྒྱུ་རྐྱེན་འདྲ་མིན་དབང་གིས་ད་བར་དུ་ལག་ལེན་དུ་བསྟར་ཐུབ་ཡོད་པ་མ་རེད། སྔ་ལོར་བཞུཊ་སྒར་དུ་སྐྱེས་རབས་གསུང་ཆོས་གནང་སྐབས་༸གོང་ས་མཆོག་གིས་དགེ་བཤེས་མའི་རྒྱུཊ་སྤྲོད་སྐོར་ལ་བསྐྱར་དུ་བཀའ་ནན་མོ་གནང་སྟབས། ང་ཚོས་གང་མགྱོགས་ལག་ལེན་དུ་བསྟར་བ་ཞིག་ཆགས་ཡོད། དགེ་བཤེས་མའི་རྒྱུཊ་སྤྲོད་འདི་བརྒྱུད་མ་འོངས་པར་བོད་པའི་བཙུན་མའི་གཞུང་ཆེན་སློབ་གཉེར་ཐོག་སྔར་ལས་ཕན་ཐོཊ་ཆེན་པོ་ཡོང་གི་རེད་བསམ་གྱི་འདུག དགེ་བཤེས་མའི་རྒྱུཊ་སྤྲོད་འདིའི་ནང་གཞུང་ཆེན་ཁག་ལ་སློབ་གཉེར་ཡག་པོ་བྱས་ཏེ་ཆ་རྐྱེན་ཚང་གི་ཡོད་ན། ས་དགེ་བཀའ་རྙིང་བོན་དང་བཅས་པའི་བཙུན་མ་རྣམས་ཁྱད་མེད་དུ་འཛུལ་ཞུཊ་ཆོག་གི་རེད ”ཅེས་བརྗོད།

བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་རྩིས་ཐོ་ལྟར་ན། ད་ཆར་རྒྱ་བལ་འབྲུག་གསུམ་བོད་པའི་བཙུན་དགོན་ ༢༤ དང་ཁྱོན་བཙུན་མ་ ༤༡༥༣ ལྷག་ཡོད་འདུག་ལ། དེ་དག་ཁྲོད་རྙིང་མའི་བཙུན་དགོན་ ༧ དང་། བཀའ་བརྒྱུད་བཙུན་དགོན་ ༦། ས་སྐྱ་ ༢། དགེ་ལུགས་ ༥། གཡུང་དྲུང་བོན་ ༡ བཅས་ཡོད་འདུག

གསར་འགོད་པ། དཔལ་ལྡན།   

་

 

འབྲེལ་ཡོད་གསར་འགྱུར།

Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

ཆུ་ཚོད་ ༡༦ སྔོན་ལ།
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༡༩ སྔོན་ལ།
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༢༡ སྔོན་ལ།
འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༥/༢༦
དེ་རིང་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་གྱི་སྔ་དྲོར་སྐབས་བཅུ་དྲུག་པའི་བཀའ་ཤག་གི་སྲིད་སྐྱོང་མཆོག་གི་དབུས་བཀའ་བློན་རྣམ་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་སྐབས་བཅུ་དྲུག་པའི་བཀའ་ཤག་ལ་འཐོན་མཇལ་བསྩལ།

༢༠༢༦/༠༥/༢༦
ཨོ་གླིང་གི་གྲོང་ཁྱེར་སི་ཌི་ནི་ (Sydney) ཡི་ཉེ་འགྲེམ་རི་སྔོན་པོ་ (Blue Mountain) རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་བཞིན་པ། པར་རང་བཙན་ཚོགས་ཆེན་གྱི་ངོ་དེབ་ནས་བླངས། ༢༠༢༦།༥།༢༣
Mobile App

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་ཨོ་གླིང་ནས་མཇུག་བསྒྲིལ།

༢༠༢༦/༠༥/༢༦

མཆན། 4

  1. དབུས་སྟོད་ཀྱི་སྐྱ་རེང་། says:
    ལོ་ 13 སྔོན།

    བོད་བརྒྱུད་ནང་བསྟན་བཙུན་མ་རྣམས་ལ་འཚམས་འདྲི་དང་ཁྱེད་རྣམས་གོ་སྐབས་བཟང་པོ་འདི་དང་བསྟུན་ནས་མཁས་བཙུན་བཟང་གསུམ་ཞིག་དང་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་ཁྱུ་དང་ཁྱུ་བསྒྲིགས་ནས་ཕེབས་པའི་སྨོན་འདུན་ཞུ།།

    Reply
  2. རིགས་པའི་གླེང་བུ། says:
    ལོ་ 13 སྔོན།

    ཆོས་རིག་དང་བཙུན་མའི་ལས་འཆར་གཉིས་ཀྱིས་དགེ་བཤེས་མ་ཡོང་ཐབས་ལ་འགྲོ་སོང་ཕོན་ཆེ་བཏང་སོང་། ད་དུང་དྷ་སའི་གཡས་གཡོན་ལ་ཡོད་པའི་བཙུན་མ་ཉམ་ཐགས་ཚོར་ལྟ་རྟོག་ཡག་ཙམ་གནང་ཐུབ་ན་དེ་ཡང་དགེ་མཚན་ཆེན་པོ་འདུག །

    Reply
  3. ཅང་མེད། says:
    ལོ་ 13 སྔོན།

    དགའ་འོས་པའི་འཆར་གཞི་ལ་སྔགས་བརྗོད་དང་བཅས་རྗེས་སུ་ཡི་རངས་བྱེད། ཡིན་ཡང་། ཇོ་ནང་པ་མི་འདུག ཅིག་བྱས་ན། ཇོ་ནང་བའི་ད་དུང་ཞོགས་ཟས་ཟ་མ་ཚར་བ་ཡིན་སྲིད། ཅིག་བྱས་ན། ཆོས་བཀའ་བློན་མཆོག་གི་་་གངས་སྐྱིད་ཁྲོམ་བར་དུ་ཇོ་ནང་པ་བླགས་སོང་བ་ཡིན་སྲིད།

    Reply
  4. དབྱར་ཁབ་ཀུན་བཟང། says:
    ལོ་ 13 སྔོན།

    ད་རེང་བཙུན་མའི་དགེ་བཤེས་མའི་རྒྱུགས་སྤྲོད་ཀྱི་ལས་བཞི་འདི་དགའ་འོས་པའི་བྱ་བ་ཞིག་རེད་ལ་ལྷག་པར་དུ་༧ གོང་ས་མཆོག་བཀའ་དགོངས་གཞི་བཟུང་ལག་ལེན་དངོས་སུ་སྟབས་པར་རྗེས་སུ་ཡི་རང་ཡོད།
    འོན་ཀྱང་རང་ཉིད་ཀྱིས་ལྟ་ཚུལ་ཞིག་ཡོད་པ་ནི་ད་རེང་རྒྱུགས་སྤྲོད་འདི་ཆོས་ལུགས་རིས་མེད་ཀྱི་དགེ་བཤེས་མའི་རྒྱུགས་སྤྲོད་ཡིན་པ་དང་། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་བཙུན་མའི་ལས་འཆར་གཉིས་ཀྱི་མཐུན་འགྱུར་འོག ནས་བྱས་པ་ཡིན་ཙང་། རྒྱུགས་སྤྲོད་ཀྱི་སྐར་གྲངས་སྤྲོད་མཁན་ཡང་ཆོས་ལུགས་གཅིག་ཙམ་མ་ཡིན་པར་རིས་མེད་ཀྱི་དགེ་བཤེས་མཁན་པོ་རྣམས་གདན་ཞུ་གནང་ན་ཕྱག་ལས་དེ་གཙང་མ་ཞིག་དང་ཕྱོགས་གང་འཐད་ནས་ལེགས་པོ་ཞིག་ཡོད་རྒྱུ་རེད་སྙམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese