མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉི་ཧོང་གིས་དམག་ཆས་འགྲོ་སོང་སྤར་ཆ་བྱས།

བོད་ཀྱི་དུས་བབ།
༢༠༡༣/༡༢/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཉི་ཧོང་གཞུང་གིས་རྒྱལ་སྲུང་བདེ་འཇགས་སྔོན་རྩིས་བརྒྱ་ཆ་ ༥ སྤར་ཆ་བཏང་སྟེ་དམག་ཆས་ཤུགས་ཆེ་རུ་གཏོང་འཆར་དེར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་ཤུགས་ཆེན་བྱས་འདུག

རྒྱལ་སྤྱིའི་གསར་ལམ་ཁག་ནང་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཚེས་ ༡༩ ཉིན་ཉི་ཧོང་སྲིད་བློན་ཤིང་ཛོ་ཨ་བྷེ་(Shinzo Abe)ལགས་ཀྱིས་ཉི་ཧོང་གི་དམག་དོན་འཕེལ་རྒྱས་གཏོང་ཐབས་ཐད། ལོ་ལྔ་ཅན་གྱི་གྲོས་ཆོད་ཞིག་གྲོས་ཚོགས་ནང་འཁྱེར་ཡོད་པ་དེར། ཁ་སང་གྲོས་ཚོགས་འཐུས་མི་ཚོས་བགྲོ་གླེང་བྱས་པ་བརྒྱུད་རྒྱབ་སྐྱོར་ཐོབ་ཡོད་འདུག

གྲོས་ཆོད་དེའི་ནང་ཉི་ཧོང་གི་རྒྱལ་དོན་བདེ་སྲུང་སྔོན་རྩིས་ལོ་སྔོན་མ་དག་ལས་བརྒྱ་ཆ་ ༥ སྤར་ཆ་བཏང་སྟེ། འབྱུང་འགྱུར་ལོ་ལྔའི་ནང་ཉི་ཧོང་གིས་ཤུགས་ཚད་ལྡན་པའི་མཁའ་དམག་འཕུར་མདེལ་ ༡༧ དང་། མཚོ་ཐོག་གཏོར་རྒོལ་མཚོན་ཁག་ ༢༢། དེ་བཞིན། འགོག་སྲུང་མ་ལག་གི་དམག་ཆས་འཕྲུལ་ཆས་ ༥༢ ཙམ་བཟོ་སྐྲུན་སོགས་དམག་འཐབ་འཕྲུལ་རིགས་རྐྱང་ཡིན་སྟབས། རྒྱ་ནག་གཞུང་གིས་དེ་ནི་ཉི་ཧོང་གིས་རྒྱ་ནག་ལ་ཁ་གཏད་པའི་དྲག་འཐབ་གྲ་སྒྲིག་ཅིག་ཡིན་སྐོར་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་འདུག

ཤིང་ཛོ་ཨ་བྷེ་ལགས་ཀྱིས་གནད་དོན་དེའི་སྐོར་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག ཉི་ཧོང་གཞུང་གིས་རྒྱལ་སྲུང་བདེ་འཇགས་དམག་དོན་སྲིད་ཇུས་དེ་འདྲ་འཛིན་དགོས་དོན་ནི། ཉེ་ཆར་རྒྱ་ནག་གཞུང་གིས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ལ་མཁའ་དབྱིངས་དབྱེ་མཚམས་ཐིག་ཚད་བཟོས་པ་དང་། རྒྱ་ནག་གི་མཁའ་དམག་དང་མཚོ་དམག་གཉིས་ཀྱིས་མཉམ་རུབ་ཐོག་ཉི་ཧོང་གི་སིན་ཁཱ་ཁུ་ ( Senkaku ) མཚོ་གླིང་ལ་གློ་བུར་འཇབ་རྒོལ་དང་བཙན་འཛུལ་བྱེད་ཀྱི་ཡོད་སྟབས། ལྷོ་ཤར་ཨེ་ཤ་ཡའི་བདེ་འཇགས་དང་ཡང་སྒོས་ཉི་ཧོང་གི་རྒྱལ་སྲུང་བདེ་འཇགས་ཐོག་གོ་མཚོན་འཕེལ་རྒྱས་གཏོང་རྒྱུའི་ཐབས་ཇུས་ཤིག་མི་འཛིན་ཐབས་མེད་བྱུང་། ཞེས་དང་། ང་ཚོའི་དམག་དོན་སྲིད་ཇུས་དེ་ཕྱི་གསལ་ནང་གསལ་ཞིག་ཡིན་སྟབས། མ་འོངས་པར་འཛམ་གླིང་ཞི་བདེ་དང་སྲུང་སྐྱོབ་བྱ་རྒྱུར་ནུས་པ་ལྡན་པའི་ཆ་ཤས་ལེན་ཐུབ་པ་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

འོན་ཀྱང་། རྒྱ་ནག་བདེ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་གྷེན་ཡང་ཤིན་(Geng Yansheng )གྱིས་ཤིན་ཧཱ་གསར་འགྱུར་ནང་། ཉི་ཧོང་སྲིད་བློན་ཤིང་གིས་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ལ་ཁ་གཡར་ཏེ་དམག་དོན་རྒྱ་སྐྱེད་བྱེད་ཀྱི་ཡོད་ཚུལ་དང་། ཐེངས་འདིའི་ཉི་ཧོང་གི་ལས་གཞི་དེས་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་ཡོད་པ་མ་ཟད། ལས་གཞི་དེ་ལ་བརྟེན་ཏེ་ཨེ་ཤ་ཡའི་རྒྱལ་ཁབ་ཁག་འབྲེལ་ལམ་ལ་དོ་ཕོག་འགྲོ་སྲིད་སྐོར་སོགས་བརྗོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས་བརྗོད་པ་ལྟར་ན། ད་ལྟ་རྒྱ་ནག་དང་ཉི་ཧོང་གི་འབྲེལ་ལམ་དེ་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་ཡི་ཡོད་སྟབས། ཨ་རི་གཙོས་རྒྱལ་ཁབ་ཁག་གིས་དོ་སྣང་བྱེད་བཞིན་ཡོད་སྐོར་དང་། དེ་བཞིན། འཛམ་གླིང་སྟེང་གི་དཔལ་འབྱོར་སྟོབས་ཤུགས་ཆེ་ཤོས་གཉིས་པ་དང་གསུམ་པ་ཡིན་པའི་ཨེ་ཤ་ཡའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་དེ། ཞི་བདེ་རྒྱ་མཚོའི་མཚོ་གླིང་ཐོག་རྒྱ་ནག་གཞུང་གིས་མཚོ་གླིང་དབྱེ་མཚམས་ཐིག་ཚད་བཟོས་པར་བརྟེན་ནས་བྱུང་བ་ཞིག་ཡིན་སྐོར་བརྗོད་འདུག

ཉི་ཧོང་རྒྱལ་སྲུང་བདེ་འཇགས་སྐོར་གྱི་ཆེད་མཁས་པ་ཎ་རོ་ཤི་གྷི་མི་ཇི་ཤི་ཌ་ལགས་ཀྱིས། ང་ཚོས་རྒྱལ་ཁབ་གཞན་གྱི་དམག་དོན་སྲིད་ཇུས་ལ་ཐེ་བྱུས་མ་བྱས་པར་རང་སོར་བསྡད་པ་ཡིན་ན་གནས་བཟོད་བདེ་པོ་ཡོད་ཀྱང་། རྒྱ་ནག་གི་སྟོབས་ཤུགས་ཉིན་རེ་བཞིན་འཕེལ་རྒྱས་ཤུགས་ཆེན་འགྲོ་ཡི་ཡོད་པ་དང་། ལྷག་པར་དུ་ཨ་རིས་ཨེ་ཤ་ཡའི་ཁུལ་དུ་ལངས་ཕྱོགས་བརྟན་པོ་དང་། དེ་ཁུལ་རྒྱལ་ཁབ་ཁག་གི་བདེ་འཇགས་ལ་འགན་ཁུར་དེ་ཙམ་ལེགས་པོ་བྱེད་ཀྱི་མེད་སྟབས། ཉི་ཧོང་གི་ངོས་ནས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་སྲུང་སྐྱོབ་བྱ་རྒྱུར་ཆ་ཤས་ལེན་དགོས་སྐོར་བརྗོད་འདུག

ཀྲོག་ཁྱོག་ཏུ་རྟེན་གཞི་བྱས་པའི་སོ་ཧྥི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་འབྲེལ་ལམ་ཐོག་གི་མཁས་དབང་ཁོ་ཆི་ཎ་ཁ་ཎོ་ལགས་ཀྱིས། ཤིང་ཛོ་ཨ་བྷེ་ལགས་ཀྱིས་འདས་པའི་ཉི་ཧོང་གི་དམག་འཁྲུག་དོན་རྐྱེན་ཁག་ནང་མཉམ་ཞུགས་ཀྱིས་མི་གསོད་ཁྲག་སྦྱོར་ག་ཚོད་ཕྱིན་ཡོད་མེད་སྐོར་རྒྱུས་མངའ་ཙམ་ཡང་མ་བྱས་པར་དམག་དོན་སྲིད་ཇུས་དེ་འདྲ་ཞིག་བཟུང་བ་དེ་ནི་ཆེས་ནོར་འཁྲུལ་ཅན་ཞིག་ཡིན་ཚུལ་བརྗོད་འདུག

ད་ལྟ་ཉི་ཧོང་ནི་ཨ་རི་དང་རྒྱ་ནག་གཉིས་ཀྱི་འཕྲོས་དམག་དོན་ཐོག་འགྲོ་གྲོན་གཏོང་མཁན་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་ཨདྷ་གསུམ་པའི་གྲས་སུ་ཚུད་ཀྱི་ཡོད་པ་མ་ཟད། གོ་མཚོན་ལག་ཆ་མང་ཤོས་ཀྱི་རྒྱལ་ཁབ་ཞིག་ཀྱང་ཆགས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༦ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

ཆུ་ཚོད་ ༧ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༡
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese