མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀྲུའུ་ལ་གནད་དོན་འབྱུང་རྒྱུ་ཡིན་པ་བརྒྱ་ཆ་བརྒྱ་རེད་ཟེར།

བོད་ཀྱི་དུས་བབ།
༢༠༡༣/༡༢/༠༧
Share on FacebookShare on TwitterShare on EmailShare on Whatsapp

པའོ་ཞི་ལེ་ལ་རྒྱ་ནག་གཞུང་གིས་ཉེས་འཛུགས་ཁྲིམས་བཤེར་རབས་དང་རིམ་པ་བྱས་པ་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གླེང་སློང་ཆེན་པོ་བྱུང་བ་ཅུང་མར་འཇགས་བཞིན་པའི་སྐབས་འདིར། སླར་ཡང་རྒྱ་ནག་དབུས་ཆབ་སྲིད་སྡེ་ཚན་གྱི་རྒྱུན་ལས་ཟུར་པ་ཀྲུའུ་ཡཱོང་ཁང་ལ་ལྐོག་ཟ་རུལ་སུངས་ཀྱི་དོགས་གཞིའི་འོག་ཞིབ་བཤེར་བྱས་པའི་གནས་ཚུལ་ཞིག་མགོ་བརྩམས་ཡོད།

ཟླ་འདིའི་ཕྱི་ཚེས་ ༢ ཉིན་ཧོང་ཀོང་ཤིན་ཏོ་ཉིན་རེའི་ཚགས་པར་སྟེང་། པེ་ཅིན་སྲིད་གཞུང་གིས་ཁྲིམས་འཛིན་ལས་ཁུངས་རིམ་པའི་ལས་བྱེད་ཚོར་ཡིག་ཆ་གལ་ཆེན་ཞིག་བཀྲམས་ཡོད་པའི་ནང་། རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་ཟུར་པ་ཀྲུའུ་ཡཱོང་ཁང་(Zhou Yongkang)གིས་དམར་ཤོག་ཚོགས་པའི་སྲིད་དབང་མགོ་རྟིང་སློག་རྩིས་དང་ལྐོག་ཟ་རུལ་སུངས་བྱས་པའི་ནག་ཉེས་འོག་ཟླ་འདིའི་ཚེས་ ༡ ཉིན་ནས་བཀག་ཉར་བྱས་ཚུལ་བཀོད་ཡོད་ཀྱང་། པེ་ཅིན་གཞུང་གིས་དེར་གསལ་བཤད་གང་ཡང་བྱས་མེད་པར་གསར་ལམ་ཁག་གི་གནས་ཚུལ་དེའི་སྐོར་བཀག་སྡོམ་བྱས་ཡོད། དེ་བཞིན། འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༡ ཉིན་ཀྲུང་དབྱང་བརྙན་འཕྲིན་ཁང་གི་དབྱིན་ཡིག་ཊི་ཊིར་(Twitter)སྟེང་། སྲིད་འཛིན་ཞི་ཅིན་ཕིན་གྱིས་བཀའ་བཏང་སྟེ་ཀྲུའུ་ཡཱོང་ཁང་ལ་ཆེད་དམིགས་ཞིབ་བཤེར་ཚོགས་ཆུང་ཞིག་འཛུགས་དགོས་ཚུལ་བརྗོད་ཡོད་པ་དང་། པེ་ཅིན་གྲོང་ཁྱེར་ཉེན་རྟོག་ལས་ཁུངས་ཀྱི་མགོ་ཁྲིད་གཞོན་པ་ཧྥོའུ་ཀྲིན་ཧྭ་ལ་ཀྲུའུ་ལ་རྟོག་ཞིབ་གཟབ་ནན་བྱེད་དགོས་པ་དང་། རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཝང་ཅི་ཧྲན་ལ་སྤྱི་ཡོངས་ནས་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གཏོང་དགོས་པའི་ལས་འགན་སྤྲད་ཡོད་ཚུལ་སོགས་བཀོད་ཡོད་ཀྱང་། གནས་ཚུལ་དེ་སྤེལ་བའི་ཕྱི་ཉིན་ནག་བསུབ་བཏང་ཡོད་འདུག

རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་གྲོལ་རྗེས་ཀྲུའུ་ཡཱོང་ཁང་ལ་ཞིབ་བཤེར་མགོ་འཛུགས་བྱས་ཡོད་ཅིང་། ཀྲུའུ་ཡི་ནང་མི་དང་དྲུང་ཡིག ཁོས་དེ་སྔོན་ལས་ཀ་བྱས་མྱོང་སའི་སི་ཁྲོན་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭ་སོགས་ཀྱི་མགོ་ཁྲིད་རྣམས་སྔ་གཞུག་ཏུ་འཛིན་བཟུང་བྱས་ཡོད་པ་མ་ཟད། ཉེ་ཆར་ཀྲུའུ་ཡི་བུ་ཀྲུའུ་པིན་སེངྒ་ཕོར་ནས་པེ་ཅིན་དུ་ཁྲིད་དེ་བཀག་ཉར་གྱིས་ལྐོག་ཟ་རུལ་སུངས་ཀྱི་གྱོད་གཞི་ཞིག་ལ་ཞིབ་བཤེར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་ཡོད།

བརྒྱུད་ལམ་ཁག་ཏུ་ཀྲུའུ་དང་ཀྲུའུ་ཚང་གི་ནག་ཉེས་མང་པོ་ཞིག་བགྲང་གི་ཡོད་པ་དག་ནི། ཕྱི་ལོ་ ༡༩༩༩ ནས་ ༢༠༠༢ བར་ཀྲུའུ་ཡིས་སི་ཁྲོན་ཞིང་ཆེན་དམར་ཤོག་དྲུང་ཆེའི་བྱས་སྐབས། སི་ཁྲོན་ཞིང་ཆེན་གྱི་སྤྱི་ཁྱབ་གཞོན་པ་ཟུར་པ་ཀོ་ཡཱོང་ཞང་ལ་ལྐོག་ཇུས་འཐེན་བཅུག་སྟེ་ཀྲུའུ་ཡི་ཁ་ལོ་བ་གཉིས་ཀྱིས་རླངས་འཁོར་བརྡབ་སྐྱོན་གྱི་བྱེད་ཐབས་སྤྱད་དེ་ཀྲུའུ་ཡི་སྐྱེས་དམན་རྐྱེན་ལམ་དུ་བཏང་ཡོད་པ་མ་ཟད། ཁ་ལོ་བ་གཉིས་ཀྱིས་བསམ་བཞིན་དུ་བུད་མེད་དེ་རྐྱེན་ལམ་དུ་བཏང་བ་ངོས་ལེན་བྱས་ཏེ་ལོ་ ༡༥ ནས་ ༢༠ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་ལོ་གསུམ་བཞི་ལས་མ་ཕྱིན་པར་བཙོན་གྲོལ་བཏང་སྟེ། གཅིག་སི་ཁྲོན་ཞིང་ཆེན་རླངས་འཁོར་ཁ་ལོ་བའི་རུ་ཁག་གི་འགན་འཛིན་གཞོན་པ་དང་། གཞན་དེ་ཧྲན་ཏུང་ཞིང་ཆེན་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭའི་སྤྱི་ཁྱབ་གཞོན་པར་བསྐོ་བཞག་བྱས་ཡོད་འདུག ཆུང་མ་རྐྱེན་ལམ་དུ་ཕྱིན་མ་ཐག་ཀྲུའུ་ཡིས་རང་ཉིད་ལས་ལོ་ངོ་ ༢༨ གྱིས་ཆུང་བའི་ཀྲུང་དབྱང་བརྙན་འཕྲིན་ཁང་གི་མདོ་འཛིན་པ་དང་། རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙེ་མེན་གྱི་ཆུང་མའི་ཚ་མོ་ཅཱ་ཞོ་ཡཱས་ལ་གཉེན་སྒྲིག་བྱས་ཏེ་ཅང་ཙེ་མེན་གྱི་ལག་རོགས་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་དང་། བཟའ་ཟླ་རྐྱེན་ལམ་དུ་བཏང་བའི་གནད་དོན་དེའང་ཅང་ཙེ་མེན་གྱི་ཐབས་ཇུས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།  

ཀྲུའུ་ཡཱོང་ཁང་སི་ཁྲོན་ཞིང་ཆེན་དམར་ཤོག་དྲུང་ཆེ་ཡིན་སྐབས། སི་ཁྲོན་ཞིང་ཆེན་ནི་རྒྱ་ནག་ནང་རྩ་རླུང་སྒོམ་སྒྲུབ་པ་དམར་གསོད་དྲག་གནོན་ཤུགས་ཆེ་ཤོས་དེ་ཡིན་པ་མ་ཟད། ༢༠༠༧ ལོར་ཁོ་བོ་རྒྱ་ནག་དབུས་ཆབ་སྲིད་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་སུ་བསྐོས་རྗེས། རྩ་རླུང་སྒོམ་སྒྲུབ་པར་སྔར་ལས་དྲག་གནོན་ཤུགས་ཆེ་རུ་བཏང་སྟེ་ ༢༠༡༢ ལོར་རྩ་རླུང་སྒོམ་སྒྲུབ་པར་དྲག་གནོན་ཆེད་རྒྱ་སྒོར་དུང་ཕྱུར་ ༧༠༡༨ བཏང་ཡོད། ན་ནིང་ཕྱི་ཟླ་ ༢ ཚེས་ ༦ ཉིན་ཝང་ལི་ཅིན་ཁྲིན་ཏུའུ་ཨ་རིའི་གཞུང་ཚབ་ཏུ་བྲོས་བྱོལ་སྐབས་པའོ་ཞི་ལེ་དང་ཀྲུའུ་ཡཱོང་ཁང་སོགས་ཅང་ཙེ་མིན་གྱི་ཕྱོགས་གཏོགས་ཚོས་ཆེད་དུ་རྩ་རླུང་སྒོམ་སྒྲུབ་པ་མང་པོ་དམར་གསོད་བྱས་པའི་གནས་ཚུལ་ཕྱིར་ཐོན་ཡོད་པ་མ་ཟད། ཀྲུའུ་ཡི་བུ་ཀྲུའུ་པིན་གྱིས་རྒྱ་སྒོར་ས་ཡ་ ༣ ལྷག་བཏང་སྟེ་རྩ་རླུང་སྒོམ་སྒྲུབ་པར་དུག་རྫས་ཚོད་ལྟ་བྱས་ཏེ་ངན་གསོད་དང་། རྩ་རླུང་སྒོམ་སྒྲུབ་པའི་སྙིང་དང་མཁལ་མ་སོགས་དོན་ལྔ་གསོན་བཀོག་བྱས་ཏེ་ཕྱིར་ཚོང་བྱས་པ་བརྒྱུད་ལམ་ཁག་ཏུ་ཐོན་ཡོད།

དམར་ཤོག་ཚོགས་པའི་སྲིད་དབང་མགོ་རྟིང་སློག་རྩིས་བྱས་པའི་ནག་ཉེས་སྐོར་ལ། ཀྲུའུ་དང་པའོ་ཞི་ལེ་གཉིས་མཉམ་འབྲེལ་ཐོག་ཅང་ཙེ་མེན་གྱི་ཁ་གཏད་ཚོགས་པའི་དཔོན་རིགས་ཞི་ཅིན་ཕིན་དང་ཝུན་ཅཱ་པའོ། ཧོའུ་ཀོ་ཆཱང་སོགས་ཀྱི་གསང་བའི་ཡིག་ཆ་འཚོལ་བསྡུ་དང་ཁ་པར་ལ་ལྐོག་ཉན་བྱས་ཏེ། ཁ་གཏད་ཤོག་ཁག་གི་སྲིད་དབང་མགོ་རྟིང་སློག་རྩིས་བྱས་པའི་ཡིག་ཆ་རྣམས་ཝང་ལི་ཅིན་གྱིས་ཁྲིན་ཏུའུ་ཨ་རིའི་གཞུང་ཚབ་ཁང་དུ་སྤྲད་ཡོད་སྟབས། སྔར་ལོའི་ཕྱི་ཟླ་ ༢ ཚེས་ ༡༤ ཉིན་ཞི་ཅིན་ཕིན་ཨ་རིར་སྐྱོད་སྐབས་ཨ་རིའི་གསར་ལམ་ཁག་ཏུ་ཐོན་ཡོད་པ་མ་ཟད། དེ་སྔོན་པའོ་ཡི་ཆུང་མ་ཀུའུ་ཁེ་ལའི་ལ་འདྲི་གཅོད་བྱེད་སྐབས། ཁོ་མོ་ཀྲུའུ་དང་པའོ་གཉིས་བར་ཀྱི་གསང་བའི་ལས་འཆར་དེའི་འབྲེལ་མཐུད་པ་ཡིན་པ་ངོས་ལེན་བྱས་ཡོད་འདུག

དེ་བཞིན། ཕྱི་ལོ་ ༢༠༠༢ ནས་ ༢༠༠༣ ལོའི་བར་ཀྲུའུ་ཡཱོང་ཁང་རྒྱ་ནག་དབུས་ཉེན་རྟོག་ཁང་གི་མགོ་ཁྲིད་དང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་གཞོན་པ་ཡིན་སྐབས། རྒྱ་ནག་གི་ཉེས་དོན་ལོ་རེ་བཞིན་བརྒྱ་ཆ་ ༡༧ ནས་ ༢༢ བར་འཕར་ཡོད་པ་མ་ཟད། མི་མང་གིས་ཉེན་རྟོག་ལས་ཁུངས་ནི་ལྐོག་ཟ་རུལ་སུངས་མང་ཤོས་དང་གདུག་རྩུབ་ཆེ་ཤོས་ཀྱི་ལས་ཁུངས་ཤིག་ཏུ་ངོས་འཛིན་གྱིས་མི་མང་གཞུང་ལ་ཡིད་ཆད་བྱུང་བའི་ནག་ཉེས་སོགས་བགྲངས་འདུག

ཀྲུའུ་ཡིས་བུད་མེད་མང་པོར་ངན་འབྲེལ་བྱས་སྐོར་ལ། ༡༩༨༩ ནས་ ༡༩༩༠ ལོའི་བར་ཀྲུའུ་ཡིས་རྒྱ་ནག་དབུས་རང་བྱུང་སོལ་རླངས་ཚོང་གཉེར་ཁང་གི་སྤྱི་གཉེར་བའི་འགན་འཁུར་སྐབས། པའོ་ཞི་ལེ་ཡི་འབྲེལ་བ་བརྒྱུད་དེ་བརྙན་འཕྲིན་མདོ་འཛིན་པ་དང་གླུ་མ། གློག་བརྙན་འཁྲབ་སྟོན་པ་སོགས་ལ་ལྐོག་འབྲེལ་བྱས་པའི་བརྙན་ཐུང་ཕྱི་གྱར་ཡོད་སྟབས། མི་མང་གིས་‘བྱ་བརྒྱའི་རྒྱལ་པོ’ཞེས་འཕྱ་སྨོད་བྱས་ཡོད་པ་མ་ཟད། མགྲོན་ཁང་གི་ཞབས་ཞུ་མ་མང་པོར་བཙན་གཡེམ་བྱས་པའི་གནས་ཚུལ་ཐོན་ཡོད་པ་རེད།

ཀྲུའུ་ཚང་གིས་ལྐོག་ཟ་རུལ་སུངས་ཕོན་ཆེན་བྱས་པའི་དོགས་གཞིའི་སྐོར་ལ། གནད་དོན་མང་ཆེ་བ་སྔོན་ཆད་པའོ་ཞི་ལེ་ཡི་དབང་བསྒྱུར་འོག་ཡོད་པའི་ཁྲུང་ཆེན་གྲོང་ཁྱེར་དུ་བྱུང་ཡོད་པ་དང་། ཀྲུའུ་ཡི་བུ་ཀྲུའུ་པེན་གྱིས་ཁྲུང་ཆིན་གྲོང་ཁྱེར་ནས་རྒྱ་སྒོར་དུང་ཕྱུར་ ༤༢༠ ལྷག་གི་བཟོ་སྐྲུན་རྣམ་གྲངས་བདག་གཉེར་བྱས་ཡོད་པ་མ་ཟད། བཟོ་སྐྲུན་དངུལ་དངོས་ཀྱི་བཞི་ཆའི་གཅིག་ཀྲུའུ་པིན་མི་སྒེར་ལ་ཐོབ་ཡོད་པ་སོགས་པའོ་ཞི་ལེ་ཡི་དབང་ཤུགས་ལ་བརྟེན་ཏེ་ཁྱོན་རྒྱ་སྒོར་དུང་འཕྱུར་ ༢༠༠ ལྷག་གི་རྒྱུ་དངོས་ཧམ་བཟུང་བྱས་ཡོད་འདུག ཀྲུའུ་པིན་གྱིས་ཀན་སུའུ་དང་ཧྲན་ཞི། ལེའོ་ལིན་སོགས་ཀྱི་ཁྲིམས་འཛིན་ལས་དོན་ནང་འཛུལ་ཏེ་ཉེས་ཅན་འགེབ་སྲུང་ཆེད་ལྐོག་རྔན་བླངས་པ། དཔེར་ན། ཆེས་མཐོའི་མི་མང་ཁྲིམས་ཁང་གི་ཞིབ་བཤེར་ཡིག་ཆ་ཞིག་ཏུ། ཉེན་རྟོག་ཁང་གིས་དོགས་ཡོད་ཉེས་ཅན་ཞིག་ཆུ་ཁོལ་གྱིས་གསོན་སྲེག་བྱས་ཏེ་འདས་གྲོངས་སུ་གྱུར་བ་གསལ་བོ་བཀོད་ཡོད་ཀྱང་། འབྲེལ་ཡོད་ནས་ཀྲུའུ་པིན་ལ་རྒྱ་སྒོར་དུང་ཕྱུར་གཅིག་གི་ལྐོག་རྔན་སྤྲད་དེ་ཁྲིམས་ཆད་བཏང་མེད།

ལྐོག་ཟ་རུལ་སུངས་ཀྱི་འབྱུང་ཁུངས་གཞན་ཞིག་ནི། ཀྲུའུ་ཚང་གི་དཔལ་འབྱོར་གཙོ་གཉེར་བ་ཝོའུ་པིན་ད་ལོའི་ཕྱི་ཟླ་ ༨ པའི་ནང་ཕྱི་རྒྱལ་དུ་འབྲོ་རྩིས་བྱས་སྐབས་འཛིན་བཟུང་བྱས་ཡོད་པ་དང་། ཁོས་ཀྲུའུ་ཚང་གི་ཆེད་དུ་ལོ་རེར་རྒྱ་སྒོར་དུང་ཕྱུར་ ༢༧ ལྷག་གི་ཁེ་སྤོགས་ཡོད་པའི་ཧྲན་ཞི་ཞིང་ཆེན་ཡུའུ་ལིན་རྡོ་སྣུམ་བཟོ་གྲྭའི་སྣུམ་གཏེར་ལ་རྒྱ་སྒོར་ས་ཡ་ ༩༠ ཙམ་སྤྲད་དེ་ཉོས་ཡོད་པ་དང་། རྒྱ་སྒོར་དུང་ཕྱུར་ ༨༠ ལྷག་གི་ཁེ་ལས་རྣམ་གྲངས་ལ་རྒྱ་སྒོར་ས་ཡ་ ༤༠ ཙམ་སྤྲད་དེ་བདག་བཟུང་བྱས་པ་སོགས་རྒྱལ་ཁབ་ཀྱི་རྒྱུ་དངོས་དུང་ཕྱུར་མང་པོ་ཧམ་བཟུང་བྱས་ཡོད་འདུག

རྒྱ་ནག་གི་ཆབ་སྲིད་གནད་དོན་ཆེད་མཁས་པ་ཧོའུ་ཕེན་གྱིས། ཀྲུའུ་ཚང་གི་ལྐོག་ཟ་རུལ་སུངས་གནད་དོན་ཧ་ཅང་ཚབས་ཆེན་ཡིན་སྟབས། ཀྲུའུ་ལ་གནད་དོན་འབྱུང་རྒྱུ་ཡིན་པ་བརྒྱ་ཆ་བརྒྱ་ཡིན་ནའང་ཁོ་ལ་དངོས་སུ་ཁྲིམས་རྭ་ཚོགས་ཏེ་འདྲི་གཅོད་བྱ་རྒྱུ་ཡིན་ནམ། ཡང་ན་དམར་ཤོག་ཚོགས་པ་ནང་ཁུལ་ནས་ཐག་གཅོད་བྱ་རྒྱུ་གནད་འགག་ཆགས་ཡོད་པ་དང་། ཀྲུའུ་ཡཱོང་ཁང་ལ་ཐག་གཅོད་བྱ་རྒྱུ་ཡིན་མིན་དེ་ཞི་ཅིན་ཕིན་གྱི་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གཏོང་བའི་སྟ་རེ་དང་པོ་དེ་ཡིན་ལ། ད་ལྟ་སྟ་རེ་དེ་གཡུག་གི་ཡོད་སྟབས་ཀྲུའུ་ཡི་གནད་དོན་གང་འཚམ་ཐག་གཅོད་བྱུང་རྗེས་ཝུན་ཅཱ་པའོ་དང་དབུས་འཐབ་ཤོག་གཅིག་གྱུར་ཁང་གི་འགན་འཛིན་ལིན་ཅི་ཧྭ་གཉིས་ལ་ཐག་གཅོད་མི་བྱེད་ཐབས་མེད་ཡིན་ལ། གལ་སྲིད་ཞི་ཅིན་ཕིན་གྱིས་ཁོ་གསུམ་ཚར་གཅོད་བྱས་ཐུབ་པ་ཡིན་ན། ཞི་ཅིན་ཕིན་གྱི་སྟག་དང་སྦྲང་ནག་མཉམ་རྡུང་གི་སྲིད་བྱུས་ལ་མི་མང་གིས་གདེང་འཇོག་གསར་པ་ཞིག་འཐོབ་སྲིད་ཀྱང་། དམར་ཤོག་ཚོགས་པའི་མགོ་ཁྲིད་ཞི་ཅིན་ཕིན་སོགས་ཀྱིས་སེམས་ཐག་གཙང་བཅད་དང་དུས་ཡུན་ངེས་ཅན་ནང་ཕྱོགས་ཡོངས་ནས་གྲ་སྒྲིག་འཐུས་ཚང་བྱེད་དགོས་སྟབས། ད་ལྟའི་ཆར་ཀྲུའུ་ཡི་ཉེ་འཁོར་གྱི་འབྲེལ་ཡོད་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་འཛིན་བཟུང་བྱས་ཏེ་ཀྲུའུ་ལ་ཐག་གཅོད་བྱེད་པར་སྔོན་འགྲོ་སྒྲུབ་བཞིན་ཡོད་པ་རེད་ཅེས་སོགས་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

སྐར་མ ༥༩ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༧།༧།༡༥
Mobile App

དུས་རབས་ཉེར་གཅིག་པའི་མི་གྲངས་མང་ཤོས་རྐྱེན་འདས་སུ་གྱུར་བའི་དམག་འཁྲུག་ཆེན་པོ་གསུམ།

ཆུ་ཚོད་ ༢༠ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

མི་རིགས་ཀྱི་ཤུལ་བཞག་རིག་དངོས་རྩ་གཏོར་བྱེད་པ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན།

༢༠༢༦/༠༧/༡༤
འཛམ་གླིང་རྐང་སྤོལ་སྐར་ཆེན་བཞི། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༧།༡༤
Mobile App

འདི་ལོའི་རྐང་སྤོལ་རྩེད་འགྲན་གྱི་གསེར་བུམ་བདག་པོ་དེ་སུ་ཡིན་ནམ།

༢༠༢༦/༠༧/༡༤
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་བོད་མིའི་སྙིང་སྟོབས་མཚོན་ཞེས་གསུངས། 

༢༠༢༦/༠༧/༡༣

མཆན། 6

  1. སྣང་གསལ། says:
    ལོ་ 13 སྔོན།

    ་རུལ་སུངས་ལ་དགའ་བའི་མི་ངན་ཀྲུའུ་ཁོ་ཕོར་ཏོ་ཞིག་རེད་འདུག་་་་ཡཡ་ད་ཁོ་ལ་ལས་འབྲས་འཁོར་ཚོད་ཡིན་་་་བྱུང་ན་རྒྱལ་སྤྱིའི་ཁྲིམས་ལ་སཀྱེལ་ཐུབས་ན་ཅི་མ་རུང་་་ཡིན་ཡང་་་དེ་འདྲ་ཡོང་བ་ཁག་ཙམ་རེད་ད་ལྟའི་གནས་བབས་ལ་་་་

    Reply
  2. ཕུན་ཚོགས་ཚེ་རིང་། says:
    ལོ་ 13 སྔོན།

    བོད་ཀྱི་དུས་བབ་ཚང་གི་གསར་འགྱུར་ལ་འགྱུར་བ་ཆེན་པོ་གཉིས་ཕྱིན་སོང་། གཅིག་དུས་བབ་ཚང་གི་གསར་འགྱུར་གྱི་ཁྱབ་ཁོངས་བརྒྱ་ཆེ་རུ་དང་དཔྱད་ཞིབ་ཀྱི་གཏོང་ཇེ་ཟབ་ཏུ་ཕྱིན་སོང་། འགྱུར་བ་གཉིས་པ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་རུལ་སུངས་དང་ཐལ་ཆེ་འཐུས་ཤོར་གྱི་གནས་ཚུལ་རིགས་སྔོག་འདོན་དང་འཛེམ་སོན་སྤངས་ཏེ་ཁྱབ་བསྒྲགས་བྱེད་ཤུགས་ཆེ་རུ་འགྲོ་སོང་། རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་ལགས་ཀྱི་བསམ་བློ་དང་འཆར་འགོད་ལ་བསྔགས་བརྗོད་ཡོད། སྔོན་མ་རྡ་རམ་ས་ལའི་ལས་འགུལ་ཁག་དང་སློབ་གྲྭ་དང་ཚོགས་པ་དེ་ཚོའི་མཛད་སྒོའི་སྐོར་ཙམ་ཡིན་ཡང་ད་ལྟ་གནས་ཚུལ་མཁོ་སྒྲུབ་དང་ནང་དོན་སྔོག་འདོན་གཉིས་ཐད་ནས་ཡར་རྒྱས་ཆེན་པོ་འགྲོ་བཞིན་པར་ང་རང་ཀློག་པ་པོ་ཞིག་གི་ངོས་ནས་གང་ཐུབ་ཀྱི་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་ཡོད། མུ་མཐུད་ནས་ཤུགས་བསྐྱོན་གནང་རོགས།

    Reply
  3. འབྲོག་ཕྲུག་བྷེ་ལོ། says:
    ལོ་ 13 སྔོན།

    ཞི་ཅིང་ཕིང་གིས་ར་གསོད་ལུག་འདར་དང་། སྟག་གསོད་སྦྲང་འཛིན་གྱིས་རྒྱ་ནག་རྒྱལ་ཡོངས་དང་། དེ་བཞིན་ཏང་སྲིད་དམག་གསུམ་གྱི་ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་དང་འབྲེལ་བའི་གནད་དོན་ཐག་གཅོད་དང་ལས་འགུལ་ལ་མུ་མཐུད་ལྟ་ཞིབ་བྱ་འདོད་ཆེན་པོ་ཡོད་ལ། དེ་ལས་ཀྱང་གལ་བ་ཞིག་ལ་སྐབས་ ༡༨ པའི་ཀྲུའུ་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྐབས་ཀྱི་བཅོས་བསྒྱུར་དོན་ཚན་ ༦༠ གི་གནད་དོན་ལ་དེ་བས་ཀྱང་རྟོག་ཞིབ་བྱ་འདོད་ཆེན་པོ་ཡོད་པ་ནི་ངོ་མ་སྐོམ་པ་ཆུ་འདོད་ཀྱི་དཔེ་དང་ཡོངས་སུ་མཚུངས།
    བོད་ཀྱི་དུས་བབ་ཚང་གིས་དེང་སང་རྒྱ་ནག་ཕྱོགས་ཀྱི་གནས་བབ་དང་འགྱུར་ལྡོག་གི་སྐོར་ལ་སྔར་ལྷག་དོ་སྣང་དང་ཐུགས་འཁུར་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་དང་ཆབས་ཅིག་ཏུ། ད་དུང་སྔར་ལྷག་གི་འབད་བརྩོན་བརྒྱུད་རྒྱ་ནག་གི་ཆབ་དཔལ་རིག་གསུམ་དང་། ཏང་སྲིད་དམག་གསུམ་གྱི་མངོན་ལྐོག་གི་གལ་ཆེའི་གནས་ཚུལ་དང་འགྱུར་ལྡོག་རྣམས་དུས་ཐོག་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་འབུལ་ཐུབ་ཚེ། དེ་ནི་བོད་དོན་འཐབ་རྩོད་ཀྱི་ལས་རིམ་ཁྲོད་དུ་ཤིན་ཏུ་གལ་གནད་ཆེ་ཞིང་དོན་སྙིང་ལྡན་པའི་བྱ་གཞག་ཅིག་ཡིན་པར་སེམས།

    Reply
  4. བློ་བཟང་། says:
    ལོ་ 13 སྔོན།

    གསར་འགྱུར་ཡག་པོ་སྤེལ་འདུག རྒྱ་ནག་དབུས་གཞུང་ནང་ཁུལ་གྱི་གནས་ཚུལ་རིགས་གང་ཐུབ་ཐུབ་ཀྱིས་སྔོག་འདོན་ཁྱབ་སྤེལ་བྱ་རྒྱུ་གལ་ཆེན་པོ་ཞེ་དྲག་རེད། གསར་འགྱུར་གང་ཞིག་ཡིན་ནའང་ཞིབ་ཚགས་མོས་བྲིས་ཏེ་ཁ་གསལ་བོ་བཟོས་པ་ཡིན་ན་ཧ་ཅང་ཀློག་སྤྲོ་བོ་འདུག བོད་ཀྱི་དུས་བབ་ཚང་གིས་མི་སྣ་གལ་ཆེན་ཁག་གི་གཏམ་བཤད་ག་ཚོད་རྒྱས་རྒྱས་ཡིག་ཐོག་ལ་ཕབ་སྟེ་སྤེལ་གནང་གི་ཡོད་པ་དེར་ང་རང་ལ་མཚོན་ནའང་དགའ་བོ་ཞེ་དྲག་ཡོད། ཆབ་སྲིད་མི་སྣ་གལ་ཆེན་ཙམ་མིན་པར་ཤེས་ཡོན་པ་དང་མི་སྣ་དམིགས་བསལ་ཅན་དག་གི་གཏམ་བཤད་དང་བཅར་འདྲི་སོགས་ཀྱང་ལུང་འདྲེན་ཙམ་མ་ཡིན་པར་ཞིབ་ཚགས་བཀོད་པ་ཡིན་ན་དེའི་ནང་གནས་ཚུལ་མང་པོ་ཞིག་གསལ་བོ་ཆགས་ཐུབ་པ་མ་ཟད་ཀློག་མཁན་ཚོར་བློ་བསྐྱེད་བསྟེར་ཐུབ་པའི་གནས་ཚུལ་ཡང་མང་དག་ཅིག་འདུག

    Reply
  5. བཀྲ་ཤིས་སྒྲོལ་མ། says:
    ལོ་ 13 སྔོན།

    གསར་འགོད་པ་པདྨ་མཚོ་ལགས་སུ་ཐུགས་རྗེ་ཆེ། དངོས་གནས་གསར་འགྱུར་ཚད་ལྡན་རྐྱང་སྤེལ་བཞིན་འདུག མུ་མཐུད་གསར་འགྱུར་ལས་རིགས་ལ་སློབ་སྦྱོང་ཤུགས་སྣོན་རྒྱག་རོགས།

    Reply
  6. རྣམ་རྒྱལ་ཚེ་རིང་། says:
    ལོ་ 13 སྔོན།

    གསར་འགྱུར་ཧ་ཅང་གི་ཡག་པོ་བྲིས་གནང་འདུག གསར་འགོད་པ་པདྨ་མཚོ་ལགས་ཐུགས་རྗེ་ཆེ། ང་ཚོར་འདི་ལྟ་བའི་གསར་འགྱུར་གལ་ཆེན་པོ་རེད། ནམ་རྒྱུན་རྡ་རམ་ས་ལའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དེ་ཚོའི་མར་མེ་ཁྲོམ་སྐོར་ཙམ་ལས་རྒྱ་ནག་དབུས་གཞུང་ནང་ལོགས་ཀྱི་གནས་ཚུལ་ཁག་ལ་དབྱེ་ཞིབ་བྱས་པའི་གསར་འགྱུར་རིགས་སྤེལ་རྒྱུ་གལ་ཆེན་པོ་རེད། ང་རང་གིས་ནམ་རྒྱུན་བོད་ཀྱི་དུས་བབ་ཚགས་ཤོག་ལ་ཁྱད་ཆོས་མ་འདྲ་བ་ཞིག་ཡོད་པ་ནི་གསར་འགྱུར་གང་ཞིག་བཀོད་ཀྱང་དེ་གནས་ཚུལ་ངོ་སྤྲོད་གནང་བ་ཙམ་མ་ཡིན་པར་དེ་ལ་རྒྱུ་ཆ་མང་པོ་བསྡུ་རུབ་བྱས་ཏེ་དབྱེ་ཞིབ་རང་བཞིན་གྱི་གསར་འགྱུར་ཞིབ་ཚགས་མོ་འབྲི་གནང་གི་ཡོད་པ་དེ་རེད། དེ་ནས་མི་སྣ་གལ་ཆེན་ཁག་གི་གཏམ་བཤད་གནང་བ་ཁག་ཇི་མ་ཇི་བཞིན་ཡིག་ཐོག་ལ་ཞིབ་ཚགས་མོས་འབྲི་སྤེལ་གནང་གི་ཡོད་པ་དེ་ཧ་ཅང་གལ་ཆེན་པོ་དང་ཕན་ཐོགས་ཆེན་པོ་ཞིག་ལ་མཐོང་གི་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese