མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སི་པན་གཞུང་དམངས་ལ་བསྐྱར་དུ་ར་སྤྲོད་ཅིག་བྱེད་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༤/༠༡/༢༢
Share on FacebookShare on TwitterShare on EmailShare on Whatsapp

ན་ནིང་སི་པན་རྒྱལ་ཡོངས་ཁྲིམས་ཁང་གིས་རྒྱ་ནག་གི་སྲིད་འཛིན་ཟུར་བ་དམར་ཤོག་ཚོགས་པའི་མགོ་ཁྲིད་ལྔ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་དང་མི་རིགས་རྩ་མེད་བཏང་བའི་ནག་ཉེས་འོག་འཛིན་བཟུང་བྱེད་དགོས་པའི་བཅད་ཁྲ་བཏང་ཡོད་པ་དང་། རྒྱ་གཞུང་གིས་སི་པན་གཞུང་ལ་གནོན་ཤུགས་སྤྲད་དེ་བཅད་ཁྲ་དེ་ཕྱིར་འཐེན་བྱེད་དགོས་སྐོར་བརྗོད་ཡོད་འདུག འདི་གའི་གསར་འགོད་པས་སི་པན་རྒྱལ་ཡོངས་ཁྲིམས་ཁང་ལ་དཔང་མི་བྱེད་མཁན་ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་གྲོ་ལགས་སུ། སི་པན་གྱི་རྒྱལ་ཡོངས་ཁྲིམས་ཁང་ལ་ཐོག་མའི་ཞུ་གཏུག་གི་བྱུང་རིམ་དང་།

    སི་པན་གཞུང་གིས་བཅད་ཁྲ་ཕྱིར་འཐེན་བྱེད་སྲིད་མིན་སྐོར་ལ་བཅར་འདྲི་ཞུས་ཏེ་ཁོང་གིས་ངོ་སྤྲོད་གནང་བ་ལྟར་ན། ༢༠༠༨ ལོའི་ཟླ་ ༥ ཚེས་ ༡༩ ཉིན། ད་ལྟའི་སི་པན་ནང་ཡོད་པའི་བོད་ཁང་གི་འགན་འཛིན་དང་ཡུ་རོབ་སྤྱི་འཐུས་དགེ་བཤེས་ཐུབ་བསྟན་དབང་ཆེན་ལགས། སི་པན་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཀྱིས་སི་པན་ཁྲིམས་ཁང་ལ་རྒྱ་ནག་གི་མགོ་ཁྲིད་ལྔ་མིང་འདོན་གྱིས་ཞུ་གཏུག་ཡི་གེ་དང་དཔང་རྟགས་ཡིག་ཆ་སོགས་སྤྲད་པ་ཁྲིམས་ཁང་གིས་ངོས་ལེན་བྱས་ཡོད་པ་དང་། དེར་དཔང་མི་བྱེད་མཁན་ཆབ་སྲིད་བཙོན་ཟུར་རྟ་ནག་འཇིགས་མེད་བཟང་པོ་ལགས་དང་དཔལ་ལྡན་རྒྱ་མཚོ་ལགས། ངག་དབང་གསང་གྲོལ་ལགས འཇམ་དཔལ་སྨོན་ལམ་ལགས། གྲྭ་བག་གྲོ་ཁོ་རང་བཅས་ཡིན་འདུག

    སྐབས་དེར་རྒྱ་གཞུང་གིས་སི་པན་གཞུང་ལ་གནོན་ཤུགས་སྤྲད་དེ་ཞུ་གཏུག་དེ་གནས་སྐབས་རིང་ཕྱིར་འགྱངས་བྱས་ཡོད་ཀྱང་། སྔ་ལོར་བསྐྱར་དུ་ཞུ་གཏུག་བྱེད་སྐབས་ཁྲིམས་ཁང་དེའི་ཁྲིམས་དཔོན་བཞི་ཙམ་གྱིས་དམིགས་འགན་བཞེས་ཏེ། རྒྱ་ནག་གི་མགོ་ཁྲིད་ལྔས་བོད་ནང་གི་བོད་མི་ཚོར་སྡུག་སྦྱོང་མནར་གཅོད་དང་དམར་གསོད་བཏང་པ། བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ། བོད་མི་རིགས་རྩ་མེད་གཏོང་བའི་སྲིད་བྱུས་སྤེལ་བ་བཅས་ཀྱི་དཔང་རྟགས་ཁུངས་བཙན་བྱུང་བའི་ངོས་འཛིན་ཐོག ༢༠༡༣ ལོའི་ཟླ་ ༡༡ ཚེས་ ༡༨ ཉིན་ཁྲིམས་ཁང་གིས་རྒྱ་ནག་གི་དཔོན་རིགས་ལྔ་སྟེ་སྲིད་འཛིན་ཟུར་པ་ཅང་ཙེ་མིན་དང་། ལི་ཕིན་(li peng)། ཆོད་ཧྲི་ (Qiao shi)། ཁྲིན་ཁོས་ཡོན་་(chen kuiyuan) ཕིན་པེ་ཡུན (Peng peiyun)་སོགས་འཛིན་བཟུང་བྱེད་དགོས་པའི་བཅད་ཁྲ་བཏང་ཡོད་པ་མ་ཟད། གལ་སྲིད། ཁོང་ཅག་སི་པན་རྒྱལ་ཡོངས་ཁྲིམས་ཁང་ངོས་ལེན་ཡོད་པའི་ཡུ་རོབ་རྒྱལ་ཁབ་གང་རུང་ནང་འབྱོར་ཚེ་འཛིན་བཟུང་བྱེད་དགོས་པའི་གསལ་བསྒྲགས་བྱས་ཡོད་འདུག དེ་བཞིན་སྲིད་འཛིན་ཟུར་བ་ཧོའི་ཅིན་ཐའོ་ལ་ཁྲིམས་བཤེར་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

    ཐེངས་འདིར་བོད་མི་ཚོས་སི་པན་ཁྲིམས་ཁང་ལ་ཞུ་གཏུག་བྱས་པའི་གྱོད་དོན་དེར་དམིགས་བསལ་ཐུགས་འགན་བཞེས་མཁན་ནི། སི་པན་ཁྲིམས་ཁང་གི་ཁྲིམས་དཔོན་གྲགས་ཆེན་སྐུ་ཞབས་གྷར་ཛོན་ (Baltasar Garzon)ཞུ་བ་དང་། ཁྲིམས་རྩོད་པ་སྐུ་ཞབས་མོ་རེ་ནོལ་ (Ismeal Moreno) དང་། སྐུ་ཞབས་པེ་ཌི་རའ་ཛི་ (Santiago Pedraz) སོགས་ཡིན་འདུག

    ཉེ་ལམ་རྒྱ་ནག་གིས་སི་པན་གཞུང་ལ་གནོན་ཤུགས་སྤྲད་དེ་བཅད་ཁྲ་དེ་ཕྱིར་འཐེན་བྱེད་དགོས་སྐོར་སོགས་བརྗོད་པར་བརྟེན། སི་པན་རྒྱལ་ཡོངས་ཁྲིམས་ཁང་ལ་ནག་ཉེས་ཞུ་གཏུག་བྱེད་པར་སི་པན་གྱི་མི་སེར་ལག་འཁྱེར་ཡོད་པ་ཙམ་མ་ཡིན་པར། སི་པན་ནང་ས་སྐྱེས་རྡོ་སྐྱེས་ཤིག་ཡིན་དགོས་པའི་གླེང་སློང་འབྱུང་བཞིན་ཡོད་པའི་ཐད། གྲྭ་བག་གྲོ་ལཊ་ཀྱིས། “རྒྱ་ནག་གི་མགོ་ཁྲིད་ལྔར་བཅད་ཁྲ་བཏང་རྗེས་རྒྱ་གཞུང་གིས་སི་པན་གཞུང་ལ་གནོན་ཤུཊ་ཆེན་པོ་སྤྲོད་བཞིན་ཡོད་སྟབས། སི་པན་སྲིད་བློན་གྱིས་ཁྲིམས་ཀྱི་གནད་དོན་དེ་འགྱུར་བ་གཏོང་དགོས་པའི་བསམ་ཚུལ་བརྗོད་ཡོད་ཀྱང་། སི་པན་ཕྱི་སྲིད་ལྷན་ཁང་གིས་དེ་ནི་ཁྲིམས་ཀྱི་གནད་དོན་ཞིག་ཡིན་སྟབས། ང་ཚོས་ཁྲིམས་ཁང་གི་ཐག་གཅོད་ལ་ཐེ་གཏོགས་བྱེད་ཐབས་མེད་ཅེས་གསལ་བཤད་གནང་འདུག ཟླ་སྔོན་མར་བོད་རང་སྐྱོང་ལྗོངས་ཀྱི་གོ་སྒྲིག་འོག་སྐུ་ཚབ་ཚོཊ་ཆུང་ཞིག་ཡུ་རོབ་ནང་གཟིཊ་སྐོར་གནང་སྐབས་ཀྱང་། བཅད་ཁྲ་དེ་ངེས་པར་དུ་ཕྱིར་འཐེན་བྱེད་དགོས་པ་དང་། གལ་སྲིད་ཕྱིར་འཐེན་མ་བྱས་ཚེ་རྒྱ་ནག་གིས་སི་པན་དང་ཚོང་འབྲེལ་ཁག་མཚམས་འཇོག་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག་ཟེར།

    གསར་འགོད་པས་རྒྱ་ནག་གི་གནོན་ཤུགས་ལ་བརྟེན་ཏེ་སི་པན་ཁྲིམས་ཁང་གི་བཅད་ཁྲ་དེ་ཕྱིར་འཐེན་བྱེད་སྲིད་མིན་དགོངས་ཚུལ་དྲིས་པར། ཁོང་གིས། ཁྲིམས་ཁང་གིས་ཐག་གཅོད་བྱས་ནས་བཅད་ཁྲ་ཡོངས་བསྒྲགས་བྱས་ཚར་བ་རེད། དེ་ཕྱིར་འཐེན་བྱེད་རྒྱུ་ཁག་པོ་རེད། གཞིར་རྩའི་སི་པན་རྒྱལ་ཡོངས་ཁྲིམས་ཁང་གི་རྩ་འཛིན་ལ་འགྱུར་བ་གཏོང་དགོས་པ་ཡིན་ན། སི་པན་གྲོས་ཚོགས་ནང་མང་མོས་སྤྱི་མོས་གང་རུང་འཐོབ་དགོས་སྟབས། སི་པན་དམངས་གཙོའི་གཞུང་རེད། དེ་ལས་སླ་བོའི་ཐོག་ནས་འགྱུར་བ་གཏོང་ཐུབ་ཡོད་པ་མ་རེད། དངོས་གནས་བྱས་ན་རྒྱ་ནག་གི་བྱེད་སྟངས་དེ་སི་པན་གྱི་ནང་སྲིད་ལ་ཐེ་བྱུས་བྱས་པ་ཞིག་ཆགས་ཡོད། རྒྱ་གཞུང་གིས་བོད་ནང་ལ་འཇིགས་སྐུལ་བྱེད་པ་ནང་བཞིན་སི་པན་ནང་འཇིགས་སྐུལ་བྱ་རྒྱུ་དཀའ་ལས་ཁག་པོ་རེད། ཅེས་བརྗོད་སོང་།

     གྲྭ་བག་གྲོ་ལགས་ཀྱིས་གནད་དོན་དེའི་ཐད་ཁོ་རང་སྒེར་ངོས་ནས་ལས་འགུལ་ཞིག་སྤེལ་འཆར་ཡོད་པའི་སྐོར་ངོ་སྤྲོད་གནང་དོན། ངས་ད་ལྟ་༼གདུག་རྩུབ་ཅན་གྱི་སྲིད་འཛིན།༽ཞེས་པའི་དེབ་ཅིག་འདོན་བཞིན་ཡོད། དེའི་ནང་སྲིད་འཛིན་ཟུར་བ་ཧུའུ་ཅིན་ཐའོ་དང་བོད་རང་ལྗོངས་ཀྱི་མགོ་ཁྲིད་ཟུར་བ་ཀྲང་ཆི་ལེ། ད་ལྟའི་མགོ་ཁྲིད་ཁྲིན་ཆོན་ཀོ་སོགས་ཀྱིས་བོད་ནང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་པའི་གནས་ཚུལ་ཕྱོགས་བསྒྲིགས་བྱས་ཡོད། ལྷག་པར་དུ་ ༡༩༨༨ དང་ ༡༩༨༩ ལོར་ཧུའུ་ཅིན་ཐའོ་ཡིས་ལྷ་སར་དྲག་གནོན་བྱས་པ་དང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་བཀྲོངས་པ་སོགས་བཀོད་ཡོད། དེབ་འདི་སི་པན་སྲིད་བློན་དང་གྲོས་ཚོགས་འཐུས་མི་རྣམ་པ། དེ་བཞིན་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་མི་མང་ཡོངས་ལ་ཕུལ་ནས་རྒྱབ་སྐྱོར་ཡོང་བ་དང་། རྒྱ་ནག་གི་མགོ་ཁྲིད་ཚོའི་ནག་ཉེས་བསྐྱར་དུ་ཐེར་འདོན་དང་སྦྲགས་ཁྲིམས་ཁང་གི་ཐག་གཅོད་དེ་འགྱུར་བ་མི་གཏོང་རྒྱུར་འབོད་སྐུལ་ཞུ་རྒྱུ་ཡིན” ཞེས་བརྗོད་བྱུང་། སི་པན་ཁྲིམས་བཟོ་ལྷན་ཚོགས་ཀྱིས་ ༡༩༨༥ ལོའི་ཟླ་ ༧ ཚེས་ ༡ ཉིན་སི་པན་རྒྱལ་ཡོངས་ཁྲིམས་ཁང་གིས་སི་པན་རྒྱལ་ཁོངས་དང་རྒྱལ་ཁོངས་མ་ཡིན་པའི་གང་ཟག་སུ་ཞིག་གིས་མི་རིཊ་རྩ་མེད་དང་འཇིཊ་སྐུལ། འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བ་སོགས་ཀྱི་གནས་ཚུལ་རིགས་ཐག་གཅོད་བྱེད་པའི་དབང་ཚད་སྤྲད་ཡོད་འདུག རྒྱལ་སྤྱིའི་ཡོངས་ཁྱབ་ཁྲིམས་གཞི་ངོས་ལེན་ཡོད་པའི་རྒྱལ་ཁབ་ཁག་ནི། ཁེ་ཎ་ཌ་དང་ཨོ་སི་ཊི་ལི་ཡ། བྷེལ་ཇམ། དབྱིན་ཡུལ། ཧྥ་རན་སི། འཇར་མན། ཨི་ཛི་རེལ། ཨར་ལན་ཌི། མ་ལི་ཤི་ཡ། ཧྥིན་ལན་ཌི་བཅས་ཡིན་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 5

  1. ཕུན་ཚོགས་ཆོས་རྒྱལ། says:
    ལོ་ 12 སྔོན།

    བོད་ནང་སྐུ་ཞོག་དེ་ཚོ་མདུན་ལ་ཐོན་ཏེ་བོད་དོན་ཐོག་རླབས་ཆེན་གྱི་བྱས་རྗེ་འཇོག་དང་བཞག་གནང་ཡོད། བཙན་བྱོལ་ནང་དུའང་སྐུ་ཞོག་དེ་ཚོས་བོད་དོན་ལ་འབུར་དུ་ཐོན་པའི་ཕྱག་ལས་རླབས་ཆེན་གནང་ཡོད། ངོ་མ་གཟན་གཤམ་དམར་པོ་དེ་རྒྱ་དར་དམར་པོའི་ཁ་གཏད་རེད།

    Reply
  2. བསྟན་འཛི་ཀླུ་སྒྲུབ། says:
    ལོ་ 12 སྔོན།

    བདེན་པ་བདེན་པ།

    Reply
  3. བསྟན་འཛི་ཀླུ་སྒྲུབ། says:
    ལོ་ 12 སྔོན།

    ད་རྒྱ་གཞུང་གིས་བཙན་ཤུགས་ཆེ་ཙམ་འདུག ཡིན་ན་ཡང་ནམ་ཞིག་བདེན་པ་རྒྱལ་ངེས་ཡིན་

    Reply
  4. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    ད་དྲང་བདེན་གྱི་ཚད་གཞི་དང་ཁེ་ཕན་གྱི་ཚད་གཞི་སྡུར་རྒྱུ་རེད། གང་ལྟར་བཅད་ཁྲ་དེ་ཙམ་ཞིག་བཏང་བ་ཙམ་གྱིས་ཡག་བྱུང་ཞུ་རྒྱུ་ལས་ཅང་མེད་དོ།

    Reply
  5. གངས་ལྡོམ། says:
    ལོ་ 12 སྔོན།

    གལ་སྲིད་གཏན་དགྲ་རྒྱ་ནག་ཚང་གིས་སི་པན་དང་ཚོང་གི་འབྲེལ་བ་མཚམས་འཇོག་བྱས་པ་ཡིན་ན། སི་པན་གཞུང་གིས་སི་པན་ཁྲིམས་ཁང་གི་བཅད་ཁྲ་དེ་ཕྱིར་འཐེན་བྱེད་སྲིད་པ་རེད། དེ་གཙོ་བོ་སི་པན་གྱི་དཔལ་འབྱོར་ཁེ་ཕན་ལ་རེག་ལས་པ་རེད་བསམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese