གཟའ་ཉི་མའི་ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ཏུ་གསར་རྟོཊ་བརྒྱུད་ལམ་དང་བྷ་ཡེ་ཀེ་ཚཱི་གཉིས་ཀྱི་གོ་སྒྲིག་འོག ལྷ་རྒྱ་རི་ཁྲིན་ཆེན་གྱིས་ “ངའི་རྒྱལ་ཁབ་བོད་ཡིན་”ཞེས་པའི་གློག་བརྙན་གཟིཊ་འབུལ་གནང་བ་མ་ཟད། གློག་བརྙན་དང་འབྲེལ་བའི་བགྲོ་གླེང་ཞིག་ཀྱང་གོ་སྒྲིག་གནང་འདུག
ཕྱི་ཚེས་ ༥ ཉིན་གྱི་ཕྱི་དྲོ་ཨ་རིའི་གསར་རྟོཊ་བརྒྱུད་ལམ་གྱི་སློབ་གསོ་སྡེ་ཚན་ (Discovery Education) དང་ན་གཞོན་གློག་བརྙན་བཟོ་སྐྲུན་རྒྱབ་སྐྱོར་ཚོཊ་པ་བྷ་ཡེ་ཀེ་ཚཱི་ (Bykids) གཉིས་ཀྱི་གོ་སྒྲིག་འོག ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་རྟེན་གཞི་བྱེད་པའི་གསར་རྟོཊ་བརྒྱུད་ལམ་ (Discovery) གྱི་ལས་ཁུངས་ཨ་མ་རུ་བོད་བཙན་པོའི་གདུང་རྒྱུད་ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་དབང་ཕྱུག་མཆོག་གིས་དེ་སྔོན་བཟོ་སྐྲུན་བྱས་པའི་གློག་བརྙན་ “ངའི་རྒྱལ་ཁབ་བོད་ཡིན་” ཞེས་པ་གཟིཊ་འབུལ་ཞུས་ཡོད་པ་མ་ཟད། གཏམ་བཤད་དང་དྲི་བ་དྲིས་བཅས་གནང་ཡོད་འདུག་ལ། ལྷན་ཚོགས་དེར་རྒྱ་གར་གྱི་གློག་བརྙན་བཟོ་སྐྲུན་མཁས་ཅན་ཆཱོབ་རཱ་ (Joyce Chopra) ལཊ་དང་། བྷ་ཡེ་ཀེ་ཚཱི་ཚོཊ་པ་གསར་འཛུཊ་གནང་མཁན་ཧོ་ལེ་ཀར་ཊར་ (Holly Carter) བཅས་ཀྱིས་ཀྱང་གཏམ་བཤད་གནང་ཡོད་འདུག
ཐེངས་འདིའི་གློག་བརྙན་གཟིགས་འབུལ་གྱི་དམིགས་ཡུལ་གཙོ་བོ། ཨ་རི་གཙོས་འཛམ་གླིང་གང་སར་ཡོད་པའི་ན་གཞོན་སློབ་ཕྲུག་ཚོར། སྐབས་འཕྲལ་སློབ་ཚན་ཙམ་མ་ཡིན་པར་སོ་སོའི་རྣམ་དཔྱོད་བེད་སྤྱོད་གཏོང་རྒྱུར་སྐུལ་སློང་དང་། གློག་བརྙན་བཟོ་སྐྲུན་སོགས་བརྒྱུད་སློབ་ཕྲུག་སོ་སོའི་མི་ཚེ་སྐོར་སློབ་ཕྲུག་གཞན་དག་ལ་ཤེས་རྟོགས་དར་སྤེལ་གཏོང་རྒྱུ། དེང་གི་བརྡ་འཕྲིན་འཕྲུལ་རིག་ནི་སྤྱི་ཚོགས་དང་གང་ཟག་སྒེར་གང་གི་ཐད་ནས་གནད་དོན་དང་གནས་ཚུལ་གླེང་སློང་གོ་རྟོགས་སྤེལ་བའི་ཐབས་ལམ་མགྱོགས་ཤོས་དང་ལེགས་ཤོས་ཡིན་པ་སོགས་རང་གི་ཡོན་ཏན་ལ་རང་རྟོགས་བྱས་ཏེ། མ་འོངས་པར་བརྡ་འཕྲིན་འཕྲུལ་རིག་ལ་ཤེས་རྟོགས་དང་ལག་ལེན་ཐོག་སྐུལ་འདེད་བྱ་རྒྱུ་དེ་ཡིན་འདུག
བྷ་ཡེ་ཀེ་ཚཱི་ཚོགས་པའི་ཚོགས་གཙོ་ཀར་ཊར་ལགས་གྱིས། ཐེངས་འདིའི་གློག་བརྙན་གཟིགས་འབུལ་ལྷན་ཚོགས་ཀྱི་སྐུ་མགྲོན་གཙོ་བོར་ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་དབང་ཕྱུག་མཆོག་གདན་ཞུ་གནང་དོན་ནི། ༢༠༠༩ ལོར་ཁོང་གིས་ “ངའི་རྒྱལ་ཁབ་བོད་ཡིན་”ཞེས་པའི་གློག་བརྙན་བཟོ་སྐྲུན་གནང་བ་དེ་ན་གཞོན་སློབ་ཕྲུག་ཅིག་གིས་བཟོ་སྐྲུན་བྱས་པ་ཞིག་དང་། གློག་བརྙན་དེའི་ནང་ཁོང་རང་ཉིད་དང་ཁྱིམ་ཚང་གི་ལོ་རྒྱུས་དང་འབྲེལ་ཏེ་རྒྱ་ནག་གིས་བོད་བཙན་འཛུལ་བྱས་པ། རྒྱ་ནག་གི་དབང་སྒྱུར་འོག་བོད་མི་ཚོས་སྡུག་སྦྱོང་མནར་གཅོད་ཇི་ལྟར་མྱོང་གི་ཡོད་པ་སོགས་གསལ་སྟོན་གནང་ཡོད་པ་ནི། རྒྱལ་སྤྱིའི་ན་ཆུང་གློག་བརྙན་དུས་སྟོན། ཨ་རིའི་གློག་བརྙན་དུས་སྟོན་སོགས་གློག་བརྙན་དུས་སྟོན་མང་པོར་ཚུད་ཡོད་པ་མ་ཟད། བྱ་དགའ་ཡང་ཐེངས་མང་ཐོབ་མྱོང་ཡོད་སྟབས། ན་ཆུང་སློབ་ཕྲུག་ཞིག་ལ་མཚོན་ན་ཁོང་དང་ཁོང་གི་གློག་བརྙན་དེ་མིག་དཔེར་འོས་པ་ཞིག་ཡིན་སྟབས་གདན་ཞུ་བྱས་ཡོད་སྐོར་བརྗོད་འདུག
གསར་རྟོགས་བརྒྱུད་ལམ་ (Discovery) ནི། འཛམ་གླིང་རྒྱལ་ཁབ་ ༢༡༠ ནང་སྐད་རིགས་ ༤༠ ལྷག་གི་ཐོག ཚན་རིག་དང་ཤེས་ཡོན་སློབ་གསོ། གསར་འགྱུར། ལོ་རྒྱུས། ཡ་མཚན་དངོས་བྱུང་སོགས་སྡེ་ཚན་སྣ་མང་ཅན་གྱི་བརྒྱུད་ལམ་ཞིག་ཡིན་ཞིང་། དེའི་ཤེས་ཡོན་སློབ་གསོ་སྡེ་ཚན་གྱིས་གཙོ་བོ་སློབ་གྲྭ་དང་སློབ་ཕྲུག དགེ་རྒན་བཅས་ལ་དམིགས་ཏེ་ལས་རིམ་འདྲ་མིན་སྤེལ་གྱི་ཡོད་པ་དང་། ལས་རིམ་རིགས་བརྙན་འཕྲིན་དང་དྲ་ལམ། འོད་སྡེར་བཟོ་འགྲེམས་བརྒྱུད་ཤེས་ཡོན་སློབ་གསོ་སྤྲོད་ཀྱི་ཡོད་འདུག བྷ་ཡེ་ཀེ་ཚཱི་ཚོགས་པ་ནི། འཛམ་གླིང་ནང་གི་ན་གཞོན་ལོ་ ༨ ནས་ ༢༡ བར་གྱི་གློག་བརྙན་བཟོ་སྐྲུན་བྱེད་མཁན་དག་ལ་རྒྱབ་སྐྱོར་མཐུན་འགྱུར་དང་སྐྱེད་སྲིང་བྱེད་མཁན་གྱི་ཚོཊ་པ་ཞིག་ཡིན་འདུག