མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་མཁར་སྐྱོད་གྲུ་གཟིངས།

བོད་ཀྱི་དུས་བབ།
༢༠༡༣/༠༦/༡༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་དྲོར་རྒྱ་ནག་གིས་མིས་བཟོས་མཁའ་སྐྱོད་ “རྒྱང་འཕུར་མེ་ཤུགས་འཕུར་མདའ་ཨེ་ཧྥི་གཉིས་ (2F) ” རྟགས་ཅན་མཁའ་དབྱིངས་སུ་གཏོང་རྒྱུ་རེད།

དེ་རིང་ཕྱི་ཚེས་ ༡༡ ཉིན་གྱི་ཕྱི་དྲོའི་པེ་ཅིན་གྱི་ཆུ་ཚོད་ ༥།༣༨ སྟེང་། རྒྱ་ནག་གི་དབང་སྒྱུར་འོག་ཡོད་པའི་ནང་སོག་ཏུ་ཡོད་པའི་ཇེའུ་ཁུན་ (Jiuquan) རྟེན་གཞི་ནས་རྒྱ་ནག་གིས་མིས་བཟོས་མཁའ་སྐྱོད་ཐེངས་ལྔ་བ་ “རྒྱང་འཕུར་མིས་བཟོས་འཁོར་སྐར་ཨེ་ཧྥི་གཉིས་ (2F) ” རྟགས་ཅན་མཁའ་དབྱིངས་སུ་བཏང་ཡོད་པ་དང་། ཨེ་ཧྥི་གཉིས་རྟགས་ཅན་གྱི་མཁའ་སྐྱོད་མེ་ཤུགས་འཕུར་མདའ་དེར་ལྷ་སྐྱོད་གྲུ་གཟིངས་བཅུ་བ་ (Shenzhou-10) ཞེས་བཏགས་ཡོད་འདུག

ཨེ་ཧྥི་གཉིས་རྟགས་ཅན་གྱི་ལྷ་སྐྱོད་གྲུ་གཟིངས་བཅུ་བ་ཞེས་པའི་ནང་རྒྱ་ནག་གི་མཁའ་སྐྱོད་པ་ནའེ་ཧ་ཤེང་ (Nie Haisheng) ཟེར་བའི་སྣེ་ཁྲིད་འོག ཤང་ཞཱེའོ་གྷུང་ (Zhang Xiaoguang)  དང་། བུད་མེད་ཝང་ཡ་ཕེན་ (Wang Yaping) གསུམ་འཕུར་སྐྱོད་བྱས་ཡོད་པ་དང་། ཝང་ཡ་ཕེན་ནི་རྒྱ་ནག་གི་མཁའ་སྐྱོད་བུད་མེད་ཐེངས་གཉིས་པ་དེ་ཆགས་ཡོད་འདུག

ཐེངས་འདིའི་ཨེ་ཧྥེ་གཉིས་རྟགས་ཅན་གྱི་མཁའ་སྐྱོད་མེ་ཤུགས་འཕུར་མདའ་འདི་རྒྱ་ནག་གི་མཁའ་ལམ་བརྟག་དཔྱད་འབབ་ཚུགས་ལྷའི་ཁང་བཟང་ (Tiangong-1) ཞེས་པ་ནས་འབབ་རྒྱུ་ཡིན་པ་དང་། སའི་གོ་ལའི་འཁོར་ལམ་ (Orbit) ནང་ཉིན་ ༡༥ སྡོད་འཆར་ཡོད་འདུག་ལ། ཐེངས་འདིའི་མཁའ་སྐྱོད་དེའི་དམིགས་འབེན་ནི་རྒྱ་ནག་གི་མཁའ་ལམ་འབབ་ཚུགས་འཐུས་སྒོ་ཇེ་ཚང་དུ་གཏོང་ཆེད་ཡིན་སྐོར་བརྗོད་འདུག

རྒྱ་ནག་གིས་མིས་བཟོས་མཁའ་སྐྱོད་ཐོག་མ་ ༢༠༠༣ ལོར་མཁའ་དབྱིངས་སུ་བཏང་ཡོད་པ་དང་། འདས་པའི་ལོ་བཅུ་ཕྲག་གཅིག་ཙམ་གྱི་རིང་མཁའ་སྐྱོད་མེ་ཤུགས་འཕུར་མདའི་ལས་གཞིར་ཡར་རྒྱས་དང་ནུས་ཤུགས་བཏོན་ཡོད་ཀྱང་། ཨ་རི་དང་རཱ་ཤཱི་ཡ་སོགས་དང་བསྡུར་ན་ད་དུང་ཧེ་བག་ཆེན་པོ་ཤོར་ཡོད་འདུག རྒྱ་ནག་གིས་ ༢༠༢༠ ལོའི་བར་ཟླ་བའི་སྟེང་འགྲོ་ཐུབ་པ་དང་སའི་གོ་ལའི་འཁོར་ལམ་དུ་མཁའ་སྐྱོད་འབབ་ཚུགས་རྒྱག་རྒྱུ་བཅས་ཀྱི་ཕུགས་བསམ་བཟུང་ཡོད་འདུག

དཔྱད་བརྗོད་པ་དག་གིས་རྒྱ་ནག་གིས་མཁའ་སྐྱོད་མེ་ཤུགས་འཕུར་མདའི་ལས་གཞིའི་ཐད་ཨ་སྒོར་ཐེར་འབུམ་མང་པོའི་འགྲོ་གྲོན་གཏོང་གི་ཡོད་པ་ནི། རྒྱ་ནག་གིས་རང་ཉིད་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་སྣང་བརྙན་སྐྲུན་ཐབས་དང་། འཕྲུལ་རིག་ཡར་ཐོན། དེ་སྔའི་དབུལ་ཕོངས་ཀྱི་མི་རིགས་དེ་ཉིད་དམར་པོའི་སྲིད་གཞུང་གིས་འཕེལ་རྒྱས་སུ་བཏང་ཡོད་པའི་གྲུབ་འབྲས་སོགས་སྟོན་ཕྱིར་ཡིན་པར་གླེང་།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༡༧ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༢༠ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༢༡ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 4

  1. jigme sengye says:
    ལོ་ 13 སྔོན།

    གད་མོ་ཤོར་བ་ཞིག་ལ་མེ་ཤུགས་འཕུར་མདའ་ཟེར། གསར་འགོད་པས་འདི་ཙམ་ཡང་མི་ཤེས་ན་ངས་ཁྱེད་ལ་གསལ་འགྲེལ་བྱེད་དགོས། སྤྱིར་བཏང་མིས་བཟོས་འཁོར་སྐར་གྱི་རྣམ་གྲངས་ཤིག་རེད། ཡིན་ནའང་ལོ་རབས་བརྒྱད་བཅུ་དགུ་བཅུའི་ནང་འཁོར་སྐར་གྱི་རྣམ་གྲངས་ཇེ་མང་དུ་སོང་བ་དང་བསྟུན་ཏེ། ད་རེས་ཀྱི་འཁོར་སྐར་འདི་རིགས་ཀྱི་མིང་ལ་འཕུར་གྲུ་ཟེར་གྱི་ཡོད་པ་རེད། རྒྱ་ནག་གིས་ཁ་སང་ཕྱི་དྲོའི་ཆུ་ཚོད་6:38སྟེང་མཁའ་དབྱིངས་སུ་བཏང་བའི་མིང་ལ་ (ལྷ་གྲུ་བཅུ་བ་རྟགས་ཅན་གྱི་འཕུར་གྲུ)ཟེར་གྱིན་འདུག
    འོག་ཏུ་བོད་དགའ་ཟེར་བས་མང་པོ་ཞིག་བཤད་བསྡད་པ་དེར་གནས་ལུགས་ཆེན་པོ་མཐོང་མ་སོང་།

    Reply
  2. བོད་དགའ། says:
    ལོ་ 13 སྔོན།

    གནས་ཚུལ་དུས་ཐོག་ཏུ་བཀོད་པར་ཐུགས་རྗེ་ཆེ།
    འདིར་ཇུས་རྟོག་ཁ་ཤས་ཞིག་བྱ་འདོད་བྱུང་བས་དགོངས་འགལ་མེད་པར་མཁྱེན།
    དང་པོ། གསར་འགྱུར་འདིའི་ཁ་བྱང་དུ་(རྒྱ་ནག་གི་མཁར་སྐྱོད་གྲུ་གཟིངས།) བཏགས་འདུག “གྲུ་གཟིངས་”གསུངས་ན་ཅུང་ནོར་བ་རེད་དྲན། རྒྱུ་མཚན་གྲུ་གཟིངས་ནི་ཆུའི་ཁར་གཏོང་བའི་མི་དང་དོ་པོ་སོགས་སྐྱེལ་འདྲེན་བྱེད་སྤྱད་ཅིག་ལ་གོ་བ་དང་། དེའང་“གཟིངས་”ཀྱི་བྱུང་ཁུངས་ཀྱང་“རྫིངས”ཡིན་པ་དང་། “རྫིངས”ནི་འཁྱིལ་ཆུ་དང་མཚེའུ་སོགས་འཇུག་པའི་“རྫིང”ཞེས་པ་ལས་དྲངས་བར་བཤད་ཡོད།
    གཉིས་པ། གསར་འགྱུར་གྱི་ཆེད་བརྗོད་ལས། (རྒྱང་་་་་་་་་(2F) རྟགས་ཅན་མཁའ་དབྱིངས་སུ་གཏོང་རྒྱུ་རེད།) གསུངས་འདུག “གཏོང་”དང་“རྒྱུ་”གཉིས་མཉམ་དུ་ཡོང་མི་ཐུབ། རྒྱུ་མཚན་ནི་“གཏོང་”ད་ལྟ་བ་དང་། “རྒྱུ་”ནི་མ་འོངས་གསལ་བྱེད་ཀྱི་སྒྲ་ཡིན་པས་སོ། དེས་(“རྒྱང་་་་་་་་(2F) ” རྟགས་ཅན་མཁའ་དབྱིངས་སུ་“བཏང་འདུག”)ཅེས་གསུངས་ན་གོ་བདེ། རྒྱུ་མཚན་ནི་འོག་གི་གནས་ཚུལ་ནང་དུ་རྒྱ་ནག་གིས་མེ་ཤུགས་འཕུར་མདའ་དེ་བཏང་ཟིན་འདུག་པས་རེད།
    གལ་སྲིད་ཇུས་རྟོག་མང་དྲགས་སོང་ན་དགོངས་འགལ་མེད་པར་མཁྱེན།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    དཔྱད་བརྗོད་པ་དག་གིས་རྒྱ་ནག་གིས་མཁའ་སྐྱོད་མེ་ཤུགས་འཕུར་མདའི་ལས་གཞིའི་ཐད་ཨ་སྒོར་ཐེར་འབུམ་མང་པོའི་འགྲོ་གྲོན་གཏོང་གི་ཡོད་པ་ནི། ་་་་་་ཞེས་པ་འདི།
    ང་ལ་ནི། ངས་བྱས་ན་རྒྱ་ཡི་མི་སེར་མང་པོའི་ཁ་ཡི་བག་ལེབ་རིན་བབ་འཕྲོག་ནས། དབུལ་ཕོངས་རྣམས་ད་དུང་དབུལ་ཕོངས་ཀྱི་གནས་སུ་བསྐྱལ་བར་འདོད་ལགས།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ཨ་རི་དང་རཱ་ཤཱི་ཡ་སོགས་དང་བསྡུར་ན་ད་དུང་ཧེ་བག་ཆེན་པོ་ཤོར་ཡོད་འདུག རྒྱ་ནག་གིས་ ༢༠༢༠ ལོའི་བར་ཟླ་བའི་སྟེང་འགྲོ་ཐུབ་པ་དང་སའི་གོ་ལའི་འཁོར་ལམ་དུ་མཁའ་སྐྱོད་འབབ་ཚུགས་རྒྱག་རྒྱུ་བཅས་ཀྱི་ཕུགས་བསམ་བཟུང་ཡོད་འདུག ་་་་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese